ཀྲུང་གོ་བོད་ཀྱི་དྲ་བ།

བདེ་ཆེན་ཁུལ་གྱིས“སློབ་གྲྭར་རྩ་ཁྲིམས་ཁྱབ་གདལ་གཏོང་བའི”བརྗོད་དོན་གཙོ་བོའི་བྱེད་སྒོ་སྤེལ་བ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཀླུ་འབུམ་ཚེ་རིང་གིས་བསྒྱུར།   སྤེལ་དུས། : 2021-12-16
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཞི་ཅིན་ཕིང་གི་ཁྲིམས་སྐྱོང་དགོངས་དོན་ལ་སློབ་སྦྱོང་དང་དྲིལ་སྒྲོག་ལག་བསྟར་གཏིང་ཟབ་བྱས་ནས། དཔལ་ཡོན་འཆམ་མཐུན་དང་བདེ་ཐང་ཁྲིམས་སྐྱོང་གི་སློབ་གྲྭའི་ཁོར་ཡུག་ཅིག་བསྐྲུན་ཆེད། “རྒྱལ་ཁབ་ཀྱི་རྩ་ཁྲིམས་ཉིན་མོ”ཐེངས་བརྒྱད་པ་སླེབས་ལ་ཉེ་བའི་སྐབས་ཀྱི་ཟླ12པའི་ཚེས3ཉིན། ཡུན་ནན་ཞིང་ཆེན་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་ཏང་ཨུ་དྲིལ་སྒྲོག་པུའུ་དང་ཁུལ་ཁྲིམས་འཛིན་ཅུའུ། གུང་གཞོན་སྡེ་ཚོགས་བདེ་ཆེན་ཁུལ་ཏང་ཨུ་སོགས་ཀྱི་སྡེ་ཁག་གིས་མཉམ་འབྲེལ་སྒོས་བསྒྲུབས་པའི“རྩ་ཁྲིམས་ཉེ་འགྲམ་དུ་ཡོད”ཅེས་པའི་བརྗོད་དོན་གཙོ་བོའི་སྒྲོག་འགྲེལ་བྱེད་སྒོ་དེ་བདེ་ཆེན་ཁུལ་བོད་ཡིག་སློབ་འབྲིང་དུ་སྤེལ།

བྱེད་སྒོས་རྩ་ཁྲིམས་དང་དམངས་དོན་སྐོར་གྱི་ཁྲིམས་གཞུང་སོགས་རྒྱལ་ཁབ་ཀྱི་གཞི་རྩའི་བཅའ་ཁྲིམས་དང་ཁྲིམས་སྲོལ་དང་དམ་པོར་དམིགས་ཏེ། གཞོན་ནུ་ལོ་ཆུང་གི་ཁྲིམས་འགལ་ཉེས་གསོག་སྔོན་འགོག་དང་ཁ་བྲལ་ལ་ངོ་རྒོལ་བྱེད་པ་བརྗོད་དོན་གཙོ་བོར་བཟུང་ནས་སྒྲོག་འགྲེལ་བྱས་ཏེ། རྒྱ་ཆེའི་གཞོན་ནུ་ལོ་ཆུང་སློབ་མས་ཁྲིམས་ལུགས་ལ་སློབ་སྦྱོང་དང་ཁྲིམས་ལུགས་ཤེས་པ། ཁྲིམས་རྟོགས་པ་བཅས་བྱས་ནས། རྒྱལ་ཁབ་ཀྱི་འདུ་ཤེས་དང་སྒྲིག་སྲོལ་གྱི་འདུ་ཤེས་ཇེ་ཟབ་ཏུ་བཏང་ནས་ཁྲིམས་སྐྱོང་གི་རྣམ་པ་བཟང་པོ་ཞིག་བསྐྲུན་པ་རེད། བྱེད་སྒོའི་སྟེང་ད་དུང་བདེ་ཆེན་གྱི“ལོ་ལྔའི་འཆར་གཞི་བདུན་པའི”ཁྲིམས་ལུགས་ཁྱབ་གདལ་གྱི་ཆེད་དོན་གློག་བརྙན་ཏེ། ཁྲིམས་ཀྱི་ཆར་བས་གངས་ལྗོངས་བདེ་ཆེན་བརླན་ཞེས་པ་དང་། སེམས་ཀྱི་ཉི་ཟླར་རབ་མཛེས་མེ་ཏོག་བཞད་ཅེས་པ་དང་སློབ་གྲྭའི་བརྙས་བཅོས་དང་གཏུམ་སྤྱོད་སྐོར་གྱི་གློག་བརྙན་ཐུང་གྲས་བསྟན་ནས་སློབ་གསོ་བཏང་བས། སློབ་གྲྭའི་དགེ་སློབ་ཡོངས་ཀྱི་ཁྲོད་ཚུར་སྣང་དྲག་པོ་བྱུང་།

བྱེད་སྒོའི་ཁྲོད་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་ཁྲིམས་འཛིན་ཅུའུ་ཡིས་སློབ་གྲྭར་རིན་ཐང་སྒོར་ཁྲི1གིི་ཁྲིམས་སྐྱོང་དྲིལ་བསྒྲགས་ཡོ་བྱད་སྤྲད། མཇུག་ཏུ་སློབ་མ་ཚོས་དཔའ་ངར་ཆེར་སྐྱེད་ཀྱི་རྣམ་འགྱུར་དང་སྙིང་སྟོབས་ཆེན་པོའི་སྒོ་ནས་རྩ་ཁྲིམས་ཀྱི་དམ་བཅའ་བཞག་པ་རེད། །

རྩོམ་སྒྲིག་པ། : ཀླུ་འབུམ་ཚེ་རིང་།