ཀྲུང་གོ་བོད་ཀྱི་དྲ་བ།

གསང་བ་ལྐོག་གྱུར་གྱི་གནས་མཆོག་འབའ་ལྷ་དཀར་རྫོང་།

ཡོང་ཁུངས། : སེམས་ཀྱི་ཉི་ཟླ།     སྤེལ་དུས། : 2022-05-27
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཡུན་ནན་ཞིང་ཆེན་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་སེམས་ཀྱི་ཉི་ཟླའི་གྲོག་རོང་ཆེན་མོའི་མཐའ་སྣེ་ན་ལོ་ངོ1700ལྷག་གི་ལོ་རྒྱུས་ལྡན་པའི་ཡིད་འོང་ཞིང་ཁམས་ཤིག་གནས་ཡོད།  2007ལོའི་སྔོན་གྱི་ས་ཁྲར་བལྟས་ན་ཡུལ་འདི་འཚོལ་དུ་མི་ནུས་ཏེ།     ཡུལ་འདི་ནི་མཛེས་ཤིང་ལྟ་ན་སྡུག་པའི་འབའ་ལྷ་དཀར་རྫོང་ཞེས་བྱ་བ་དེ་ཡིན།    གལ་ཏེ་སེམས་ཀྱི་ཉི་ཟླ་ནི་གསང་བ་ལྐོག་གྱུར་གྱི་གནས་མཆོག་དེ་ཡིན་ན།    འབའ་ལྷ་དཀར་རྫོང་ནི་དེའི་ནང་གི་ཚོད་དཔག་བྱེད་དཀའ་བའི་ངག་རྒྱུན་རིང་མོ་དེ་ཡིན་ཞེས་བརྗོད་ཆོག  

རང་བྱུང་བྲག་རིའི་མཆོད་རྟེན།

ཡུལ་འདིའི་མཛེས་སྡུག་ནི་སྨྲ་བརྗོད་ཀྱི་ཡུལ་ལས་འགོངས་ཏེ།   འདི་ན་ལྷང་ལྷུང་འབབ་པའི་རྫ་ཆུ་དང་།   གཏིང་ཟབ་པའི་གྲོག་རོང་།   ལྷིང་འཇགས་ཀྱི་གྲོང་ཚོ།   གདོད་མའི་ནགས་ཚལ།   སྲིད་པའི་གངས་རི།   ཡངས་པའི་སྤང་ཐང་ཡོད་ཅིང་།    ལོ་ངོ་སྟོང་གི་གནའ་བོའི་སྲོལ་རྒྱུན་རིག་གནས་ཀྱི་སྲོག་རྩ་བརྟན་ཡོད།    ཁྱོད་ཀྱིས་གྲོག་རོང་གི་དོས་ལམ་ཐོག་ནས་མགོ་བོ་ཡར་ལ་བཀྱགས་ཏེ་སྔོ་བསངས་ནམ་མཁའི་མཛེས་ཉམས་ལ་བལྟས་ཆོག་ཅིང་།  ཡང་ཁྱོད་ཀྱིས་ཅི་ཡང་དྲན་ཆོག་ལ་ཅི་ཡང་མ་དྲན་པར་རང་ཉིད་ཀྱི་དབུགས་ལེན་སྟངས་ཁོ་ན་ལ་བསམ་གཞིགས་བཏང་ཆོག    གདོད་མའི་ནགས་ཀློང་ན་བྱ་བྱིའི་སྣ་ཚོགས་ཀྱི་སྐད་སྙན་སྒྲོག་ཅིང་ཡིད་ཀྱི་དང་བ་འདྲེན་པར་བྱེད།     རྫ་འདབས་ཀྱི་ཆུ་གཞུང་ནས་ཁྱོད་ཀྱིས་གོ་གྲུ་བཏང་སྟེ་རང་བྱུང་ཁམས་ཆེན་པོའི་ངོ་མཚར་བཀོད་པ་ལ་སྙིང་གི་འཕར་ལྡིང་དྲག་པའི་འགྲུལ་བཞུད་ཐེངས་ཤིག་བྱས་ཀྱང་མི་ཆོག་པ་ཅི་ཡང་མེད།   

ཡིད་དུ་འོང་བའི་འབའ་ལྷ་གྲོང་ཚོ།

གྲོག་རོང་ཆེན་མོའི་བརྗིད་ཉམས།

ལྷིང་འཇགས་ཀྱི་གྲོང་ཚོ་ནས་ན་གཞོན་བུ་མོ་ཞིག་གིས་རྫི་གླུ་སྙན་མོ་ཞིག་གི་རྒྱང་རིང་མཛའ་བོ་དྲན་པའི་ལེགས་སྐྱེས་སུ་ཕུལ་ཞིང་།    གཡང་ཁྱིམ་དྲོན་མོ་ནས་དུ་བ་དགུང་ལ་འཕྱུར་བའི་ཞོགས་པའི་སྣང་བརྙན་དེ་ཇི་འདྲའི་མཛེས་པ་ལ་ཨང་།    འདི་ན་ལྷག་བསམ་གྱི་བསུ་མ་ཡོད།   འདི་ན་བལྟས་མ་ཚར་བའི་མཛེས་ལྗོངས་ཡོད།  འདི་ན་སྦག་བཙོག་གིས་མ་བསླད་པའི་མཁའ་དབུགས་ཡོད།   འདི་ན་ཡིད་དུ་འོང་བའི་མེ་ཏོག་སྣ་བརྒྱའི་འཛུམ་མདངས་ཡོད།  

རྫ་རིའི་བར་གསེང་།

ཆུ་མོའི་གཞུང་ནས་གོ་གྲུ་གཏོང་བ།

རྩོམ་སྒྲིག་པ། : ཀླུ་འབུམ་ཚེ་རིང་།