ཀྲུང་གོ་བོད་ཀྱི་དྲ་བ།

བདེ་ཆེན་ཁུལ་གྱིས་ཞོག་ཁོག་ཐོན་ལས་ལ་བརྟེན་ནས་མང་ཚོགས་ཕྱུག་འགྱུར་ཡོང་བ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ལྷ་སྒྲོན་མཚོ་ཡིས་བསྒྱུར།   སྤེལ་དུས། : 2022-11-16
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་བའི་ལོ་འགའི་རིང་། ཡུན་ནན་ཞིང་ཆེན་བདེ་ཆེན་ཁུལ་དུ་ཞོག་ཁོག་ཆེད་ལས་ཐོན་སྐྱེད་མཉམ་ལས་ཁང་དང་ཚོང་གཉེར་ཀུང་སི་རིམ་བཞིན་མང་དུ་ཕྱིན་ནས། མང་ཚོགས་སྔར་ལས་མང་པོས་མཐོ་སྒང་གི་ཁྱད་ལྡན་ཐོན་ལས་ལ་བརྟེན་ནས་ཕྱུག་འགྱུར་ལམ་བུ་རྒྱ་ཇེ་ཆེར་གྱུར་ཡོད།

ཤེས་གསལ་ལྟར་ན། ཉེ་བའི་ལོ་འགའི་རིང་། བདེ་ཆེན་ཁུལ་གྱིས་ཚན་ཞིབ་སའོ་ཡིས་གནས་གཞན་པའི་ཞོག་ཁོག་ཆེད་མཁས་མི་སྣ་དང་མཉམ་འབྲེལ་བྱས་པ་བརྒྱུད། གཅིག་བསྡུས་ངང་ཞོག་ཁོག་དུག་ཐར་མྱུར་གསོ་དང་། ཞོག་ཁོག་སོན་བཟང་དང་ཐོན་ཚད་མཐོ་ཞིང་སྤུས་ལེགས་འདེབས་འཛུགས་ལག་རྩལ་གྱི་ཚོད་ལྟའི་དཔེ་སྟོན་སྤེལ་ནས། སྤུས་ལེགས་ཞོག་ཁོག་རིགས་གསར་བ་ནང་འདྲེན་དང་བདམས་གསོ། མྱུར་གསོ། ལེགས་བསྒྱུར་བཅས་ཀྱི་གོམ་སྟབས་ཇེ་མགྱོགས་སུ་བཏང་། བདེ་ཆེན་ཚོད་ལྟ་ས་ཚིགས་ཀྱིས་མ་ལག་སྟེགས་བུ་བརྒྱུད། བདེ་ཆེན་ཁུལ་གྱི་རྫོང་གསུམ(གྲོང་ཁྱེར)གྱི་དཔེ་སྟོན་ཁུལ་དུ་ཀུང་ཀྲུའུ་དང་ཡུན་ནན་གྱི་ཞོག་ཁོག་ཨང6དང་། ཡུན་ནན་ཞོག་ཁོག་ཨང་201 ། མཉམ་ལས88 ། ཡུན་ནན་ཞོག་ཁོག་ཨང505 ། ཡུན་ནན་ཞོག་ཁོག་ཨང401 ། ཡུན་ནན་ཞོག་ཁོག་ཨང201 ། ལི་ཅང་ཞོག་ཁོག་ཨང6 ། ལི་ཅང་ཞོག་ཁོག་ཨང7 ། མཚོ་སྔོན་ཞོག་ཁོག་ཨང9བ་བཅས་ཀྱི་རིགས་གསར་བ་ཁྱབ་གདལ་དུ་བཏང་། གཞན་ཡང་ཞོག་ཁོག་རིགས་སྣ་ཚོགས་དང་རྒྱུ་ཆ300ལྷག་བསྡུ་ལེན་དང་སོན་སྤེལ། གསོག་ཉར་བཅས་བྱས་ནས་མུ་མཐུད་དུ་ཐོན་སྐྱེད་ཚོད་ལྟའི་དཔེ་སྟོན་དང་། མཐོ་སྒང་ཞོག་ཁོག་དུག་ཐར་སོན་སྤེལ་མ་ལག་ཐད་ཤུགས་བསྣན་ནས། ཞོག་ཁོག་དུག་ཐར་སོན་སྤེལ་འདེབས་འཛུགས་བྱས་པ་བརྒྱུད། བདེ་ཆེན་གྱི་ཞོག་ཁོག་ཐོན་ལས་འཕེལ་རྒྱས་ཐད་འདེབས་འཛུགས་ཐོན་ཁུངས་གསོག་འཇོག་བྱས་ཤིང་། ལོ་རེ་བཞིན་ཞོག་ཁོག་ཐོན་ལས་རིགས་མང་ཞིང་རྙོག་འཛིང་ཆེ་བ། ཐོན་ཚད་མི་མཐོ་བ། ནུས་ལྡན་རིགས་མེད་པ། ལས་སྣོན་ཆེད་སྤྱོད་རིགས་མེད་པའི་དཀའ་གནད་སེལ་ཏེ། བདེ་ཆེན་ཁུལ་དེ་ཞིང་ཆེན་ཡོངས་ཀྱི་གཙོ་གནད་སྤུས་ལེགས་ཞོག་ཁོག་འདེབས་འཛུགས་རྟེན་གཞི་རུ་འཛུགས་སྐྲུན་བྱེད་པར་འགན་སྲུང་མཁོ་འདོན་བྱས་ཡོད། 

བདེ་ཆེན་གྱི་ཞོག་ཁོག་འདེབས་འཛུགས་ཕྱོགས་ཀྱི་དམིགས་བསལ་རང་བྱུང་གནམ་གཤིས་དང་། ས་གཤིས་ཡུལ་བབ་སོགས་ཀྱི་ཆ་རྐྱེན་བཟང་བོར་འབྲེལ་ནས། བདེ་ཆེན་ཁུལ་གྱིས་སྤུས་ལེགས་ཞོག་ཁོག་རྟེན་གཞི་འཛུགས་སྐྲུན་བྱས་ཤིང་། སྤུས་ལེགས་ཞོག་ཁོག་རིགས་གསར་བའི་དཔེ་སྟོན་ཁྱབ་གདལ་བྱེད་ཤུགས་དང་། འཕྲུལ་ཆས་ཅན་གྱི་འདེབས་འཛུགས་དང་བརྔ་བསྡུ། སར་དམིགས་ནས་ཞིང་ལུད་འཇོག་པ། འགྱིག་ཤོག་འགེབས་པ་སོགས་ཞོག་ཁོག་ཐོན་སྐྱེད་ལག་རྩལ་གསར་བ་མུ་མཐུད་དུ་ཁྱབ་གདལ་བཏང་ནས་ཕྱོགས་ཡོངས་སུ་ཁྱབ་པར་བྱས། དེས་བདེ་ཆེན་ཞོག་ཁོག་སོན་བཟང་རྟེན་གཞིའི་ཤུགས་རྐྱེན་དང་ཁྱབ་ངོས་རྒྱ་ཆེར་བཏང་བ་མ་ཟད། ཞོག་ཁོག་འདེབས་འཛུགས་ཐོན་སྐྱེད་དང་དགུན་མགོའི་ཞོག་ཁོག་ཐོན་སྐྱེད་དེ་བདེ་ཆེན་ཞིང་བ་ཚོར་འབབ་འཕར་ཡོང་བའི་ཐོན་ལས་གསར་བ་ཞིག་ཏུ་གྱུར་ནས། བདེ་ཆེན་གྱི་མཐོ་སྒང་ཁྱད་ལྡན་དེང་རབས་ཞིང་ལས་ཐོན་ལས་ཅན་གྱི་འཕེལ་རྒྱས་ལ་སྐུལ་འདེད་ཀྱི་ནུས་པ་ཐོན་ཡོད། །

རྩོམ་སྒྲིག་པ། : ལྷ་སྒྲོན་མཚོ།