ཀྲུང་གོ་བོད་ཀྱི་དྲ་བ།

བདེ་ཆེན་ཁུལ་གྱི་དྲ་ཐོག་གི་རིག་རྩལ་འགྲེམས་སྟོན་གྱིས་གྲོང་མིའི་དུས་ཆེན་འཚོ་བ་ཕུན་སུམ་ཇེ་ཚོགས་སུ་བཏང་།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ལྷ་སྒྲོན་མཚོ་ཡིས་བསྒྱུར།   སྤེལ་དུས། : 2023-01-29
ཡིག་གཟུགས། :ཆུང་། འབྲིང་། ཆེ།

1.jpg

2.jpg

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། བདེ་ཆེན་ཁུལ་མི་དམངས་མང་ཚོགས་ཀྱི་དཔྱིད་གསར་དུས་ཆེན་སྐབས་ཀྱི་རིག་གནས་འཚོ་བ་ཕུན་སུམ་ཚོགས་སུ་བཏང་ནས། དགའ་སྤྲོ་ཞི་བདེ་ཡི་དུས་ཆེན་ཁོར་ཡུག་ཧུར་ཐག་གིས་བསྐྲུན་ཆེད། དཔྱིད་གསར་དུས་ཆེན་རིང་བདེ་ཆེན་ཁུལ་རིག་གནས་ཁང་གིས་དྲ་ཐོག་གི“གྲོང་ཚོའི་དགོང་ཚོགས”ཁྱིམ་ཚང་སོ་སོར་བསྐྱལ་བའི་དཔེ་སྟོན་འགྲེམས་སྟོན་བྱ་འགུལ་སྤེལ་བ་དང་། འཁྱུགས་དབྱངས་སྟེགས་བུ་དང་དུས་མཉམ་དུ་ཐང་ཆེན་ཞབས་བྲོའི་བརྙན་ཟློས་བཏང་བ་རེད། གཞན་ཡང་བདེ་ཆེན་རྫོང་གིས“ང་ཚོའི་ཀྲུང་གོའི་ཕུགས་འདུན——རིག་གནས་ཁྱིམ་ཚང་སོ་སོར་བསྐྱལ་བའི‘དཔྱིད་གསར་དུས་ཆེན་ལ་གླུ་དབྱངས་ལེན’ཞེས་པའི་དཔྱིད་གསར་དུས་ཆེན་རོལ་བའི་ཁྱབ་དར་རོལ་དབྱངས་ཚོགས་པའི”ཆེད་འཁྲབ་དགོང་ཚོགས་འཚོགས་པས་མང་ཚོགས་རྣམས་ལ་རོལ་དབྱངས་ཀྱི་དགའ་སྟོན་ཞིག་ལོངས་སུ་སྤྱོད་དུ་བཅུག རིགས་མི་འདྲ་བའི་དྲ་ཐོག་གི་རིག་རྩལ་འགྲེམས་སྟོན་གྱིས་གྲོང་མི་རྣམས་ལ་ཐུན་མོང་མ་ཡིན་པའི་མྱོང་ཚོར་བྱིན་པ་རེད། “སྔོན་ཆད་ཡུལ་དངོས་སུ་རིག་རྩལ་འགྲེམས་སྟོན་ལ་བལྟ་རུ་སོང་ན་ཡུལ་དངོས་ཀྱི་རྣམ་པ་སྔར་ལས་དགའ་དགའ་སྐྱིད་སྐྱིད་ཅིག་ཡིན་ལ། ད་ལྟ་ཁ་པར་བརྒྱུད་འཁྲབ་སྟོན་དང་རིག་རྩལ་ཐད་གཏོང་ལ་ལྟ་ཐུབ་པས། ཡུལ་དངོས་སུ་སོང་ནས་གྲལ་སྒྲིག་མི་དགོས་ལ། རང་གི་ཁྱིམ་དུ་རིག་རྩལ་འགྲེམས་སྟོན་སོགས་ལ་བལྟ་ཐུབ་པ་མ་ཟད། བརྙན་ཟློས་རིགས་རང་གིས་བདམས་ཆོག་པས་སྔར་ལས་སྟབས་བདེ་ཞིག་ཡིན”ཞེས་གྲོང་མི་ཆོས་འཛོམས་ཀྱིས་དེ་ལྟར་བཤད། །

རྩོམ་སྒྲིག་པ། : ལྷ་སྒྲོན་མཚོ།