ཀྲུང་གོ་བོད་ཀྱི་དྲ་བ།

སེམས་ཀྱི་ཉི་ཟླ་གྲོང་ཁྱེར་གྱི་ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་དང་རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ལ་ཕན་འབྲས་གསར་པ་ཐོན་པ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཀླུ་འབུམ་ཚེ་རིང་གིས་བསྒྱུར།   སྤེལ་དུས། : 2021-12-21
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ད་ལོ་ནས་བཟུང་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་གྱིས་ཕྱོགས་ཡོངས་ནས་ཏང་ནན་གྱིས་སྐྱོང་བར་མཐའ་གཅིག་ཏུ་སྐུལ་འདེད་དང་། ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་གི་འགན་འཁྲིའི་ལམ་ལུགས་ནན་གྱིས་དོན་འཁྱོལ་བྱས་ཏེ། སྒྲིག་ཁྲིམས་ནན་ཏན་གྱིས་བཟུང་ནས་དཀའ་སྤྱད་འགག་སྒྲོལ་དང་སྤྱི་ཡོངས་ལ་ཞབས་འདེགས་ཞུས་པས། གྲོང་ཁྱེར་ཡོངས་ཀྱི་ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་དང་རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ལ་འཕེལ་རིམ་གསར་པ་དང་ཕན་འབྲས་གསར་པ་ཐོན་ཡོད།

སེམས་ཀྱི་ཉི་ཟླ་གྲོང་ཁྱེར་གྱིས་གྲོང་ཁྱེར་ཏང་ཨུའི་མགོ་ཁྲིད་ཚན་ཁག་གི་སྣེ་ཁྲིད་ནུས་པ་འདོན་སྤེལ་གང་ལེགས་བྱས་ནས། ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་གི་འགན་འཁྲི་གཙོ་བོ་དོན་འཁྱོལ་བྱ་རྒྱུ་ནི་གྲོང་ཁྱེར་ཏང་ཨུའི་ཉིན་རེའི་གྲོས་རིམ་གལ་ཆེན་ནང་བཅུག་ནས། གྲོང་ཁྱེར་ཏང་ཨུའི་ལྟེ་བའི་ལས་དོན་དང་མཉམ་དུ་སྐུལ་འདེད་བཏང་། 《སེམས་ཀྱི་ཉི་ཟླ་གྲོང་ཁྱེར་གྱིས་ཁྱོན་ཡོངས་ནས་ཏང་ནན་གྱིས་སྐྱོང་བའི་གཙོ་གཞིའི་འགན་འཁྲིའི་ལས་འགན་དོན་འཁྱོལ་སྐོར་གྱི་བཀོད་སྒྲིག》ཞིབ་འཇུག་བྱས་ནས་བཟོས་ཏེ། གྲོང་ཁྱེར་ཏང་ཨུས་ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་གི་འགན་འཁྲིའི་ལམ་ལུགས་ཀྱི་གཙོ་གཞིའི་འགན་འཁྲི་དོན་འཁྱོལ་བྱེད་པའི་ཞིབ་ཕྲའི་ནང་དོན་གསལ་བོར་བཟོས། 《2021ལོའི་ལོ་འཁོར་གྱི་གྲོང་ཁྱེར་ཡོངས་ཀྱི་ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་གི་འགན་འཁྲིའི་ལམ་ལུགས་ལ་ཞིབ་བཤེར་དཔྱད་ཞིབ་ཀྱི་ལག་བསྟར་ཇུས་གཞི》ཞིབ་འཇུག་བྱས་ནས་བཏོན། ལོ་ཧྲིལ་པོར་གྲོང་ཁྱེར་ཏང་ཨུའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་དང་རུལ་སུངས་ལ་ངོ་རྒོལ་བྱེད་པའི་བྱ་བར་ཞིབ་འཇུག་ཐེངས་གསུམ་བྱས་ཏེ། ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་གི་མགོ་ཁྲིད་ཀྱི་སྒྲིག་སྲོལ་དང་བྱ་བའི་ལམ་སྲོལ་འཐུས་ཚང་དུ་བཏང་།

གྲོང་ཁྱེར་འདིས་འགན་འཁུར་པ་དང་པོའི་འགན་འཁྲི་གཟབ་ནན་དུ་བཏང་བ་དང་། གྲོང་ཁྱེར་ཏང་ཨུའི་མགོ་ཁྲིད་གཙོ་བོས་ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་གི་འགན་འཁུར་པ་དང་པོའི་འགན་འཁྲི་དོན་འཁྱོལ་ནན་མོ་བྱས་ནས་གོང་རིམ་གྱི་འབྲེལ་ཡོད་ཚོགས་འདུ་དང་ཡིག་ཆའི་དགོངས་དོན་དུས་ཐོག་ཏུ་བརྒྱུད་བསྒྲགས་བྱས་ཏེ། ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་དང་རུལ་སུངས་ལ་ངོ་རྒོལ་བྱེད་པའི་ལས་དོན་རང་ཉིད་ཀྱིས་དངོས་སུ་བཀོད་སྒྲིག་དང་། གནད་དོན་གལ་ཆེན་རང་ཉིད་ངོ་མས་འདྲི་རྩད། གཙོ་གནད་ལྷུ་ཚིགས་རང་ཉིད་ངོ་མས་མཐུན་སྦྱོར། གྱོད་གཞི་གལ་ཆེན་རང་ཉིད་ངོ་མས་སྒྲུབ་པར་ལྟ་སྐུལ་བཅས་བྱས་པ་རེད། “གལ་ཆེན་གསུམ་དང་འབོར་ཆེན་གཅིག”གི་ལམ་ལུགས་སྣེ་ཁྲིད་ཀྱིས་ལག་བསྟར་དང་། དོན་དག་གལ་ཆེན་ཐུན་མོང་ཐོག་ཞིབ་འཇུག་དང་དམངས་གཙོས་ཇུས་ཐག་གཅོད་པ་མཐའ་འཁྱོངས་བྱས་ཏེ། ལས་ཁུངས་ཀྱི་ཁོངས་མིའི་བསམ་འཆར་ལ་བརྩི་འཇོག་གང་ལེགས་བྱས་པ། སྣེ་ཁྲིད་དེ་སྲིད་དོན་གཙང་སྐྱོང་སྐོར་གྱི་ཏང་གི་སློབ་ཁྲིད་བྱས་པ་མ་ཟད། ཁུལ་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ལྷན་གྱི་རྒྱུན་ལས་ཨུ་ལྷན་ལ་ཁྱོན་ཡོངས་ནས་ཏང་ནན་སྐྱོང་བྱེད་པའི་འགན་འཁྲི་གཙོ་བོ་བསྒྲུབས་ཚུལ་སྐོར་གྱི་ཆེད་དོན་སྙན་ཞུ་ཕུལ་བ་རེད། །

རྩོམ་སྒྲིག་པ། : ཀླུ་འབུམ་ཚེ་རིང་།