ཀྲུང་གོ་བོད་ཀྱི་དྲ་བ།

འདབ་ཆགས་མཆིལ་པ་ཁྲི་ཕྲག་སེམས་ཀྱི་ཉི་ཟླའི་ནགས་ཕག་མཚོ་རུ་མངོན་པ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ལྷ་སྒྲོན་མཚོ་ཡིས་བསྒྱུར།   སྤེལ་དུས། : 2023-01-05
ཡིག་གཟུགས། :ཆུང་། འབྲིང་། ཆེ།

2.jpg

3.jpg

4.jpg

5.jpg

ནགས་ཕག་མཚོ་འདམ་རའི་མཆིལ་པའི་ཁྱུ་ཚོགས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། 2023ལོའི་ལུགས་གསར་གྱི་ལོ་གསར་རྗེས་སུ་འདབ་ཆགས་མཆིལ་པ་ཁྲི་ཕྲག་ལྷག་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་ནགས་ཕག་མཚོ་འདམ་ར་རུ་མངོན་པ་རེད། དེ་དག་གིས་མཉམ་དུ་ཁ་ཟས་འཚོལ་བ་དང་། ཡང་ན་འདམ་ར་རུ་ངལ་གསོ་བ། ཡང་ན་མཁའ་དབྱིངས་སུ་འཕུར་ལྡིང་བྱེད་བཞིན་ཡོད་པས་རྣམ་པ་རྔམ་བརྗིད་ལྡན་པ་ཞིག་རེད།

མཆིལ་པ་ནི་ཡན་ཆུའེ་འདབ་ཆགས་རིགས་སུ་གཏོགས་པ་དང་། དེ་ལ་ཐད་དཔྱང་གནས་སྤོར་གོམས་གཤིས་ལྡན་ལ། རྒྱུན་དུ་ཁེར་རྐྱང་དང་ཆ་ཆ་བྱས་ནས་འགུལ་སྐྱོད་བྱེད་བཞིན་ཡོད། དགུན་དུས་སུ་སྐབས་རེར་བཅུ་གྲངས་ལྷག་དང་ཡང་ན་བརྒྱ་ལྷག་ཁྱུ་དང་ཁྱུ་བྱས་ནས་འགུལ་སྐྱོད་བྱེད་པ་རེད། 2021ལོའི་ལོ་མཇུག་ཏུ་ཆེད་མཁས་མི་སྣས་དབྱེ་ཞིབ་བྱས་པ་ལྟར་ན། མཆིལ་པའི་ཁྱུ་ཚོགས་སེམས་ཀྱི་ཉི་ཟླའི་ནགས་ཕག་མཚོ་འདམ་ར་རུ་གཞི་ཁྱོན་ཆེ་བའི་ངང་མངོན་པ་ནི། གནམ་གཤིས་རྒྱུ་རྐྱེན་ཡོད་པ་ལས་གཞན། བྱ་ཁྱུ་ཡིས་གནས་དེར་ཁ་ཟས་འདང་ངེས་འཚོལ་ཐུབ་པས་ཡིན་ཞེས་བརྗོད། །

རྩོམ་སྒྲིག་པ། : ལྷ་སྒྲོན་མཚོ།