ཀྲུང་གོ་བོད་ཀྱི་དྲ་བ།

སེམས་ཀྱི་ཉི་ཟླ་གྲོང་ཁྱེར་གྱིས་དབང་པོ་སྐྱོན་ཅན་གྱི་སློབ་གསོའི་ལས་ཞུགས་བྱ་བར་ནན་ཏན་གྱིས་སྐུལ་འདེད་བཏང་བ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཀླུ་འབུམ་ཚེ་རིང་གིས་བསྒྱུར།   སྤེལ་དུས། : 2022-05-13
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་བའི་ལོ་ཤས་རིང་། སེམས་ཀྱི་ཉི་ཟླ་གྲོང་ཁྱེར་གྱིས་ཁྲིམས་ལྟར་དབང་པོ་སྐྱོན་ཅན་གྱི་དཔང་ཡིག་ལེན་པའི་ལས་དོན་བསྒྲུབས་པ་དང་། གསོ་སྦྱོང་ལ་ཤུགས་སྣོན། རྩལ་ནུས་ཁོང་དུ་ཆུད་པ། ལས་ཞུགས་ལ་སྐུལ་འདེད་གཏོང་བ་བཅས་ཀྱི་དམིགས་འབེན་གཞིར་བཟུང་། དབང་པོ་སྐྱོན་ཅན་གྱི་སློབ་གསོའི་ལས་ཞུགས་བྱ་བར་ནན་ཏན་གྱིས་སྐུད་འདེད་བཏང་ནས། དབང་པོ་སྐྱོན་ཅན་གྱི་ཁེ་དབང་སྲུང་སྐྱོང་བྱེད་པར་ནུས་པ་ལྡན་པའི་འགན་ལེན་བྱས།

སེམས་ཀྱི་ཉི་ཟླ་གྲོང་ཁྱེར་གྱིས་རང་མོས་ཀྱིས་རེ་ཞུ་དང་ཁོངས་གཏོགས་དོ་དམ་གྱི་རྩ་དོན་མཐའ་འཁྱོངས་བྱས་ཏེ། ཁྲིམས་ལྟར་དབང་པོ་སྐྱོན་ཅན་གྱི་དཔང་ཡིག་ལེན་པའི་ལས་དོན་བསྒྲུབས། རང་བཤེར་མ་ལག་ནང་གི་ལས་དོན་མི་སྣ་དང་དེ་བཞིན་ནང་མིས་སྒྲིག་འགལ་ངང་ལག་ཁྱེར་སྤྲོད་པ་དང་། དག་ཐེར་མ་ལག་ཕྱིའི་རིགས་མི་མཐུན་པ་དང་། རིམ་པ་མི་མཐུན་པ། སྒྲིག་འགལ་ངང་དཔང་ཡིག་འཛིན་པ། ལྟ་ཞིབ་དཔྱད་བསྡུར་གཏན་འབེབས་སོགས་ཀྱི་གནད་དོན་དག་ཐེར་དང་ཡོ་བསྲང་བྱས་ཏེ། དབང་པོ་སྐྱོན་ཅན་གྱི་དཔང་ཡིག་དཔྱད་བསྡུར་གཏན་འབེབས་བྱས་པ་ཡང་དག་དང་། རིམ་པ་དང་སྒྲིག་སྲོལ་དང་མཐུན་པ། གོ་རིམ་ཁྲིམས་དང་མཐུན་པ། ཡིག་ཚགས་དང་དཔྱད་གཞིའི་ཡིག་རིགས་ཆ་ཚང་བ། དཔྱད་སྤྲོད་དོ་དམ་ཚད་ལྡན་བཅས་ཀྱི་སྤྱོད་ཚུལ་བཟང་བའི་དཔང་ཡིག་ལེན་པའི་ལས་དོན་སྒྲུབ་པའི་ཁོར་ཡུག་ཅིག་བསྐྲུན།

རབས་གསུམ་པའི་དཔང་པོ་སྐྱོན་ཅན་གྱི་དཔང་ཡིག་དཔྱད་སྤྲོད་ལས་དོན་རྒྱུན་མཐུད་ངང་སྤེལ་བ་དང་། དབང་པོ་སྐྱོན་ཅན་དཔང་ཡིག་ཞིང་ཆེན་བརྒལ་ནས་ལེན་པའི་ལས་སྒོ་གཉེར་བ་དང་། དེ་བཞིན་དུས་ལྟར་དཔང་ཡིག་ཡོད་པའི་དབང་པོ་སྐྱོན་ཅན་གྱི་གཞི་གྲངས་འགུལ་རྣམ་རིམ་སྤོར་བྱེད་པ། ཞིང་ཆེན་རིམ་པའི་ཡིག་ཆའི་གཏན་འབེབས་དོན་འཁྱོལ་དང་། གསར་དུ་དཔང་ཡིག་བླངས་པའི་ཚབས་ཆེའི་དབང་པོ་སྐྱོན་ཅན98ལ་དཔྱད་འདེམས་ཁ་གསབ་སྒོར་ཁྲི1.47སྤྲད་པས། དབང་པོ་སྐྱོན་ཅན་དབུལ་པོའི་དཔང་ཡིག་ལེན་པའི་ལས་དོན་སྒྲུབ་པར་དཔལ་འབྱོར་ལ་དཀའ་ངལ་ཡོད་པའི་གནད་དོན་ཐག་གཅོད་ཐུབ་པ་བྱས་ནས་དཔང་ཡིག་ལེན་པའི་ལས་དོན་སྒྲུབ་ཚད་མཐོ་རུ་ཕྱིན་ཡོད།

སློབ་གསོའི་སྡེ་ཁག་ལ་ཧུར་ཐག་གིས་གཞོགས་འདེགས་ཧུར་ཐག་བྱས་ཏེ། ཁྲིམས་ལྟར་སློབ་གྲྭར་འགྲོ་མཚམས་མི་ཆད་པ་བྱས་ནས་སློབ་གྲྭར་ཞུགས་ཚད་འགན་སྲུང་བྱེད་པའི་འགན་འཁྲི་ནན་ཏན་གྱིས་བསྒྲུབས་པ་དང་། དབང་པོ་སྐྱོན་ཅན་གྱི་སློབ་ལོ་རན་པའི་བྱིས་པ་སློབ་ཞུགས་བྱེད་པའི་དྲིལ་བསྒྲགས་སྐུལ་སློང་གི་ལས་དོན་སྤེལ་བ། འཛིན་གྲྭ་དང་མཉམ་དུ་སློབ་སྦྱོང་དང་། དམིགས་བསལ་སློབ་གྲྭ་ནས་སློབ་སྦྱོང་། ཁྱིམ་དུ་སོང་ནས་སློབ་ཁྲིད་བྱེད་པ་བཅས་ཀྱི་རྣམ་པ་གསུམ་ལ་བརྟེན་ནས་གྲོང་ཁྱེར་ཡོངས་ཀྱི་དབང་པོ་སྐྱོན་ཅན་གྱི་སློབ་ལོ་རན་པའི་བྱིས་པ163སྤྱིའི་ཆ་ནས་སློབ་གྲྭར་བསྐྱོད་ཐུབ་པ་བྱུང་བ་དང་། ཁྱིམ་དུ་སློབ་ཁྲིད་བྱེད་པའི་སློབ་མ32དང་། སློབ་ཆུང་དུ་སོང་ནས་སློབ་སྦྱོང་བྱེད་མཁན31། དམིགས་བསལ་སློབ་གྲྭར་སོང་ནས་སློབ་སྦྱོང་བྱེད་མཁན47(སེམས་ཀྱི་ཉི་ཟླའི་དམིགས་བསལ་སློབ་གྲྭར་སློབ་མ42དང་། ཏ་ལི་དམིགས་བསལ་སློབ་གྲྭར་སློབ་མ4། ལིས་ཅང་དམིགས་བསལ་སློབ་གྲྭར་སློབ་མབཅས་ཡོད)བཅས་ཡོད། 

མི་འདང་སར་ཁ་གསབ་དང་མཐའ་ཚད་ཚོད་འཛིན་མཐའ་འཁྱོངས་ཀྱིས་ལོ་བཅུ་བཞིའི་འོས་འགན་སློབ་གསོའི་གྲུབ་འབྲས་མུ་མཐུད་སྲ་བརྟན་དུ་བཏང་ནས། སློབ་གྲྭ་ཆེན་མོ་དང་འབྲིང་རིམ་ཆེད་ལས་སློབ་གྲྭར་འགྲོ་བའི་ཁྱིམ་ཚང་གི་དཔལ་འབྱོར་ལ་དཀའ་ངལ་ཡོད་པའི་དབང་པོ་སྐྱོན་ཅན་གྱི་སློབ་མ་བདེ་བླག་ངང་སློབ་གྲྭར་འགྲོ་བར་རོགས་རམ་དང་། དབང་པོ་སྐྱོན་ཅན་གྱི་སློབ་མ་དང་དེ་བཞིན་དབང་པོ་སྐྱོན་ཅན་གྱི་བུ་ཕྲུག་ལ115ལ་སྒོར་ཁྲི25.1གི་སློབ་ཡོན་རོགས་སྐྱོར་དངུལ་སྤྲད་པ་རེད། །

རྩོམ་སྒྲིག་པ། : ཀླུ་འབུམ་ཚེ་རིང་།