བདེ་ཆེན་ཁུལ་གྱི་བོད་ཀྱི་གསོ་རིག་ཞབས་ཞུའི་རྣམ་གྲངས23སྨན་བཅོས་འགན་བཅོལ་གྱི་འགྲོ་གྲོན་རྩིས་ཞུའི་ཁྲོད་བཅུག་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། 2021ལོའི་ཟླ11པའི་ཚེས1ཉིན་ནས་བཟུང་ཡུན་ནན་ཞིང་ཆེན་བདེ་ཆེན་ཁུལ་གྱི་བོད་ལུགས་གསོ་རིག་ཞབས་ཞུའི་རྣམ་གྲངས་23སྨན་བཅོས་འགན་བཅོལ་གྱི་འགྲོ་གྲོན་རྩིས་ཞུའི་ནང་བཅུག་ཡོད།

《ཡུན་ནན་ཞིང་ཆེན་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་ཡུན་ནན་ཞིང་ཆེན་སྨན་བཅོས་འགན་སྲུང་ཅུའུ་ཡི་མི་རིགས་སྨན་བཅོས་ཞབས་ཞུའི་རིན་གོང་རྣམ་གྲངས་ཀྱི་ཨང་སྒྲིག་གསར་སྣོན་བྱ་རྒྱུའི་སྐོར་གྱི་བརྡ་ཐོ》ཡི་འབྲེལ་ཡོད་བླང་བྱ་བཞིན། བདེ་ཆེན་ཁུལ་སྨན་བཅོས་འགན་སྲུང་ཅུའུ་ཡིས་བདེ་ཆེན་ཁུལ་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་དང་མཉམ་འབྲེལ་བྱས་ནས། མིག་སྔར་བདེ་ཆེན་ཁུལ་གྱིས་འབྲེལ་ཡོད་བོད་ཀྱི་གསོ་བ་རིག་པའི་རྣམ་གྲངས་ཀྱི་སྨན་བཅོས་སྒྲིག་གཞིའི་མ་གནས་ཚོད་རྩིས་དང་རིན་གོང་ཐོ་འགོད་སྙན་སེང་གི་གཞི་རྩའི་གནས་ཚུལ་འཚོལ་བསྡུ་བྱས་པ་དང་། འབྲེལ་ཡོད་རྣམ་གྲངས་ཀྱི་གཞི་རྩའི་མི་ཤུགས་དང་སྒྲིག་ཆས་རྙིང་འགྱུར། རྒྱུ་ཆའི་མ་གནས་སོགས་ཀྱི་གནས་ཚུལ་ལ་བརྟག་ཞིབ་བྱས་པ། མི་རིགས་གསོ་རིག་རྣམ་གྲངས་ཀྱི་ཞབས་ཞུའི་ནང་དོན་དང་འདྲ་བའི་ཀྲུང་ལུགས་གསོ་རིག་རྣམ་གྲངས་ཀྱི་རིན་གོང་མཐོ་ཤོས་དང་དེ་བཞིན་ཉེ་འཁོར་གྱི་བོད་འབྲེལ་ས་ཁུལ་གྱི་མིག་སྔར་གཅིག་མཚུངས་ཀྱི་རྣམ་གྲངས་ཀྱི་རིན་གོང་ལག་བསྟར་བྱས་ཚུལ་དཔྱད་གཞིར་བྱས་པ། འབྲེལ་ཡོད་སྡེ་ཁག་དང་སྨན་བཅོས་ལས་ཁུངས་ཀྱི་བསམ་འཆར་དང་གྲོས་མགོ་རྒྱ་ཁྱབ་ཏུ་བསྡུ་ལེན་བྱས་ནས། བོད་ལུགས་གསོ་རིག་གི་རྣམ་གྲངས23གྱི་རིན་གོང་མཐོ་ཤོས་ཕྱོགས་བསྡུས་ཐོག་གཏན་འབེབས་བྱས་ཏེ། ལག་བསྟར་ཆ་རྐྱེན་འཛོམས་པའི་སྨན་བཅོས་ལས་ཁུངས་ལ་དཔྱད་གཞིར་བཟུང་ནས་ལག་བསྟར་བྱེད་དུ་བཅུག ། 

2021ལོའི་ཟླ11ཚེས1ཉིན་ནས་བཟུང་བདེ་ཆེན་ཁུལ་གྱིས་བོད་ལུགས་གསོ་རིག་ཞབས་ཞུའི་རྣམ་གྲངས23སྨན་བཅོས་འགན་བཅོལ་གྱི་འགྲོ་གྲོན་རྩིས་ཞུའི་ནང་འཇུག་རྒྱུ་དང་། རྣམ་གྲངས་དེའི་ནང་བོད་ལུགས་གསོ་རིག་གི་གཅིན་པར་དབྱེ་ཞིབ་དང་ཁྲག་ལ་དབྱེ་ཞིབ་བྱེད་པ་སོགས་འདུས་ཤིང་། ཞིང་ཆེན་རིམ་པའི་འབྲེལ་ཡོད་གཏན་འབེབས་གཞིར་བཟུང་ནས་རིན་གོང་གཏན་ཁེལ་བྱས་རྗེས་ཀྱི་བོད་ཀྱི་གསོ་བ་རིག་པའི་ཞབས་ཞུའི་རྣམ་གྲངས་དེ་གཞི་རྩའི་སྨན་བཅོས་འགན་བཅོལ་གྱི་གཏོང་སྤྲོད་ཁྱབ་ཁོངས་ནང་བཅུག་ནས་རྣམ་གྲངས་ཀ་པ་ལྟར་སྤྲོད་རྒྱུ་རེད། །

རྩོམ་སྒྲིག་པ། ལྷ་སྒྲོན་མཚོ།

དཔྱད་མཆན 0 ཡོད།