ཀྲུང་གོ་བོད་ཀྱི་དྲ་བ།

བདེ་ཆེན་གྱི་འགྲིམ་འགྲུལ་ལ་མངོན་གསལ་དོད་པའི་འཕེལ་རྒྱས་བྱུང་བ།

ཡོང་ཁུངས། : སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།     སྤེལ་དུས། : 2022-09-22
ཡིག་གཟུགས། :ཆུང་། འབྲིང་། ཆེ།

2.jpg

3.jpg

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཡུན་ནན་ཞིང་ཆེན་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་སྟག་མཆོང་གྲོང་རྡལ་དུ་ལམ་གསུམ་དང་ཟམ་པ་གཉིས། ཆུ་བོ་གཅིག་སྒྲོམ་གཞི་གཅིག་ཐོག་མཉམ་དུ་ཡོད་པའི་གཟུགས་བརྙན་ལས་ཉེ་བའི་ལོ་ཤས་རིང་བདེ་ཆེན་ཁུལ་གྱི་འགྲིམ་འགྲུལ་རྨང་གཞིའི་སྒྲིག་བཀོད་ཀྱི་འཕེལ་རྒྱས་དང་འགྱུར་ལྡོག་ཐད་ཀར་བདེན་དཔང་བྱས་ཡོད་པ་རེད།

པར་རིས་ཁྲོད་ཀྱི་ཆེས་འོག་གི་ལམ་ངོས་ནི་རྒྱལ་ལམ་214པའི་སེམས་ཀྱི་ཉི་ཟླ་ནས་སྟག་མཆོང་གྲོག་རོང་ལམ་དུམ་(རིམ་པ་གཉིས་པའི་གཞུང་ལམ་)ཡིན་པ་དང་གཙང་པོའི་ངོས་མཐོ་ལ་རིང་བའི་ཟམ་ཆེན་ནི་སེམས་ཀྱི་ཉི་ཟླ་ནས་ས་དམ་བར་གྱི་མྱུར་བགྲོད་གཞུང་ལམ་གྱི་སྟག་མཆོང་གྲོག་རོང་འབྲི་ཆུའི་ཟམ་ཆེན་ཆེན་མོ(མྱུར་བགྲོད་གཞུང་ལམ་)ཡིན་པ་དང་། གཙང་པོའི་ངོས་ཀྱི་ཟམ་ཆེན་སྔོན་པོ་ནི་ས་དམ་ནས་སེམས་ཀྱི་ཉི་ཟླའི་ལྕགས་ལམ་གྱི་འབྲི་ཆུའི་ཟམ་ཆེན(ལྕགས་ལམ)ཡིན་པ་རེད། 

བདེ་ཆེན་ཁུལ་གྱི་སྐམ་ལམ་འགྲིམ་འགྲུལ་ངོས་ནས་བརྗོད་ན་སྔོན་ཆད་ཤར་གཏོང་ཐུབ་པའི་ཆ་རྐྱེན་ཡག་ཤོས་ནི་རིམ་པ་གཉིས་པའི་གཞུང་ལམ་ཡིན་པ་རེད། 2020ལོའི་ཟླ་12པའི་ཚེས་31ཉིན་སེམས་ཀྱི་ཉི་ཟླ་ནས་ས་དམ་བར་གྱི་མྱུར་བགྲོད་གཞུང་ལམ་ཚོད་ལྟའི་གཉེར་སྐྱོང་བྱས་པ་དང་། 2021ལོའི་ཟླ9པའི་ཚེས་29ཉིན་སེམས་ཀྱི་ཉི་ཟླ་ནས་ས་དམ་བར་གྱི་མྱུར་བགྲོད་གཞུང་ལམ་གྱི་ལམ་ཐིག་ཧྲིལ་པོ་དངོས་སུ་གཉེར་སྐྱོང་བྱེད་འགོ་ཚུགས་པ་རེད། ཡུན་རིང་མ་འགོར་བར་ལྕགས་ལམ་ཡང་སེམས་ཀྱི་ཉི་ཟླ་ལ་ཤར་གཏོང་བྱེད་རྒྱུ་ཡིན་པ་རེད།

རིམ་པ་གཉིས་པའི་གཞུང་ལམ་ནས་མྱུར་བགྲོད་གཞུང་ལམ་བར་དང་དེ་ནས་ལྕགས་ལམ་ནི་བདེ་ཆེན་ས་མཐོའི་འགྲིམ་འགྲུལ་གྱི་འཕེལ་རྒྱས་དང་འགྱུར་ལྡོག་བདེན་དཔང་བྱས་ཡོད། །

རྩོམ་སྒྲིག་པ། : ལྷ་སྒྲོན་མཚོ།