ཀྲུང་གོ་བོད་ཀྱི་དྲ་བ།

བདེ་ཆེན་ཁུལ་གྱི་ཁྱད་ལྡན་ཐོན་རྫས་ཀོང་ཏུང་དང་ཞང་ཀང་སོགས་སུ་འོས་སྦྱོར་ངོ་སྤྲོད་བྱས་པ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ལྷ་སྒྲོན་མཚོ་ཡིས་བསྒྱུར།   སྤེལ་དུས། : 2021-12-23
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། གུར་ཀུམ་དང་། བེ་ཤ། མཐོ་སྒང་གི་རྒུན་ཆང་། སྐམ་ཤ། ནས། བོད་ཀྱི་ཕག་ཤ་སོགས་དྲ་ཐོག་ནས་ཕྱིར་འཚོང་བྱས་པ་བརྒྱུད། ཟླ12པའི་ཚེས22ཉིན“ཡུན་ནན་དང་ཀོང་ཏུང་གི་བརྩེ་བ་ཟབ་ཅིང་།སེམས་ཀྱི་ཉི་ཟླ་གྲོང་ཁྱེར་དུ་ལྷན་འཛོམས་བྱེད”ཞེས་པ་བརྗོད་དོན་དུ་བཟུང་བའི་སེམས་ཀྱི་ཉི་ཟླའི་རྒུན་ཆང་རིག་གནས་དུས་ཆེན་དང“བདེ་ཐང་སྤུས་ལེགས་ཐོན་རྫས་མཚོ་འགྲམ་དུ་ཁྱབ་གདལ་གཏོང་བའི”བྱ་འགུལ་དེ་ཀོང་ཀྲོའུ་གྲོང་ཁྱེར་དུ་སྤེལ་མགོ་ཚུགས་པ་བརྒྱུད། ཀོང་ཏུང་དང་ཞང་ཀང་། ཨའོ་མོན་བཅས་མཚོ་ཁུག་ཆེན་མོ་ས་ཁུལ་དུ་ས་མཐོའི་སྐྱེ་ཁམས་ལྗང་མདོག་ཅན་གྱི་ཞིང་ལས་ཁྱད་ལྡན་ཐོན་རྫས་འོས་སྦྱོར་བྱས་པ་རེད།

3.jpg

ས་མཐོའི་སྤུས་ལེགས་རྒུན་འབྲུམ།

དགུན་དུས་སུ་འབྲི་ཆུའི་འགྲམ་རྒྱུད་བརྒྱུད་དེ་ལྷོ་ཕྱོགས་སུ་སྐྱོད་སྐབས། འབའ་ལུང་རྫོང་གི་རྒུན་འབྲུམ་ར་བའི་ནང་དུ་ཚ་ཚ་འུར་འུར་གྱི་རྣམ་པ་ཞིག་ཤར་བ་དང་། ཁ་བས་བཀབ་པའི་ཁྲོད་ཡོངས་སུ་སྨིན་པའི་རྒུན་འབྲུམ་ཕྲེང་བས་རྒུན་ཆང་མངར་མོ་བསྙལ་བཞིན་ཡོད་པ་དང་། ས་མཐོའི་རྒུན་ཆང་དེ་སྤྱི་ལེ1300བརྒལ་ནས་མཚོ་འགྲམ་ས་ཁུལ་དུ་སྐྱེལ་འདྲེན་བྱས་པ་དེས་ས་གནས་ཀྱི་གྲོང་མི་དག་གིས་བདེ་ཆེན་གྱི་ཁྱད་ལྡན་ཡུལ་སྲོལ་ཟས་རིགས་ལ་རོལ་མྱོང་བྱེད་ཐུབ་པར་གྱུར།

3.jpg

འདི་ནི་བོད་རིགས་བུད་མེད་གཉིས་ཀྱིས་རྒུན་འབྲུམ་འཐོག་བཞིན་པའི་ཚུལ་རེད།

རྒུན་འབྲུམ་ཆུང་ངུར་ནུས་ཚད་ཆེ་བས། མིག་སྔར་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་གྱིས“ཆང་ཁང་ཆུང་ངུ་དང་། ཐོན་ལས་ཆེན་པོ། སྤུས་དག་ཅན”བཅས་ཀྱི་འཕེལ་རྒྱས་བསམ་ཕྱོགས་ཀྱིས་ཐོན་ལས་ས་ཁོངས་ཅན་དང་། གཞི་ཁྱོན་ཅན། རྟེན་གཞི་ཅན་གྱི་ཕྱོགས་སུ་འཕེལ་རྒྱས་འགྲོ་བར་སྐུལ་འདེད་བཏང་ཞིང་། ལོ་རེར་རྒུན་ཆང་ཏུན3000ལས་སྣོན་ཐོན་སྐྱེད་བྱས་ཏེ་ཐོན་རྫས་རིན་ཐང་སྒོར་དུང་ཕྱུར15ཟིན་པ་ལས་གཞན། ས་གནས་ཀྱི་ས་མཐོའི་ཁྱད་ལྡན་ཞིང་ལས་ཀྱི་གཙོ་ཁྲིད་ཐོན་ལས་ཀྱི་གྲས་སུ་གྱུར་བ་རེད།

“སྤྲིན”རྟགས་ཅན་གྱི་ཐོན་རྫས“རི་ཁུལ་ལས་བརྒལ་བའི”ལམ་བུ་སྔར་བས་ཤར་གཏོང་ཐུབ་ཆེད། མ་འོངས་པར་བདེ་ཆེན་ཁུལ་གྱིས་ད་དུང་ལྗང་མདོག་ཐོན་རྫས་ཀྱི་གློག་རྡུལ་ཐོབ་ཐང་ལག་ཁྱེར་ཁྱབ་གདལ་བཏང་ནས། རྨ་བྱའི་ཨང་རྟགས་ཀྱི“སྤུས་རྟགས་གཅིག་དང་ཨང་རྟགས་གཅིག”གི་ཐོན་དངོས་ཁུངས་འདེད་བཀོལ་སྤྱོད་ཁྱབ་ཁོངས་ཆེ་རུ་བཏང་སྟེ། “བདེ་ཆེན་ཁུལ་གྱི་རྒུན་ཆང་གི་ཐོན་རྫས་སྤུས་ཚད་ཁུངས་འདེད་མ་ལག”འཛུགས་རྒྱུར་རྒྱབ་སྐྱོར་བྱ་རྒྱུ་དང་། བདེ་ཆེན་ས་མཐོའི་བདེ་སྐྱིད་མེ་ཏོག་རེ་རེ་སྔར་བས་བཀྲག་མདངས་འཚེར་བར་བྱ་རྒྱུ་རེད། ། 

རྩོམ་སྒྲིག་པ། : ལྷ་སྒྲོན་མཚོ།