ཀྲུང་གོ་བོད་ཀྱི་དྲ་བ།

སེམས་ཀྱི་ཉི་ཟླ་གྲོང་ཁྱེར་གྱིས་ཁོར་ཡུག་སྦགས་བཙོག་འགོག་བཅོས་ཀྱི་འགག་སྒྲོལ་དམག་འཐབ་གྲུབ་འབྲས་སྲ་བརྟན་དུ་བཏང་བ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ལྷ་སྒྲོན་མཚོ་ཡིས་བསྒྱུར།   སྤེལ་དུས། : 2022-06-17
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ད་ལོའི་ཚུན་དུ། ཡུན་ནན་ཞིང་ཆེན་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་གྱིས་ཁོར་ཡུག་སྦགས་བཙོག་འགོག་བཅོས་ཀྱི་འགག་སྒྲོལ་དམག་འཐབ་རྒྱག་རྒྱུའི་གྲུབ་འབྲས་རྒྱུན་ཆད་མེད་པར་སྲ་བརྟན་དང་མཐོ་རུ་བཏང་ནས། སྐྱེ་ཁམས་སྔར་ལས་ལེགས་ཤིང་ཁོར་ཡུག་སྔར་ལས་ལེགས་པའི་སྒོ་ནས་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པ་རྒྱལ་ཁའི་ངང་འཚོག་པར་བསུ་བ་བྱ་རྒྱུ་རེད།

སེམས་ཀྱི་ཉི་ཟླ་གྲོང་ཁྱེར་གྱིས་བར་མཐོངས་བཀོད་སྒྲིག་ཚོད་འཛིན་དང་། སྦགས་བཙོག་དངོས་པོ་ཕྱིར་འབུད་དོ་དམ་ཚོད་འཛིན། ཁོར་ཡུག་གི་ཉེན་ཁ་སྔོན་འགོག་ཚོད་འཛིན། ཐོན་ཁུངས་བེད་སྤྱོད་ལས་ཕྱོད་བཅས་ཕྱོགས་བཞིའི་ཐད་གཞིར་བཟུང་། ཁོར་ཡུག་གི་སྤུས་ཚད་ཁྱོན་ཡོངས་ནས་ཇེ་ལེགས་སུ་གཏོང་རྒྱུ་ལྟེ་བར་བཟུང་ནས་རླུང་ཁམས་ཆེན་མོའི་སྦགས་བཙོག་འགོག་བཅོས་ལ་མུ་མཐུད་དུ་ཤུགས་སྣོན་རྒྱག་པ་དང་། ཆུ་ཁུངས་སྲུང་སྐྱོང་དང་བཙོག་ཆུ་བཅོས་སྒྲིག་བྱེད་ཤུགས་ཆེ་རུ་གཏོང་བ། ས་རྒྱུའི་སྦགས་བཙོག་འགོག་བཅོས་དང་སྲ་གཟུགས་ཟོག་རོའི་སྦགས་བཙོག་བཅོས་སྒྲིག་ཕྱོགས་ལ་འགན་ཁུར་དོན་འཁྱོལ་བྱེད་པར་སྐུལ་འདེད་བཏང་སྟེ། རྒྱུན་མཐུད་ངང“སྲུང་སྐྱོང་དམག་འཐབ་ཆེན་མོ་བཞི” བརྒྱབ་ནས་ས་རྒྱུ་དང་ཆུའི་ཁོར་ཡུག་གི་སྦགས་བཙོག་ཉེན་ཁ་ལ་ནུས་ལྡན་གྱིས་སྔོན་འགོག་དང་ཚོད་འཛིན་བྱས་པ་མ་ཟད། སྐྱེ་ཁམས་ཁོར་ཡུག་སླར་གསོ་དང་གུན་གསབ་སྤྲོད་འཇལ་གྱི་ལག་བསྟར་དང་ལྟ་སྐུལ་ལ་ཤུགས་བསྣན་པ་བརྒྱུད། རྒྱུན་མཐུད་ངང་ཆུའི་ཁོར་ཡུག་གི་སྤུས་ཚད་ལེགས་བཅོས་སུ་བཏང་ནས་གཅིག་བསྡུས་ཅན་གྱི་འཐུང་ཆུའི་ཆུ་མགོའི་ས་ཁུལ་ཚད་ལྡན་ཅན་དུ་འཛུགས་སྐྲུན་བྱེད་པར་ཤུགས་བསྣན་པ་རེད། གཞན་ཡང་། ཕྱོགས་ཡོངས་ནས་ཁོར་ཡུག་གི་མཁའ་རླུང་སྤུས་ཚད་ལ་ཤུགས་རྐྱེན་བཟོ་བའི་ཁོར་ཡུག་གི་གནད་དོན་མངོན་གསལ་རིགས་ལ་གྲལ་བཤེར་བྱས་ཏེ། རླུང་ཁམས་ཆེན་པོའི་ཁོར་ཡུག་གི་སྤུས་ཚད་བཟང་བའི་ཉིན་གྲངས་ཀྱི་བསྡུར་ཚད100%རྒྱུན་འཁྱོངས་བྱས་པ་དང་། སྐྱེ་དངོས་སྣ་མང་རང་བཞིན་སྲུང་སྐྱོང་ལ་ཤུགས་སྣོན་བརྒྱབ་སྟེ《ཡུན་ནན་ཞིང་ཆེན་གྱི་སྐྱེ་དངོས་སྣ་མང་རང་བཞིན་སྲུང་སྐྱོང་འཐབ་ཇུས་དང་བྱ་སྤྱོད་འཆར་གཞི(2010ལོ་ནས2030ལོ་བར)》དང《བདེ་ཆེན་ཁུལ་གྱི་སྐྱེ་དངོས་སྣ་མང་རང་བཞིན་སྲུང་སྐྱོང་གི་ལག་བསྟར་ཇུས་གཞི(2015ལོ་ནས2025ལོ་བར)》དོན་འཁྱོལ་ཡག་པོ་བྱས་པ་རེད།

སྐྱེ་ཁམས་དཔལ་ཡོན་དཔེ་སྟོན་གཏོད་པའི་ལས་དོན་ལ་སྐུལ་འདེད་ཤུགས་ཆེན་བཏང་། སེམས་ཀྱི་ཉི་ཟླ་གྲོང་ཁྱེར་གྱིས་ཞིང་ཆེན་རིམ་པའི་སྐྱེ་ཁམས་དཔལ་ཡོན་གྲོང་ཁྱེར་གཏོད་རྒྱུ་རྨང་གཞིར་བྱས་ཏེ། སྐྱེ་ཁམས་ཁོར་ཡུག་གི་དམིགས་ཚད་འགན་འཁྲིའི་མ་ལག་དང་ལམ་ལུགས་འཛུགས་སྐྱོང་ལ་སྔར་ལས་ཤུགས་སྣོན་བརྒྱབ་ནས“ལོ་ལྔའི་འཆར་གཞི་བཅུ་བཞི་པའི”རིང་རྒྱལ་ཁབ་ཀྱི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྱོང་གི་དཔེ་སྟོན་གྲོང་ཁྱེར་གྲུབ་འབྲས་ཐོབ་པའི་ངང་གཏོད་པར་བརྩོན་ལེན་བྱེད་བཞིན་ཡོད།

སེམས་ཀྱི་ཉི་ཟླ་གྲོང་ཁྱེར་གྱིས་རྒྱལ་ཡོངས་ཀྱི་སྦགས་བཙོག་འབྱུང་ཁུངས་ཡོངས་ཁྱབ་ཞིབ་བཤེར་དང་ཁོར་ཡུག་བསྡོམས་རྩིས་ལས་དོན་ཐེངས་གཉིས་པ་དང་ཟུང་འབྲེལ་གྱིས་ཁོངས་གཏོགས་བཟོ་ལས་འབྱུང་ཁུངས་དང་གཅིག་སྡུད་རྣམ་པའི་སྦགས་བཙོག་བཅོས་སྒྲིག་སྒྲིག་ཆས། ཞིང་ལས་ཁྱབ་ཡུལ། སྨན་བཅོས་ཀྱི་སྲ་གཟུགས་ཟོག་རོ་སོགས་ཉེན་ཁའི་འབྱུང་ཁུངས་ལ་ཕྱོགས་ཡོངས་ནས་བརྟག་དཔྱད་བྱས་ཏེ། གཙོ་གནད་ཐོག་སྐྱེ་ཁམས་ཁོར་ཡུག་གི་ཉེན་ཁའི་འབྱུང་ཁུངས་ཀྱི་ཁོར་ཡུག་གི་མངོན་མེད་རྐྱེན་ངན་ལ་གྲལ་བཤེར་བྱས་པ་དང་། སྐྱེ་ཁམས་ཁོར་ཡུག་གི་ཉེན་ཁ་ཐོན་མང་བའི་ས་ཁོངས་དང་ཚོར་སྣང་སྐྱེན་པའི་ལས་རིགས་ལ་མཐིལ་རྟོགས་ཡིག་ཚགས་དང་ཆ་འཕྲིན་གྱི་གཞི་གྲངས་མཛོད་བཙུགས་ཤིང་། སྐྱེ་ཁམས་ཁོར་ཡུག་གི་ཉེན་ཟོན་ལྟ་སྐུལ་དོ་དམ་གྱི་གཙོ་གནད་ལྟ་སྐུལ་དོ་དམ་སྡེ་ཚན་གྱི་གསལ་ཐོ་བཟོས་པ་མ་ཟད། དེ་དང་ཆབས་ཅིག་རྒྱུན་ལྡན་གྱི་ཁོར་ཡུག་ལྟ་ཞིབ་ཚད་ལེན་ལ་ཤུགས་སྣོན་བརྒྱབ་ནས་ཐོལ་བྱུང་ཁོར་ཡུག་དོན་རྐྱེན་ཐོན་སྲིད་པའི་གནད་དོན་གྱི་གསལ་ཐོ་བཟོས་ཤིང་། ཁོར་ཡུག་བདེ་འཇགས་ཀྱི་མངོན་མེད་རྐྱེན་ངན་དུས་ལྟར་གྲལ་བཤེར་དང་། ཁོར་ཡུག་གི་ཉེན་ཁར་ཚོད་སྐོར་བྱས་ནས“ཁེ་ལས་གཅིག་ལ་སྲིད་ཇུས་གཅིག”བཟོས་ནས་སྐྱེ་ཁམས་ཁོར་ཡུག་གི་མཐའ་ཚད་ནན་གྱིས་སྲུང་བ་རེད། ། 

རྩོམ་སྒྲིག་པ། : ལྷ་སྒྲོན་མཚོ།