ཀྲུང་གོ་བོད་ཀྱི་དྲ་བ།

བདེ་ཆེན་གྱིAརིམ་པའི་མཛེས་ལྗོངས་ཁུལ16སྒོ་འབྱེད་དེ་ཡུལ་སྐོར་སླར་གསོ་བྱས་པ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ལྷ་སྒྲོན་མཚོ་ཡིས་བསྒྱུར།   སྤེལ་དུས། : 2022-08-24
ཡིག་གཟུགས། :ཆུང་། འབྲིང་། ཆེ།

3.jpg

4.jpg

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། གསར་འགོད་པས་བདེ་ཆེན་ཁུལ་རིག་གནས་དང་ཡུལ་སྐོར་ཅུའུ་ནས་ཤེས་གསལ་ལྟར་ན།  ཟླ8པའི་ཚེས22ཉིན་ནས་བཟུང་བདེ་ཆེན་ཁུལ་གྱིAརིམ་པའི་མཛེས་ལྗོངས་ཁུལ16གོ་རིམ་ལྡན་པའི་ངང་སྒོ་ཕྱེས་ནས་ཡུལ་སྐོར་བ་བསུས་པ་རེད།

 མིག་སྔར། བདེ་ཆེན་ཁུལ་དུAརིམ་པའི་ཡུལ་སྐོར་ལྗོངས་ཁུལ་བསྡོམས་པས20ཡོད་པ་དང་། སྔོན་ཆད་སྒོ་བརྒྱབ་ཡོད་པའི་ཤར་ཁ་རི་བོའི་མཛེས་ལྗོངས་ཁུལ་དང་བྲག་དཀར་སྐྱེ་ཁམས་གྲོང་སྡེའི་མཛེས་ལྗོངས་ཁུལ།  རྒྱལ་ཐང་མོ་མཛེས་ལྗོངས་ཁུལ་དང་ད་ལྟ་གནས་སྐབས་ཀྱི་དོ་དམ་ཚོད་འཛིན་བྱས་ཡོད་པའི་སྨན་རི་གངས་རིའི་རྒྱལ་ཁབ་སྤྱི་གླིང་མཛེས་ལྗོངས་ཁུལ་བཅས་བཞི་ལས་གཞན་པའིAརིམ་པའི་མཛེས་ལྗོངས་ཁུལ16སྒོ་འབྱེད་སླར་གསོ་བྱས་པ་རེད།

ཤེས་གསལ་ལྟར་ན།  ཚེས22ཉིན་གྱི་སྔ་དྲོར།  བདེ་ཆེན་ཁུལ་རིག་གནས་དང་ཡུལ་སྐོར་ཅུའུ་ཡིས་སུམ་རྩེན་གླིང་སོགས་མཛེས་ལྗོངས་ཁུལ་དུ་རིམས་ནད་བཀག་སྡོམ་འབྲེལ་ཡོད་ལས་ཀའི་ཞིབ་བཤེར་དང་ལྟ་སྐུལ་བྱས་པ་མ་ཟད། མཛེས་ལྗོངས་ཁུལ་སོ་སོའི་ལས་བྱེད་མི་སྣ་ཁག་གཅིག་སྐོར་འཐེན་བྱས་ནས་མུ་མཐུད་དུ་སྣོལ་སྡེབ་ལྟ་སྐུལ་ལས་དོན་སྤེལ་བ་རེད། “ཞིབ་བཤེར་བྱས་པ་བརྒྱུད། མིག་སྔར། མཛེས་ལྗོངས་སོ་སོས་གཟབ་ནན་གྱིས་རིམས་ནད་བཀག་སྡོམ་བྱེད་ཐབས་ལག་བསྟར་བྱས་ནས། ཉིང་སྐྱུར་བརྟག་དཔྱད་ལ་ཞིབ་བཤེར་ནན་པོ་དང་། ཨང་རྟགས་གཉིས་ལ་ནན་གྱིས་ལྟ་བ་མ་ཟད། མཛེས་ལྗོངས་ཁུལ་དུ་དུག་སེལ་བྱས་ནས་འཐབ་ཕྱོགས་དང་པོའི་ལས་དོན་མི་སྣའི་ཉིང་སྐྱུར་བརྟག་དཔྱད་ཉིན་གཅིག་ལ་ཐེངས་གཅིག་བྱེད་པའི་རེ་བ་བཏོན་ཡོད་ལ། དེ་དང་ཆབས་ཅིག་གནས་བབ་གསར་བ་དང་གནས་ཚུལ་གསར་བ་དང་བསྟུན་ནས་འཕྲལ་བསྟུན་སྔོན་ཇུས་ལེགས་སྒྲིག་བྱེད་བཞིན་ཡོད། རྗེས་མར་ང་ཚོས་མུ་མཐུད་དུ་རིམས་ནད་བཀག་སྡོམ་གྱི་འབྲེལ་ཡོད་བླང་བྱ་ལྟར་ཡུལ་སྐོར་ལས་དོན་སྤེལ་རྒྱུན་ཡིན ”ཞེས་བདེ་ཆེན་ཁུལ་རིག་གནས་དང་ཡུལ་སྐོར་ཅུའུ་ཡི་ཅུའུ་ཀྲང་གཞོན་པ་ལི་ཝེ་ཡིས་དེ་ལྟར་བཤད།

བདེ་ཆེན་ཁུལ་རིག་གནས་དང་ཡུལ་སྐོར་ཅུའུ་ཡིས་མཛེས་ལྗོངས་ཁུལ་དུ་སླེབས་པའི་ཡུལ་སྐོར་བ་ཚོར། གཅིག་ནས་དུས་ཚོད24ཡི་ཉིང་སྐྱུར་བརྟག་དཔྱད་སྲིབ་གཤིས་ཀྱི་དཔང་ཡིག་འདོན་དགོས་པ་དང་།  གཉིས་ནས་ཡུན་ནན་བདེ་ཐང་ཨང་བཤེར། འགྲུལ་བཞུད་བྱང་བུ་སྟོན་དགོས་པ་མ་ཟད། ལུས་དྲོད་བརྟག་དཔྱད་ཡག་པོ་བྱེད་དགོས།  གསུམ་ནས་མཛེས་ལྗོངས་ཁུལ་སོ་སོའི་ལྟ་སྐོར་སྒྲིག་ལམ་བརྩི་སྲུང་བྱེད་དགོས་པ་དང་མི་སྒེར་གྱི་འགོག་སྲུང་ཡག་པོ་བྱས་ཏེ་ཁ་ཐུམ་བརྒྱབ་ནས་ལྟ་སྐོར་བྱེད་དགོས་ཞེས་དྲན་སྐུལ་བྱས་པ་རེད། །

རྩོམ་སྒྲིག་པ། : ལྷ་སྒྲོན་མཚོ།