ནགས་ཕག་མཚོ་ས་གནས་གྲོང་མིའི་ཡུལ་སྐོར་གནས་མཆོག་ཏུ་གྱུར་ཡོད།

3.jpg

4.jpg

5.jpg

6.jpg

པར་འདི་དག་ནི་དགུན་དུས་ཀྱི་ནགས་ཕག་མཚོའི་མཛེས་ལྗོངས་རེད།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། གནམ་ལོ་གསར་ཚེས་ཀྱི་དུས་ཆེན་རིང་རིམས་ནད་ཀྱི་དབང་གིས་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་གྱི་གྲོང་མི་ཚོས་ཐག་ཉེ་ས་ནས་ཡུལ་སྐོར་བྱེད་བཞིན་ཡོད་པས། ནགས་ཕག་མཚོ་ནི་གྲོང་མིའི་ཡུལ་སྐོར་བྱ་ཡུལ་ཐོག་མ་རུ་གྱུར་ཡོད།

དགུན་དུས་ཀྱི་ནགས་ཕག་མཚོ་ཡི་མཛེས་ལྗོངས་ལྟ་ན་སྡུག་ཅིང་། ས་གཞི་ཡོངས་སུ་ཉི་འོད་འཕྲོས་པ། བོད་ལུགས་ཁང་པའི་ནང་དུ་བ་ལང་ལོང་དུ་འཕྱུར་བ། གནས་སྤོར་བའི་དུས་བྱ་རང་མོས་འཕུར་སྐྱོད་བྱེད་བཞིན་པ་བཅས་ཀྱི་རྣམ་པ་ནི་ས་གནས་ཀྱི་ཐུན་མོང་མ་ཡིན་པའི་མཛེས་ལྗོངས་ཤིག་ཏུ་གྲུབ། གཞན་ཡང་སྤྲིན་ཚོམ་མཉེན་ཞིང་མཚོ་ངོས་སུ་འཕྱུར་བའི་རི་བོའི་གྲིབ་གཟུགས་དེ་ནམ་མཁའ་དང་ཡོངས་སུ་འདྲེས་པ་རེད།

འཆམ་མཐུན་མཉམ་གནས་ཀྱི་རྣམ་པས་ཁེངས་པའི་དགུན་ཁའི་ནགས་ཕག་མཚོ་དང་། གནམ་སྔོན་པོ་དང་སྤྲིན་དཀར་པོ་འོག་ཏུ་ཁ་ཟས་རོལ་བཞིན་པའི་རྟ་ནོར་ལུག་གསུམ་བཅས་ཀྱིས་མི་རྣམས་ལ་བདེ་སྐྱིད་ཀྱི་ཚོར་སྣང་ཞིག་སྦྱིན་ཡོད། །

རྩོམ་སྒྲིག་པ། ལྷ་སྒྲོན་མཚོ།

དཔྱད་མཆན 0 ཡོད།