ཀྲུང་གོ་བོད་ཀྱི་དྲ་བ།

རྨ་བྱ་ལྗང་ཁུ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཀླུ་འབུམ་ཚེ་རིང་གིས་བསྒྱུར།   སྤེལ་དུས། : 2022-04-26
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཁུང་ལུང་ཆུ་བོའི་རང་བྱུང་སྲུང་སྐྱོང་ཁུལ་གྱི་རྨ་བྱ་ལྗང་ཁུ། 

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། རྨ་བྱ་ལྗང་ཁུ་ནི་ཀྲུང་གོའི་ས་གནས་ཀྱི་གདོད་སྐྱེས་རྨ་བྱའི་རིགས་དང་། རང་རྒྱལ་གྱི་རི་སྐྱེས་རྨ་བྱའི་ཁྲོད་ལུས་པོ་ཆེས་ཆེ་བའི་རིགས་ཤིག་ཀྱང་ཡིན། མིག་སྔར་ཡུན་ནན་ཞིང་ཆེན་གྱི་ས་ཆ་ཁོ་ནར་ཁྱབ་པ་དང་ཁྱུ་ཚོགས་ཀྱི་གྲངས་འབོར555ནས600ལས་མེད་ལ། དེ་ནི་རྒྱལ་ཁབ་ཀྱི་རིམ་པ་དང་པོའི་གཙོ་གནད་སྲུང་སྐྱོང་བྱ་ཡུལ་རི་སྐྱེས་སྲོག་ཆགས་དང་ཆེས་སྟོངས་ཉེའི་སྲོག་ཆགས་ཀྱི་ཁོངས་སུ་གཏོགས། 2021ལོའི་ལོ་མཇུག་བར། ཁྲུའུ་ཞུང་ཁུལ་དུ་རྨ་བྱ་ལྗང་ཁུའི་གྲངས་འབོར300ཡས་མས་ཡོད་པ་དང་། རྒྱལ་ཡོངས་ཀྱི་བསྡོམས་འབོར་གྱི50%ཟིན་ལ་ཉེ་བས། ཁྲུའུ་ཞུང་ཁུལ་འདི་ཉིད་རྒྱལ་ནང་གི་ཕྱི་རོལ་གྱི་རྨ་བྱ་ལྗང་ཁུའི་ཁྱུ་ཚོགས་གནས་ས་གཙོ་བོར་གྱུར་ཡོད།  །

ཁུང་ལུང་ཆུ་བོའི་རང་བྱུང་སྲུང་སྐྱོང་ཁུལ་གྱི་རྨ་བྱ་ལྗང་ཁུ། 

རྩོམ་སྒྲིག་པ། : ཀླུ་འབུམ་ཚེ་རིང་།