ཀྲུང་གོ་བོད་ཀྱི་དྲ་བ།

པོ་ཏ་མཚོ་རྒྱལ་ཁབ་སྤྱི་གླིང་དུ་ཡུལ་སྐོར་བ་ཇེ་མང་དུ་ཕྱིན་པ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ལྷ་སྒྲོན་མཚོ་ཡིས་བསྒྱུར།   སྤེལ་དུས། : 2022-06-10
ཡིག་གཟུགས། :ཆུང་། འབྲིང་། ཆེ།

3.jpg

4.jpg

5.jpg

6.jpg

པར་འདི་དག་ནི་སྤྱི་གླིང་ནང་དུ་ཡུལ་སྐོར་བྱེད་བཞིན་པའི་མི་རྣམས་ཡིན།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། དབྱར་ཟླ་དྲུག་པའི་པོ་ཏ་མཚོ་རྒྱལ་ཁབ་སྤྱི་གླིང་ནང་དུ་མེ་ཏོག་སྣ་ཚོགས་རབ་ཏུ་བཞད་ཅིང་། ནགས་ཚལ་སྔོ་ལྗང་དུ་གྱུར་ཡོད་ལ་རྩྭ་ཆུ་རྒྱས་པས་ནོར་ཁྱུ་དང་ལུག་ཁྱུ་རྩྭ་ཐང་དུ་སོས་དལ་ངང་བརྒྱུད་པ་དེས་མཛེས་སྡུག་ལྡན་པའི་རི་མོ་ཞིག་གྲུབ་ཡོད། ཉེ་ཆར། པོ་ཏ་མཚོ་རྒྱལ་ཁབ་སྤྱི་གླིང་དུ་ཡུལ་སྐོར་བྱེད་མཁན་ཇེ་མང་དུ་ཕྱིན་ཡོད་ལ། ཁོ་ཚོས་རང་གི་ཡུལ་མི་དང་མཉམ་དུ་སྤྱི་གླིང་དུ་འཆམ་འཆམ་འགྲོ་བཞིན་པ་དང་། ལ་ལས་པར་བླངས་ནས་དྲན་རྟེན་འཇོག་བཞིན་ཡོད། པོ་ཏ་མཚོ་རྒྱལ་ཁབ་སྤྱི་གླིང་གི་ལས་དོན་མི་སྣས་ངོ་སྤྲོད་ལྟར་ན། ལྔ་བའི་ཚེས་ལྔའི་དུས་ཆེན་སླེབས་པ་ནས་བཟུང་སྤྱི་གླིང་ནང་གི་ཡུལ་སྐོར་བ་ཇེ་མང་དུ་ཕྱིན་ཏེ། ལོ་མགོའི་ཉིན་རེའི་ཆ་སྙོམས་མི་ཐེངས270ལྷག་སྣེ་ལེན་བྱས་པ་ནས་ད་ལྟ་ཉིན་རེར་མི་ཐེངས700ལྷག་སྣེ་ལེན་བྱས་པའི་ཚད་གཞིར་སླེབས་ཡོད་ཅེས་བརྗོད། །

རྩོམ་སྒྲིག་པ། : ལྷ་སྒྲོན་མཚོ།