ཀྲུང་གོ་བོད་ཀྱི་དྲ་བ།

ལོ་བཅུའི་རིང་བདེ་ཆེན་དུ་མི་རེའི་ཆ་སྙོམས་སྔོན་དཔག་ཚེ་ཚད་ལོ65.58ནས་ལོ70.84བར་སླེབས་པ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ལྷ་སྒྲོན་མཚོ་ཡིས་བསྒྱུར།   སྤེལ་དུས། : 2022-08-09
ཡིག་གཟུགས། :ཆུང་། འབྲིང་། ཆེ།

3.jpg

ཚོགས་འདུའི་ཡུལ་དངོས།

4.jpg

བདེ་ཆེན་གྱི་རང་བྱུང་མཛེས་ལྗོངས།

5.jpg

མཛེས་སྡུག་ལྡན་པའི་བདེ་ཆེན་གྱི་གྲོང་ཚོ་ཞིག

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཚེས8ཉིན། “ཡུན་ནན་གྱི་ལོ་བཅུའི་རིང”ཞེས་པའི་གསར་འགྱུར་ཡོངས་བསྒྲགས་་རིམ་སྤེལ་ཚོགས་འདུའི་བདེ་ཆེན་གྱི་ཆེད་དོན་ཡོངས་བསྒྲགས་ཚོགས་འདུ་ཁུན་མིང་དུ་འཚོགས་ཤིང་། གསར་འགོད་པས་ཚོགས་འདུའི་ཐོག་ནས་ཤེས་གསལ་ལྟར་ན། ཉེ་བའི་ལོ་ཤས་རིང་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་གྱི་སྨན་བཅོས་ཞབས་ཞུའི་ནུས་པ་རྒྱུན་ཆད་མེད་པར་ཆེ་རུ་ཕྱིན་ནས་མི་རེའི་ཆ་སྙོམས་སྔོན་དཔག་ཚེ་ཚད2010ལོའི65.58ནས2020ལོའི་ལོ70.84བར་མཐོ་རུ་ཕྱིན་པ་རེད།

བདེ་ཆེན་ནི་ཀྲུང་གོའི་བོད་འབྲེལ་ལས་དོན་སྤེལ་བའི་གཙོ་གནད་ཞིང་ཆེན་བཞིའི་གྲས་ཤིག་ཡིན་པའི་ཡུན་ནན་ཞིང་ཆེན་གྱི་བོད་རིགས་རང་སྐྱོང་ཁུལ་ཁོ་ན་ཡིན་ལ། 2012ལོ་ནས2022ལོ་བར་བདེ་ཆེན་གྱི་དཔལ་འབྱོར་དམིགས་ཚད་གཙོ་བོ་མགྱོགས་མྱུར་ངང་འཕར་བ་རྒྱུན་འཁྱོངས་ཐུབ་ནས་ཀྲུང་གོའི་བོད་འབྲེལ་ཁུལ་བཅུ་ཡི་མདུན་གྲལ་དུ་སླེབས་ཡོད།

ཀྲུང་གུང་བདེ་ཆེན་ཁུལ་ཏང་ཨུའི་ཧྲུའུ་ཅི་ཝང་དབྱི་ཀྲི་ཡིས་ངོ་སྤྲོད་ལྟར་ན། བདེ་ཆེན་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར2012ལོའི་སྒོར་དུང་ཕྱུར113.63ནས2021ལོའི་སྒོར་དུང་ཕྱུར293.27བར་འཕར་ཞིང་། ལོ་རེར་ཆ་སྙོམས9.8%འཕར་ཏེ་འཕར་ཚད་རྒྱལ་ཡོངས་ཀྱི་བོད་འབྲེལ་ཁུལ་གྱི་ཨང་དང་པོར་སླེབས་པ་དང་། གྲོང་རྡལ་གྱི་རྒྱུན་སྡོད་སྡོད་དམངས་ཀྱི་མི་རེའི་ཆ་སྙོམས་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་ཁྲི2.81ནས་སྒོར་ཁྲི7.55བར་འཕར་ནས་རྒྱལ་ཡོངས་ཀྱི་བོད་འབྲེལ་ཁུལ་གྱི་ཨང་གཉིས་པར་སླེབས་ཡོད་ཟེར།

ཁོང་གིས“ང་ཚོས་ལོ་རྒྱུས་རང་བཞིན་གྱི་ཐོག་ནས་དབུལ་པོ་དབུལ་རྐྱང་སེལ་ཡོདལ། བདེ་ཆེན་གྱི་དབུལ་ཐར་འགག་སྒྲོལ་ཁྲོད་བསྡོམས་པས་དབུལ་སྐྱོར་མ་དངུལ་སྒོར་དུང་ཕྱུར145བསྡུ་སྒྲིལ་བྱས་ནས། དབུལ་སྐྱོར་རྣམ་གྲངས་ཁྲི1.2ལག་བསྟར་བྱས་པར་ཁུལ་ཡོངས་ཀྱི་མི་འབོར་དབུལ་པོ་ཁྲི7.41ཚང་མ་དབུལ་ཐར་བྱུང་བ་དང་། དབུལ་ཕོངས་རྫོང(གྲོང་ཁྱེར)གསུམ་དང་གྲོང་ཚོ་དབུལ་པོ147བཅས་དབུལ་ཐར་བྱུང་བས། ཁུལ་ཡོངས་དབུལ་ཐར་བྱུང་ནས། རིགས་སོ་སོའི་མང་ཚོགས་ཀྱིས་རྒྱལ་ཡོངས་དང་ཞིང་ཆེན་ཡོངས་དང་མཉམ་དུ་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སུ་བསྐྱོད་ནས་གངས་ལྗོངས་ས་མཐོར་འགྱུར་ལྡོག་ཆེན་པོ་བྱུང་ཡོད་ཅེས་ཟེར།

དབུལ་ཐར་ལས་འགན་ལེགས་འགྲུབ་ཟིན་རྗེས། བདེ་ཆེན་ཁུལ་གྱིས་ཁོངས་གཏོགས་ཀྱི་རྫོང(གྲོང་ཁྱེར)གསུམ་རྒྱལ་ཁབ་ཀྱི་གྲོང་གསེབ་དར་སྤེལ་གྱི་གཙོ་གནད་རོགས་སྐྱོར་རྫོང་དུ་ཚུད་པའི་གོ་སྐབས་དམ་འཛིན་བྱས་ཏེ། དབུལ་ཐར་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་སྐྱེད་གཏོང་བ་དེ་གྲོང་གསེབ་དར་སྤེལ་དང་སྦྲེལ་མཐུད་ནུས་ལྡན་བྱས་ནས། གྲོང་གསེབ་ཀྱི་གྲོང་མི་དང་དབུལ་ཐར་མི་འབོར་རྒྱུན་མཐུད་ངང་འབབ་འཕར་ཡོང་བར་མགྱོགས་མྱུར་ངང་སྐུལ་འདེད་བཏང་བས། 2021ལོ་ནས་བཟུང་དབུལ་པོ་བསྐྱར་ལོག་གི་ཉེན་ཁ་ཡོད་པའི་ཁྱིམ་ཚང1554ཡི་མི5474ཀྱི་ཉེན་ཁ་སེལ་བ་དང་། 2021ལོར་ཁུལ་ཡོངས་ཀྱི་གྲོང་གསེབ་ཀྱི་གྲོང་མི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར་ཁྲི1.13ཟིན་ནས། དབུལ་ཐར་མི་རེའི་ཆ་སྙོམས་ཁེ་གཙང་ཡོང་འབབ་སྒོར་ཁྲི1.55ལ་ཟིན་པ་བཅས་མངོན་འགྱུར་བྱུང་ཡོད།

འདས་ཟིན་པའི་ལོ་བཅུའི་ནང་བདེ་ཆེན་གྱིས་འགྲིམ་འགྲུལ་གཙོ་གནད་དུ་བཟུང་བའི་རྨང་གཞིའི་སྒྲིག་བཀོད་ཀྱི་ཞན་ཆ་གསབ་པ་དང་། ཁུལ་ཡོངས་སུ་རླངས་འཁོར་ཤར་གཏོང་ཐུབ་པའི་གཞུང་ལམ་གྱི་སྤྱིའི་ལམ་ཚད་སྤྱི་ལེ8689(2012ལོ་ལས་སྤྱི་ལེ3270མང་དུ་ཕྱིན་པ་དང་འཕར་ཚད60.4%ཟིན་པ)ཟིན་ནས་རྫོང་ཚང་མར་རིམ་པ་གཉིས་པའི་གཞུང་ལམ་ཤར་གཏོང་ཐུབ་པ་དང་། ཤང་ཚང་མར་སྣུམ་ལམ་ཤར་གཏོང་ཐུབ་ཞིང་། གྲོང་ཚོ་ཚང་མར་ཨར་འདམ་ལམ་བཏིང་ཡོད་པ་རེད།

འདས་ཟིན་པའི་ལོ་བཅུའི་ནང་། དམངས་འཚོའི་ཐད་ལ་བདེ་ཆེན་ཁུལ་གྱིས་ལོ་བཅོ་ལྔའི་རིན་མེད་སློབ་གསོའི་སྲིད་ཇུས་ཕྱོགས་ཡོངས་ནས་ལག་བསྟར་བྱས་ཏེ་སློབ་མ4350ལ་ཕན་ཐོགས་པ་དང་། སེམས་ཀྱི་ཉི་ཟླའི་མི་རིགས་ལས་རིགས་སློབ་གླིང་གི་གྲབས་འཛུགས་ལས་དོན་སྤེལ་ནས་བདེ་ཆེན་ཁུལ་གྱི་རང་བརྟེན་སློབ་གཉེར་གྱི་མཐོ་རིམ་སློབ་གསོར་ཚད་བརྒལ་བྱུང་ཡོད། གཞན་ཡང་སྨན་བཅོས་ཞབས་ཞུའི་ནུས་པ་རྒྱུན་ཆད་མེད་པར་ཆེ་རུ་ཕྱིན་ནས་མི་རེའི་ཆ་སྙོམས་སྔོན་དཔག་ཚེ་ཚད2010ལོའི་ལོ65.58ནས2020ལོའི་ལོ70.84བར་སླེབས་པ་དང་། སྦྲུམ་མ་དང་ཕྲུ་གུ་དམར་འབྱར་ཤི་ཚད2012ལོའི98.99/ཁྲི10དང་། 15.1‰ནས2021ལོའི68.14/ཁྲི10བར་དང་། 3.75‰བར་སོ་སོར་ཆག་ཡོད་པ་རེད། བདེ་ཆེན་ཁུལ་མི་དམངས་སྨན་ཁང་གིས་ཀ་པ་རིམ་པ་གསུམ་པའི་སྨན་ཁང་གྲུབ་འབྲས་ཐོབ་པའི་ངང་བཏོད་དེ་བདེ་ཆེན་དུ“ཀ་པ་རིམ་པ་གསུམ་པའི་སྨན་ཁང”མེད་པའི་ལོ་རྒྱུས་མཇུག་སྒྲིལ་བ་རེད། ། 

རྩོམ་སྒྲིག་པ། : ལྷ་སྒྲོན་མཚོ།