བདེ་ཆེན་ཁུལ་གྱི་མི་ཁྲི2དང་སྟོང6ལྷག་གིས་ཁ་ལོ་བའི་གློག་རྡུལ་འཛིན་ཡིག་ལེན་པའི་རེ་ཞུ་བྱས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ཆར། གསར་འགོད་པས་ཡུན་ནན་ཞིང་ཆེན་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་སྤྱི་བདེ་ཅུའུ་འགྲིམ་འགྲུལ་ཉེན་རྟོག་ཉིང་ལག་རུ་ཁག་རླངས་འཁོར་དོ་དམ་སུའོ་ནས་ཤེས་གསལ་ལྟར་ན། ཟླ12པའི་ཚེས6ཉིན་ནས་བཟུང་ལས་ཁུངས་དེས་ཁ་ལོ་བའི་གློག་རྡུལ་འཛིན་ཡིག་དྲ་ཐོག་ནས་ལེན་པའི་ལས་དོན་སྤེལ་མགོ་ཚུགས་ཤིང་། ཟླ12པའི་ཚེས21ཉིན་བར་དུ་ཁུལ་ཡོངས་ཀྱི་ཁ་ལོ་བའི་གློག་རྡུལ་འཛིན་ཡིག་རེ་ཞུ་བྱེད་མཁན་མི་གྲངས26704ཟིན་པ་དེས་ཁུལ་ཡོངས་ཀྱི་ཁ་ལོ་བའི20.7%ཟིན་པ་དང་། བདག་སྤྲོད་བྱེད་ཚད་ཞིང་ཆེན་ཡོངས་ཀྱི་ཆ་སྙོམས་ཆུ་ཚད་ལས་བརྒལ་ཡོད་པ་རེད།

ཤེས་གསལ་ལྟར་ན། འཕྲུལ་སྒུལ་འཁོར་ལོ་རིགས་ཀྱི་ཁ་ལོ་བའི་འཛིན་ཡིག་གློག་རྡུལ་ཅན་དུ་བསྒྱུར་རྒྱུ་ནི་རྒྱ་ཆེའི་མང་ཚོགས་རྣམས་ཀྱིས་དོ་ཁུར་ཆེན་པོ་བྱེད་པའི“གློད་སྡོམ་ཞབས”གསུམ་གྱི་བཅོས་སྒྱུར་བྱེད་ཐབས་ཤིག་ཡིན་པ་དང་། ཁ་ལོ་བས“འགྲིམ་འགྲུལ་དོ་དམ12123”APPབརྒྱུད་ཁ་ལོ་བའི་གློག་རྡུལ་འཛིན་ཡིག་ལེན་རྒྱུའི་རེ་ཞུ་བྱས་ཆོག་པ་མ་ཟད། ཤོག་བུའི་ཁ་ལོ་བའི་འཛིན་ཡིག་དང་གཅིག་མཚུངས་ཀྱི་བཅའ་ཁྲིམས་ནུས་པ་ལྡན་པ་རེད། “ཁ་ལོ་བའི་གློག་རྡུལ་འཛིན་ཡིག་དེ‘འགྲིམ་འགྲུལ་དོ་དམ12123’APPབརྒྱུད་ལེན་ཐུབ་པ་དང་རྒྱལ་ཡོངས་སུ་གཅིག་གྱུར་གྱི་རང་བཞིན་ལྡན་ཞིང་། འཛིན་ཡིག་དེ་ནི་རྒྱལ་ཡོངས་ཀྱི་སྤྱི་བདེ་འགྲིམ་འགྲུལ་དོ་དམ་གྱི་གློག་རྡུལ་འཛིན་ཡིག་མ་ལག་ལས་གྲུབ་ཡོད། འགུལ་རྣམ་རྣམ་པས་ཁ་ལོ་བའི་འཛིན་ཡིག་གི་གནས་བབ་མངོན་ཐུབ་པས། དུས་ཐོག་ཏུ་འདྲི་རྩད་དང་། དུས་ཐོག་ཏུ་སྟོན་པ། དུས་ཐོག་ཏུ་ཞིབ་བཤེར་བཅས་ལ་སྟབས་བདེ་བཟོས་པ་མ་ཟད། དུས་ཐོག་རང་བཞིན་གྱི་ནུས་པ་ལྡན་ཞིང་། དུས་མཚུངས་སུ་གྲངས་གཞིའི་མིང་འགོད་རྫུན་འགོག་ལག་རྩལ་སྤྱད་ནས་བཟོ་བཅོས་དང་རྫུན་བཟོ་འགོག་བཅོས་ནུས་ལྡན་བྱས་ནས་ཁ་ལོ་བའི་གློག་རྡུལ་འཛིན་ཡིག་བདེན་དངོས་གཅིག་པུ་དང་། བདེ་འཇགས་དང་བློས་འགེལ་ཆོག་པར་འགན་ལེན་བྱས་ཏེ་བདེ་འཇགས་རང་བཞིན་ཆེས་ཆེར་ལྡན་པ་རེད། སེམས་ཀྱི་ཉི་ཟླ་གྲོང་ཁྱེར་སྤྱི་བདེ་ཅུའུ་ཐད་གཏོགས་གྲོང་ཁྱེར་འགྲིམ་འགྲུལ་ཉེན་རྟོག་རུ་ཆེན་གྱི་ལས་དོན་མི་སྣས་གསར་འགོད་པར་བཤད་རྒྱུར། ཁ་ལོ་བའི་གློག་རྡུལ་འཛིན་ཡིག་སྤྱི་བདེ་འགྲིམ་འགྲུལ་དོ་དམ་ཁྱབ་ཁོངས་སུ་ཟླ་ཕྱེད་རིང་སྤྱོད་པའི་ལམ་བཤེར་ལ་སྐུལ་འདེད་ཧུར་ཐག་བཏང་བའི་རིང་། ཁ་ལོ་བའི་གློག་རྡུལ་འཛིན་ཡིག་སྤྱོད་མཁན་རིམ་བཞིན་ཇེ་མང་དུ་འགྲོ་བཞིན་ཡོད་པ་དང་། ཁ་ལོ་བས་དྲ་ཐོག་ནས“འཛིན་ཡིག་སྟོན་པ”དང“ཨང་རྟགས་སྟོན་པ”བརྒྱུད་ཞིབ་བཤེར་དང་ལེན་བྱས་ཆོག་ལ། ཁ་ལོ་བའི་གློག་རྡུལ་འཛིན་ཡིག་བེད་སྤྱོད་བྱས་པ་དེས་ང་ཚོའི་ལས་ཀར་སྟབས་བདེ་ཆེན་པོ་བཟོས་ཡོད་པ་མ་ཟད། མང་ཚོགས་ཕྱིར་བསྐྱོད་ནས་བྱ་བ་སྒྲུབ་པའི་ཐད་ལའང་སྟབས་བདེ་ཆེན་པོ་བསྐྲུན་ཡོད་ཟེར།

ཁ་ལོ་བའི་གློག་རྡུལ་འཛིན་ཡིག་བླངས་ཟིན་པའི་གྲོང་མི་ཚོས“ཁ་ལོ་བའི་གློག་རྡུལ་འཛིན་ཡིག་བླངས་རྗེས་ཁ་པར་བརྒྱུད་འགྲིམ་འགྲུལ་ཞིབ་བཤེར་དང་ལེན་བྱེད་པ་དང་། འགྲིམ་འགྲུལ་ཁྲིམས་འགལ་ཐག་གཅོད་བྱེད་པ། འགན་བཅོལ་གུན་གསབ་སྒྲུབ་པ་སོགས་ཀྱི་ལས་སྒོ་གཉེར་ཐུབ་པས་སྟབས་བདེ་ཆེན་པོ་བཟོས་ཡོད”ཅེས་བརྗོད་པ་རེད། །

རྩོམ་སྒྲིག་པ། ལྷ་སྒྲོན་མཚོ།

དཔྱད་མཆན 0 ཡོད།