ཀྲུང་གོ་བོད་ཀྱི་དྲ་བ།

ཡུན་ནན་ཞིང་ཆེན་ནོར་སྲིད་ཀྱིས་མ་དངུལ་སྒོར་དུང་ཕྱུར219གྲབས་གསོག་བྱས་ཏེ་མཁར་གྲོང་སྡོད་དམངས་ཀྱི་སྨན་བཅོས་འགན་སྲུང་ཆུ་ཚད་ཇེ་མཐོར་བཏང་།

ཡོང་ཁུངས། : ཞིན་ཧྭ་དྲ་བ།     སྤེལ་དུས། : 2021-12-30
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། གསར་འགོད་པས་ཉེ་ལམ་ཡུན་ནན་ཞིང་ཆེན་ནོར་སྲིད་ཐིང་ནས་རྒྱུས་ལོན་པ་ལྟར་ན། ད་ལོར་ཞིང་ཆེན་ནོར་སྲིད་ཀྱིས་བསྡོམས་པས་མཁར་གྲོང་སྡོད་དམངས་ཀྱི་སྨན་བཅོས་འགན་སྲུང་ཁ་གསབ་མ་དངུལ་སྒོར་དུང་ཕྱུར219གྲབས་གསོག་བྱས་ཏེ། ནུས་ཤུགས་ཡོད་རྒུས་ཞིང་ཆེན་ཡོངས་ཀྱིས་མཁར་གྲོང་གི་སྡོད་དམངས་ཁྲི4047གྱི་སྨན་བཅོས་འགན་སྲུང་ལས་དོན་དངོས་འབེབས་བྱས།

ཞིང་ཆེན་ནོར་སྲིད་ཀྱིས་ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུ། ཞིང་ཆེན་སྲིད་གཞུང་གིས་མཁར་གྲོང་སྡོད་དམངས་ཀྱི་སྨན་བཅོས་འགན་སྲུང་ལམ་ལུགས་སྐོར་གྱི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་བྱས་ཏེ། དམངས་ཡོངས་ལ་ཁྱབ་པའི་གཞི་རྩའི་སྨན་བཅོས་འགན་སྲུང་དྲ་རྒྱ་འཛུགས་པར་རྐང་ཚུགས་ཏེ། ནུས་ཤུགས་ཡོད་རྒུས་མཁར་གྲོང་སྡོད་དམངས་ཀྱི་སྨན་བཅོས་འགན་སྲུང་བྱ་བ་ལེགས་པོར་བསྒྲུབས། 2021ལོར་ཡུན་ནན་ཞིང་ཆེན་གྱིས་མུ་མཐུད་དུ་མཁར་གྲོང་སྡོད་དམངས་ཀྱི་སྨན་བཅོས་འགན་སྲུང་གྲབས་གསོག་ཚད་གཞི་ཇེ་མཐོར་བཏང་སྟེ། མི་རེར་ལོ་རེར་སྒོར900རེ་ལ་སླེབས། དེའི་ཁྲོད་ནོར་སྲིད་ཁ་གསབ་ཀྱི་ཚད་གཞི་གསར་བ་སྒོར30རེ་ཇེ་མང་དུ་སོང་བ་དང་། མི་རེར་ལོ་རེར་སྒོར580ལས་མི་ཉུང་བ་རེད། དུས་མཚུངས་སུ་མི་སྒེར་གྱི་དངུལ་སྤྲོད་ཚད་གཞི་དེ་སྒོར40རེ་ཇེ་མཐོར་བཏང་སྟེ། མི་རེར་ལོ་རེར་སྒོར320རེ་ལ་སླེབས་ཡོད།

དུས་དང་ཆབས་ཅིག མས་ཐིག་སྲ་བརྟན་དུ་སྲུང་སྟེ་སྨན་བཅོས་རོགས་སྐྱོར་འགན་སྲུང་ནུས་པ་འདོན་སྤེལ་གང་ལེགས་བྱས། ད་ལོར་ཞིང་ཆེན་ནོར་སྲིད་ཀྱིས་སྨན་བཅོས་འགན་སྲུང་གི་རོགས་སྐྱོར་མ་དངུལ་སྒོར་དུང་ཕྱུར32.14རྩིས་སྤྲོད་བྱས་ཏེ། སྨན་བཅོས་འགན་སྲུང་ལ་བརྟེན་ནས་དབུལ་ཕོངས་མང་ཚོགས་ཀྱི་མས་སྐྱོར་འགན་སྲུང་ནུས་པ་འདོན་སྤེལ་བྱས་ཏེ། ཆ་རྐྱེན་དང་མཐུན་པའི་ཞིང་སྡེའི་ཡོང་སྒོ་དམའ་བའི་མང་ཚོགས་རིགས་འབྱེད་དེ་འགན་སྲུང་ཁྲོད་ཞུགས་པར་རོགས་སྐྱོར་བྱེད་པའི་བྱ་བ་ལེགས་པོར་སྒྲུབ་པ་དང་། མང་ཚོགས་ཀྱིས་རང་གི་སྤྲོད་པར་དཀའ་ཁག་ཡོད་པའི་མ་དངུལ་དེ་རིགས་ལ་ཁ་གསབ་བྱས་ཏེ། རྒྱལ་ཁབ་གྲོང་གསེབ་དར་སྤེལ་གཙོ་གནད་རོགས་སྐྱོར་རྫོང་ལ་དམིགས་བསལ་དུ་རྒྱབ་སྐྱོར་བྱེད་པར་ཤུགས་བསྣན་པ་རེད།

རྒྱལ་ཁབ་ཀྱིས་སྨན་རྫས་གཅིག་སྡུད་ཉོ་སྒྲུབ་དང་རིན་ཐང་མཐོ་བའི་སྨན་སྤྱོད་རྒྱུ་ཆ་ཉོ་སྒྲུབ་སྨན་བཅོས་འགན་བཅོལ་ཐེབས་རྩ་སྔོན་གཏོང་ལམ་སྲོལ་དངོས་འབེབས་བྱས་ཏེ། སྨན་བཅོས་འགན་སྲུང་སྡེ་ཁག་གི་རེ་ཞུ་ལྟར། ད་ལོར་ཞིང་ཆེན་ནོར་སྲིད་ཀྱིས་མ་དངུལ་སྒོར་ཁྲི2216ལྷག་གི་སྨན་བཅོས་འགན་སྲུང་ཐེབས་རྩརྩིས་སྤྲོད་བྱས་ཏེ་གཞུང་བཙུགས་སྨན་ཁང་གིས་སྨན་རྫས་གཅིག་སྡུད་ཉོ་སྒྲུབ་དང་རིན་ཐང་མཐོ་བའི་སྨན་སྤྱོད་རྒྱུ་ཆ་ཉོ་སྒྲུབ་བྱ་བར་རྒྱབ་སྐྱོར་བྱས་ནས། མཁར་གྲོང་སྡོད་དམངས་ཀྱི་སྨན་བཅོས་འཁུར་བོ་ཇེ་ཡང་དུ་བཏང་།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།