ཀྲུང་གོ་བོད་ཀྱི་དྲ་བ།

བདེ་ཆེན་རྫོང་གི་ཡུལ་སྐོར་ལས་རིགས་ཀྱི་སྤྱིའི་ཡོང་འབབ་སྒོར་དུང་ཕྱུར12.18ཟིན་པ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ལྷ་སྒྲོན་མཚོ་ཡིས་བསྒྱུར།   སྤེལ་དུས། : 2022-01-12
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། གསར་འགོད་པས་བདེ་ཆེན་རྫོང་རིག་གནས་དང་ཡུལ་སྐོར་ཅུའུ་ནས་ཤེས་གསལ་ལྟར་ན། 2021ལོའི་ཟླ1པོ་ནས་ཟླ11པའི་བར་བདེ་ཆེན་རྫོང་གིས་བསྡོམས་པས་ཡུལ་སྐོར་བ་མི་ཐེངས་ཁྲི132.59ལ་སྣེ་ལེན་བྱས་པ་དེས་ཡུལ་སྐོར་ལས་རིགས་ཀྱི་སྤྱིའི་ཡོང་འབབ་སྒོར་དུང་ཕྱུར12.18ཟིན་ཡོད།

2021ལོར་བདེ་ཆེན་རྫོང་རིག་གནས་དང་ཡུལ་སྐོར་ཅུའུ་ཡིས་གཅིག་གྱུར་ཇུས་འགོད་བྱས་པ་བརྒྱུད། རྫོང་དེ་ཡིས་པྲོག་གསར་གློ་ཚད་རིམས་ནད་ཀྱི་ཤུགས་རྐྱེན་ཧུར་ཐག་གིས་སེལ་ནས་ཡུལ་སྐོར་ལས་རིགས་བརྟན་བརླིང་ངང་འཕེལ་རྒྱས་འགྲོ་བར་སྐུལ་འདེད་བཏང་ཞིང་། ཡུལ་སྐོར་གྱི་དཔལ་འབྱོར་འཁོར་སྐྱོད་ལ་དབྱེ་ཞིབ་ཡག་པོ་བྱས་ཏེ་གོང་རིམ་ལས་ཁུངས་དང་རྫོང་ཨུ། རྫོང་སྲིད་གཞུང་གི་ཐབས་ཇུས་བཀོད་སྒྲིག་ལ་གཞི་འཛིན་ས་མཁོ་འདོན་བྱས།

ཚད་གཞི་མཐོ་བའི་སྒོ་ནས་རྫོང་ཁོངས་ཀྱི་ཡུལ་སྐོར་འཕེལ་རྒྱས་ཀྱི་འཆར་གཞི་བཀོད་དེ《ཡུན་ནན་ནུབ་རྒྱུད་ཀྱི་ཡུལ་སྐོར་ལམ་ཐིག་སྟེ་བདེ་ཆེན་ལམ་དུམ་གྱི་རྣམ་གྲངས་ཇུས་འགོད》དང《བདེ་ཆེན་རྫོང་གི་ཁོངས་ཡོངས་ཡུལ་སྐོར་འཆར་འགོད》《བདེ་ཆེན་རྫོང་གི“ལོ་ལྔའི་འཆར་གཞི་བཅུ་བཞི་པའི”རིག་གནས་ཡུལ་སྐོར་འཕེལ་རྒྱས་འཆར་འགོད》སོགས་འབྲེལ་ཡོད་ཆེད་དོན་འཆར་འགོད་འཐུས་ཚང་དུ་བཏང་།

2018ལོ་དང2019ལོར། 2020ལོ་བཅས་སུ་ལག་བསྟར་བྱས་པའི་གྲོང་གསེབ་ཀྱི་ཡུལ་སྐོར་ཐོན་ལས་རྣམ་གྲངས་དང་ཧོ་ལུང་ཟམ་པའི་གསར་བརྗེའི་ཡུལ་སྐོར་མཛེས་ལྗོངས་ཁུལ་གྱི་འཛུགས་སྐྲུན་རྣམ་གྲངས་ལ་རྣམ་གྲངས་ལས་གཞིའི་བསྡོམས་རྩིས་རྩིས་བཤེར་དང་མཇུག་སྒྲིལ་ཞིབ་བཤེར་རྩིས་ལེན། རྒྱུ་ཆ་ཚད་ལྡན་ངང་ལེགས་སྒྲིག་བཅས་ཀྱི་ལས་དོན་སྤེལ་ནས། རྒྱུན་མཐུད་ངང་སྨན་རི་གངས་རིའི་གྲོང་རྡལ་ཆུང་ངུ་འཛུགས་སྐྲུན་རྣམ་གྲངས་སོགས་ཀྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ལ་སྐུལ་འདེད་བཏང་ནས་མིག་སྔར་གཏན་འཇགས་རྒྱུ་ནོར་མཛོད་འཇུག་བྱེད་ཚད་སྒོར་དུང་ཕྱུར1.68ཟིན་ཡོད།

ཡུན་ནན་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་། བདེ་ཆེན་ཡུལ་དངོས་གཞུང་ལས་ཚོགས་འདུའི་དགོངས་དོན་དང་དེ་བཞིན་རྒྱལ་ཁབ་རིམ་པའི་ཁོངས་ཡོངས་ཡུལ་སྐོར་དཔེ་སྟོན་ཁུལ་གཏོད་པའི་དགོས་མཁོ་ལྟར། ཧུར་ཐག་གིས“སྨན་རི་གངས་རི་ལ་གཟིགས་པ”དང་། པད་མ་གངས་རིའི་རྒྱལ་ཁབ་སྤྱི་གླིང་གི་སྐྱེ་དངོས་སྣ་མང་རང་བཞིན་གྱི་ཚན་རིག་རྟོག་ཞིབ་སྒར་ས། བདེ་ཆེན་ནས་འབའ་ཐང་བར་གྱི་རྫོང་རིམ་པའི་ཡུལ་སྐོར་རྣམ་གྲངས་གསར་པ་སོགས་ཀྱི་གཙོ་གནད་རྣམ་གྲངས་འཆར་འགོད་བྱས་ནས། དུས་འགོའི་བརྟག་དཔྱད་དང་། ཇུས་འགོད་ཀྱི་ལས་དོན་སྤེལ་ཏེ་གོང་རིམ་ལ་མ་དངུལ་གྱི་རྒྱབ་སྐྱོར་བརྩོན་ལེན་བྱས་པ་རེད། །

རྩོམ་སྒྲིག་པ། : ལྷ་སྒྲོན་མཚོ།