པདྨ་རི་བོའི་དྲིལ་བསྒྲགས་བརྙན་ཐུང་སྐྱེ་འགྲོའི་གསང་བ་ལ་བྱ་དགའ་ཐོབ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ12པའི་ཚེས27ཉིན། 2021ལོར་ཀྲུང་གོའི་བདག་ཏུ་མ་བཟུང་བའི་སྲོག་ཆགས་ཀྱི་བརྙན་ཕབ་ལོའི་འགྲན་བསྡུར་ནང་པད་མ་རི་བོའི་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་གྱི་དྲིལ་བསྒྲགས་བརྙན་ཐུང《སྐྱེ་འགྲོའི་གསང་བ》ཞེས་པར་དཔྱད་འདེམས་ཨུ་ལྷན་གྱི་བྱ་དགའ་ཆེན་པོ་དང་བརྙན་ཐུང་ཚོགས་ཆུང་གི་པར་ལེན་བྱ་དགའ་ཡག་ཤོས་ཐོབ་པ་རེད། 

《ཀྲུང་གོའི་རྒྱལ་ཁབ་ཀྱི་ས་ཁམས》ཞེས་པའི་དུས་དེབ་ཀྱིས་གངས་རིའི་རྩེ་མོར་ནས་ཆུ་རྒྱུན་རིང་མོའི་ཕྱོགས་སུ།ཡུན་ནན་གྱི་པད་མ་རི་བོའི་ངོ་མཚར་གྱི་བརྗིད་ཉམས་དེ་བརྙན་གཟུགས་ཁྲོད་རྣམ་པར་བཀོད་ཡོད་ལ། ཏན་སྤྲེའུ་སྤུ་སེར་གྱི་ངོ་མཚར་ཆེ་བའི་འཚོ་བ་དེ་ཟིན་ཐོར་བཀོད་ནས་མི་རྣམས་ཀྱི་མིག་ལམ་དུ་གང་ལེགས་ཀྱིས་མངོན་པར་བྱས་ཡོད། གནས་འདི་ནི་སྐྱེ་དངོས་ཀྱི་ཞིང་ཁམས་ཤིག་ཡིན་པ་མ་ཟད།མི་རིགས་མང་པོའི་མང་ཚོགས་ཀྱིས་རི་སྔོ་ཆུ་དྭངས་སྲུང་སྐྱོང་བྱེད་པའི་སེམས་བཟང་བཅངས་ཡོད་པ་མཚོན་འདུག《སྐྱེ་འགྲོའི་གསང་བ》ལ་དཔྱད་འདེམས་ཨུ་ལྷན་གྱི་བྱ་དགའ་ཆེན་པོ་ཐོབ་པ་ནི་དངོས་ནས་བརྗོད་མི་དགོས་པ་ཞིག་རེད་ཅེས་དཔྱད་བརྗོད་འགོད་ཡོད་པ་རེད།

COP15ཚོགས་ཆེན་འཚོགས་རིང་།པད་མ་རི་བོའི་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་གྱི་དྲིལ་བསྒྲགས་བརྙན་ཐུང《གངས་རིའི་སྤྲེའུ་ཆུང》ཞེས་པར་COP15གོ་ལ་ཧྲིལ་པོའི་བརྙན་ཐུང་བསྡུ་རུབ་འགྲན་བསྡུར་ཆེ་མོའི་ཁྲོད་ཆེས་དགའ་བསུ་ཐོབ་པའི་བྱ་དགའ་ཐོབ་པ་དང་། སྙིང་རྗེ་ཞིང་ཡིད་དུ་འོང་བའི་ཏན་སྤྲེའུ་སྤུ་སེར་ལ་འཛམ་གླིང་ཡོངས་ཀྱི་དོ་ཁུར་རྒྱ་ཁྱབ་ཐོབ་པ་མ་ཟད། བདེ་ཆེན་གྱི་སྐྱེ་དངོས་སྣ་མང་རང་བཞིན་སྲུང་སྐྱོང་གི་གཡུར་དུ་ཟ་བའི་གྲུབ་འབྲས་ཀྱང་གསོན་ཉམས་དོད་པོས་མངོན་ཡོད་པ་རེད།

ཤེས་རྟོགས་བྱུང་བར་གཞིགས་ན། ཡུན་ནན་གྱི་པད་མ་རི་བོའི་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་གྱི་སྤྱིའི་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ2821.06ཟིན་པ་དང་། ཆ་སྙོམས་རྒྱ་མཚོའི་ངོས་ལས་མཐོ་ཚད་སྨི4000ལྷག་ཙམ་ཡོད། གནས་འདི་རུ་ཏན་སྤྲེའུ་སྤུ་སེར་དང་གསའ་དང་།གཟིག་ནག ཁྲུང་ཁྲུང་ནག་པོ་སོགས་རྒྱལ་ཁབ་ཀྱི་རིམ་པ་དང་པོའི་སྲོག་ཆགས15དང་རྒྱལ་ཁབ་ཀྱི་རིམ་པ་གཉིས་པའི་སྲུང་སྐྱོང་སྲོག་ཆགས་རིགས36ཡོད་པ་མ་ཟད། ཡུན་ནན་གྱི་གསོམ་སྡོང་དང་། ཡུས་ལུང་བུར་ཤིང་། ལོ་མ་རྐྱང་པའི་རྩྭ་སོགས་རྒྱལ་ཁབ་ཀྱི་རིམ་པ་དང་པོའི་སྲུང་སྐྱོང་རི་སྐྱེས་རྩི་ཤིང་རིགས4དང་རྒྱལ་ཁབ་ཀྱི་རིམ་པ་གཉིས་པའི་སྲུང་སྐྱོང་རི་སྐྱེས་རྩི་ཤིང་རིགས9ཡོད་པ་རེད། སྲུང་སྐྱོང་ཁུལ་གྱི་ལས་དོན་མི་སྣ་དང་ཁོངས་གཏོགས་ཁུལ་གྱི་མང་ཚོགས་ཁྲི7ལྷག་གིས་གནས་འདིའི་སྔོ་ཞིང་གཙང་བའི་རི་ཆུ་ཀླུང་གསུམ་ལ་ཐུན་མོང་ཐོག་སྲུང་སྐྱོང་བྱས་ནས་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་སྟོན་ཁུལ་གྱི་ཚད་ཤིང་དང་འཛམ་གླིང་གི་སེམས་ཀྱི་ཉི་ཟླ་བསྐྲུན་ཆེད་འབད་འཐབ་ཧུར་ཐག་བྱས་ཏེ། ཐོན་ཁུངས་སྲུང་སྐྱོང་དང་སྡེ་ཁུལ་ལ་མཉམ་དུ་དོ་དམ་བྱས་ནས་ཐུན་མོང་ཐོག་མི་དང་རང་བྱུང་ཁམས་ཞི་མཐུན་མཉམ་གནས་ཀྱི་བརྗིད་ཆེའི་ལེའུ་ཞིག་བཏོད་པ་རེད།  །

རྩོམ་སྒྲིག་པ། ཀླུ་འབུམ་ཚེ་རིང་།

དཔྱད་མཆན 0 ཡོད།