ཀྲུང་གོ་བོད་ཀྱི་དྲ་བ།

ཡུན་ནན་ནོར་སྲིད་ཀྱིས་ཀྲུང་དབྱང་གི་རང་བྱུང་གནོད་འཚེའི་རྒུད་སྐྱོབ་མ་དངུལ་སྒོར་དུང་ཕྱུར25834རྩིས་སྤྲོད་བྱས།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : མཁའ་མཚོ་སྐྱིད་ཀྱིས་བསྒྱུར།   སྤེལ་དུས། : 2022-01-17
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ལམ། ཡུན་ནན་ནོར་སྲིད་ཀྱིས་ཀྲུང་དབྱང་གི་རང་བྱུང་གནོད་འཚེའི་རྒུད་སྐྱོབ་མ་དངུལ་སྒོར་དུང་ཕྱུར25834རྩིས་སྤྲོད་བྱས་ཏེ། ས་གནས་སོ་སོས་གནོད་ཐེབས་མང་ཚོགས་ཀྱི་དགུན་དཔྱིད་དུས་ཀྱི་འཚོ་བར་དཀའ་ཁག་ཡོད་པའི་རོགས་སྐྱོར་བྱ་བ་ལེགས་པོར་སྒྲུབ་པར་རྒྱབ་སྐྱོར་བྱ་རྒྱུ་རེད།

བླང་བྱ་ལྟར་ན། ས་གནས་སོ་སོས་ཆེད་དངུལ་ཆེད་སྤྱོད་ལ་ཁག་ཐེག་བྱས་ཏེ། གནོད་ཐེབས་མང་ཚོགས་ཀྱི་རང་སྐྱོབ་ནུས་ཤུགས་དང་རིགས་དབྱེའི་རོགས་སྐྱོབ་ལྟར། མ་དངུལ་ཆ་སྙོམས་སུ་བགོ་བའམ་སྔོན་འཇོག་བྱེད་མི་རུང་བ་དང་། འཚམས་འདྲིའི་དངུལ་གྱི་རྣམ་པས་རྩིས་སྤྲོད་བྱེད་མི་རུང་། མ་དངུལ་ཡོངས་རྫོགས་ཐད་གཏོང་ནང་རྐྱེན་དུ་བཅུག་ནས་གོ་རིམ་ཡོངས་རྫོགས་ལ་ལྟ་སྐུལ་ཚོད་འཛིན་བྱས་པ་བརྒྱུད། གཞི་གྲངས་ངོ་མ་ཡིན་པ་དང་རྩིས་ཐོ་གསལ་བ། རྒྱུག་ཕྱོགས་གསལ་བོ་ཡིན་དགོས་པས། རོགས་སྐྱོབ་མ་དངུལ་དུས་ཐོག་ཏུ་གནོད་ཐེབས་མང་ཚོགས་ཀྱི་ལག་ཏུ་འདང་ངེས་རྩིས་སྤྲོད་བྱེད་པར་ཁག་ཐེག་བྱས་ཏེ། གནོད་ཐེབས་མང་ཚོགས་ཀྱི་དྲོད་ཁོལ་ལྡན་པའི་སྒོ་ནས་དགུན་རོལ་བར་འགན་སྲུང་བྱ་རྒྱུ་རེད།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།