ཀྲུང་གོ་བོད་ཀྱི་དྲ་བ།

སེམས་ཀྱི་ཉི་ཟླ་གྲོང་ཁྱེར་གྱིས་ལྗང་མདོག་སྐྱེ་ཁམས་ཀྱི་འགོག་སྲུང་འཛིང་རགས་བརྟན་སྲུང་བྱས་པ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ལྷ་སྒྲོན་མཚོ་ཡིས་བསྒྱུར།   སྤེལ་དུས། : 2022-06-15
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ད་ལོ་ནས་བཟུང་། ཡུན་ནན་ཞིང་ཆེན་བདེ་ཆེན་ཁུལ་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་གྱིས་ནགས་དཔོན་ལམ་ལུགས་ལ་ཕྱོགས་ཡོངས་ནས་སྐུལ་འདེད་བཏང་སྟེ། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཕྱོགས་ཡོངས་ནས་ལྗང་མདོག་རྣམ་པར་བསྒྱུར་བར་སྐུལ་འདེད་དང་ལྗང་མདོག་སྐྱེ་ཁམས་ཀྱི་འགོག་སྲུང་འཛིང་རགས་བརྟན་སྲུང་བྱས་པ་རེད།

སེམས་ཀྱི་ཉི་ཟླ་གྲོང་ཁྱེར་གྱིས་རིམ་པ་གསུམ་གྱི་ནགས་དཔོན་ལམ་ལུགས་ཁ་གསལ་བཟོས་ནས་འགན་འཁྲི་དོན་འཁྱོལ་བྱེད་ཤུགས་ཆེ་རུ་བཏང་ལ། རིམ་དབྱེའི་འགན་འཁུར་གྱི་རྩ་དོན་གཞིར་བཟུང་། གྲོང་ཁྱེར་དང་ཤང(གྲོང་རྡལ)གྲོང་ཚོ(སྡེ་ཁུལ)བཅས་རིམ་པ་གསུམ་གྱི་ནགས་དཔོན་མ་ལག་ཁྱོན་ཡོངས་ནས་བཙུགས་ཏེ། གྲོང་ཁྱེར་དང་ཤང(གྲོང་རྡལ)རིམ་པའི་སྤྱི་ཁྱབ་ནགས་དཔོན24དང་། གྲོང་ཁྱེར་དང་ཤང(གྲོང་རྡལ)རིམ་པའི་ནགས་དཔོན87 ། གྲོང་ཚོ(སྡེ་ཁུལ)རིམ་པའི་ནགས་དཔོན65བཅས་གཏན་འཁེལ་བྱས་པ་དང་ཆབས་ཅིག་གྲོང་ཁྱེར་དང་ཤང(གྲོང་རྡལ)རིམ་པའི་ནགས་ཚལ་སྤྱི་ཁྱབ་ཉེན་རྟོག་མགོ་དཔོན12དང་། ནགས་ཚལ་ཉེན་རྟོག་པའི་མགོ་དཔོན65དང་ནགས་རྩྭའི་ལག་རྩལ་ཁྲིད་སྟོན་པ219གཏན་འཁེལ་བྱས་པ་རེད། འབྱུང་རྩ་ནས་དྲ་རྒྱ་ཅན་གྱི་དོ་དམ་ལག་བསྟར་བྱས། “གྲོང་ཚོ་རེར་ཆེད་ལས་དོ་དམ་པ་རེ་དང་། དྲ་རྒྱའི་དོ་དམ་སྲུང་སྐྱོང་ཚན་པ་རེར་ཉུང་མཐར་ཡང་ནགས་སྲུང་པ་རེ་བཀོད་སྒྲིག་བྱེད་པའི”འབྱུང་རྩའི་དོ་དམ་བྱེད་སྟངས་ལག་བསྟར་ནན་པོ་བྱས་ཏེ། མིག་སྔའི་བར་གྲོང་ཚོ་རིམ་པའི་ཆེད་ལས་དོ་དམ་པ698དང་ནགས་སྲུང་པ676གཏན་འཁེལ་བྱས་ཡོད། ནགས་དཔོན་ལམ་ལུགས་ཀྱི་མ་ལག་ཚང་བའི་ལམ་ལུགས་གསར་འཛུགས་དང་འཐུས་ཚང་དུ་བཏང་། ནགས་དཔོན་ལམ་ལུགས་ཀྱི་ཚོགས་འདུའི་ལམ་ལུགས་དང་ནགས་དཔོན་ནགས་ཚལ་སྐོར་གཡེང་ལམ་ལུགས། ལས་དོན་ལྟ་ཞིབ་ལམ་ལུགས། ལས་ཀའི་ཆ་འཕྲིན་ལམ་ལུགས། མགོ་ཁྲིད་ཚོགས་ཆུང་གི་ཁོངས་མིའི་ཚན་པ་མཉམ་སྒྲུབ་ལམ་ལུགས་སོགས་ཀྱི་ལེ་ལག་ཚང་བའི་ལམ་ལུགས་དང་དཔྱད་ཞིབ་གདེང་འཇོག་དོ་དམ་བྱེད་ཐབས་འཐུས་ཚང་དུ་བཏང་ནས། སེམས་ཀྱི་ཉི་ཟླ་གྲོང་ཁྱེར་གྱི་ནགས་དཔོན་ལམ་ལུགས་ཀྱི་འཁོར་སྐྱོད་བརྒྱུད་རིམ་ཚད་ལྡན་དུ་བཏང་། གྲོང་ཁྱེར་རིམ་པའི་ནགས་དཔོན་གྱི་ནགས་ཚལ་སྐོར་ཞིབ་ལས་དོན་ཁྱོན་ཡོངས་ནས་སྤེལ། ཟླ5པའི་ཟླ་མཇུག་བར་དུ་གྲོང་ཁྱེར་དེའི་གྲོང་ཁྱེར་རིམ་པའི་སྤྱི་ཁྱབ་ནགས་དཔོན་གྱིས་ནགས་ཚལ་སྐོར་ཞིབ་ཐེངས2དང་། གྲོང་ཁྱེར་རིམ་པའི་ནགས་དཔོན་གྱིས་ནགས་ཚལ་སྐོར་ཞིབ་ཐེངས13དང་། ཤང(གྲོང་རྡལ)རིམ་པའི་ནགས་དཔོན་གྱིས་ནགས་ཚལ་སྐོར་ཞིབ་་བྱེད་ཐེངས207བཅས་བྱས་པ་རེད། །

རྩོམ་སྒྲིག་པ། : ལྷ་སྒྲོན་མཚོ།