ཀྲུང་གོ་བོད་ཀྱི་དྲ་བ།

ཡུན་ནན་བདེ་ཆེན་ནས་བོན་གྱི་གནའ་དཔེ་ཁག་ཅིག་གསར་རྙེད་བྱུང་བ།

ཡོང་ཁུངས། : གཡུང་དྲུང་བོན་གྱི་རིག་གནས་སྐད་འཕྲིན་སྤྱི་སྟེགས     སྤེལ་དུས། : 2022-01-25
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་སྔོན། ཀྲུང་གོའི་བོད་ལྗོངས་མངའ་རིས་དང་ལྷ་སའི་ཞང་ཞུང་རིག་གནས་ཀྱི་རིག་གཞུང་བགྲོ་གླེང་ཚོགས་འདུ་སྐབས་གཉིས་པ་ལྷ་སར་འཚོགས་ཤིང་། པེ་ཅིན་དང་ཧྲང་ཧའེ་སོགས་རྒྱལ་ནང་གི་མཐོ་རིམ་སློབ་གླིང་དང་དེ་བཞིན་སྤྱི་ཚོགས་ལས་རིགས་ཁག་ནས་ཡོང་བའི་ཞང་ཞུང་རིག་གནས་ཞིབ་འཇུག་བྱེད་མཁན་གྱི་ཆེད་མཁས་པ60ལྷག་མཉམ་དུ་འཛོམས་ཏེ། ཞང་ཞུང་རིག་གནས་ལ་གྲོས་བསྡུར་དང་རིག་གཞུང་སྤེལ་རེས་བྱས་པ་མ་ཟད། ད་དུང་རྩ་ཆེའི་གནའ་བོའི་རིག་དངོས་ཉར་ཚགས་འགྲེམས་སྟོན་ལ་བལྟས་པ་རེད།

微信图片_20220125104845.jpg

ཚོགས་འདུའི་རིང་། ཚོགས་འདུའི་འགན་སྒྲུབ་ཕྱོགས་ཀྱིས་བོད་ལྗོངས་ཉིང་ཁྲི་བྲག་ཡིབ་ཆུས་ཉི་ཁྲི་ལྷ་ཁང་གིས་མཁོ་འདོན་བྱས་པའི་དཔེ་རྙིང་དང་རིག་དངོས་ཀྱི་ཚད་ལྡན་ཡིག་ཆ་ཉར་ཚགས་བྱས་ནས་བགྲོ་གླེང་ཚོགས་འདུའི་ཐོག་འགྲེམས་སྟོན་བྱས་ལ། འདིའི་ཁྲོད་ཀྱི་འགྲེམས་སྒྲོམ་གཅིག་ཏུ་དེ་སྔ་བདེ་ཆེན་དང་ས་དམ་སོགས་ཡུན་ནན་ནུབ་བྱང་ས་ཁུལ་དུ་ཁྱབ་པའི་བོད་ཡིག་གི་བོན་གྱི་གནའ་བོའི་ཚད་ལྡན་ཡིག་ཆ་ཁག་ཅིག་འགྲེམས་སྟོན་བྱས་ཡོད་པ་མཐོང་། ཡིག་ཆའི་ནང་དོན་ལ་གནམ་རིག་སྐར་རྩིས་དང་། བོད་ཀྱི་གསོ་རིག་དང་བོད་སྨན། དད་མོས་ཀྱི་ཆོ་ག རི་ཆུ་བསྟོད་པ། ཐོན་སྐྱེད་དང་འཚོ་བ་སོགས་སྣ་ཚོགས་འདུས། དཔྱད་གཞི་ཡིག་ཆ་དེ་དག་གིས་བདེ་ཆེན་གྱི་བོད་རིག་པའི་ཞིབ་འཇུག་ཐད་དཔྱད་གཞིའི་ཡིག་རིགས་གལ་ཆེན་གྱི་གཞི་འཛིན་ས་མཁོ་འདོན་བྱས་ཡོད་པ་རེད།

微信图片_20220125105214.jpg

བོད་ལྗོངས་ཉིང་ཁྲི་བྲག་ཡིབ་ཉི་ཁྲི་ལྷ་ཁང་གི་ཨ་གྲགས་རིན་པོ་ཆེ་ཡིས་ཚད་ལྡན་ཡིག་ཆ་དེ་ནི་ཁོང་གིས་ལོ་10ལྷག་གི་སྔོན་ལ་ས་དམ་དུ་བོན་དང་སྟོན་པའི་ཆོས་ལུགས་ལ་ཞིབ་འཇུག་བྱེད་མཁན་དབྱིན་ཇི་བ་ཞིག་གི་ལག་ནས་འཚོལ་བསྡུ་བྱས་པ་ཡིན་ལ། ད་བར་དུ་ཉི་ཁྲི་ལྷ་ཁང་གི་འགྲེམས་སྟོན་ཁང་ནང་ཉར་ཚགས་བྱས་ཡོད། ད་ཐེངས་ཞང་ཞུང་རིག་གནས་དཔྱད་གླེང་ཚོགས་འདུའི་ཐོག་འགྲེམས་སྟོན་བྱེད་ཐུབ་པ་བྱུང་བས་ཧ་ཅང་དགའ་པོ་བྱུང་ཡོད་ཞེས་གསུངས་པ་རེད།

微信图片_20220125104853.jpg

ལྷ་ཁང་འདི་ཉིད་བོད་ལྗོངས་ཉིང་ཁྲི་བྲག་ཡིབ་ཆུས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་དགོན་སྡེར་སྐྱོད་པའི་བྱེད་སྒོའི་དཔེ་སྟོན་ས་ཚིགས་གལ་ཆེན་ཞིག་ཡིན་པའི་ངོས་ནས་མི་རིགས་མཐུན་སྒྲིལ་རིམ་སྤེལ་འགྲེམས་ཁང་དང་། ཡིག་གཟུགས་ཁང་། དཔེ་མཛོད་ཁང་། ཉམས་ལེན་ཁང་། འགྲེམས་སྟོན་ཁང་སོགས་བཙུགས་ནས་མང་ཚོགས་ལ་དགོས་མཁོ་སྐོང་གང་ཐུབ་བྱས་ཡོད།

微信图片_20220125104858.jpg

ཨ་གྲགས་ནི1978ལོའི་ཟླ3པར་སི་ཁྲོན་ཞིང་ཆེན་རྔ་པ་ཁུལ་མཛོད་དགེ་རྫོང་ནས་སྐུ་འཁྲུངས་ཤིང། ད་ལྟ་བོད་ལྗོངས་ནང་བསྟན་སློབ་གླིང་གི་སློབ་སྟོན་ཁང་གི་ཡོངས་འཛིན་དང་། ཉིང་ཁྲི་གྲོང་ཁྱེར་ནང་བསྟན་མཐུན་ཚོགས་ཀྱི་ཚོགས་གཙོ་གཞོན་པ། ཉིང་ཁྲི་བྲག་ཡིབ་ཆུས་ཉི་ཁྲེ་ལྷ་ཁང་གི་དགོན་བདག་བཅས་ཀྱི་འགན་བཞེས་ཡོད།  །

རྩོམ་སྒྲིག་པ། : ཀླུ་འབུམ་ཚེ་རིང་།