ཀྲུང་གོ་བོད་ཀྱི་དྲ་བ།

བདེ་ཆེན་དམར་དམག་རྒྱང་སྐྱོད་དངོས་མང་བཤམས་སྟོན་ཁང་གི་ལོ་རྒྱུས།

ཡོང་ཁུངས། : སེམས་ཀྱི་ཉི་ཟླ་དྲ་བ།     སྤེལ་དུས། : 2021-12-15
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཡུན་ནན་ཞིང་ཆེན་བདེ་ཆེན་ཁུལ་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་རྒྱལ་ཐང་གྲོང་རྡལ་རྡོ་མཁར་གནའ་གྲོང་གི་ཟླ་འོད་ཐང་ཆེན་གྱི་བྱང་ངོས་སུ་གནས་པའི་བདེ་ཆེན་དམར་དམག་རྒྱང་སྐྱོད་དངོས་མང་བཤམས་སྟོན་ཁང་ནི2007ལོའི་ཟླ་8ཚེས་20ཉིན་བསྐྲུན་པ་དང་།  སྒོ་ཕྱེ་བ་ནས་བཟུང་རྒྱལ་ཁབ་ཕྱི་ནང་གི་ཡུལ་སྐོར་བ་མི་ཐེངས་ཁྲི་400ལྷག་ཙམ་སྣེ་ལེན་བྱས་ཡོད།  མིག་སྔར་བདེ་ཆེན་གྱི་རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོའི་རྟེན་གཞི་གཙོ་བོ་དང་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་སློབ་གསོའི་རྟེན་གཞི་ཞིག་ཏུ་གྱུར་ཡོད།   

  རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོའི་དྲིལ་བསྒྲགས་བྱེད་བཞིན་པ།

བདེ་ཆེན་དམར་དམག་རྒྱང་དངོས་མང་བཤམས་སྟོན་ཁང་གི་འགོ་གཙོ་གཞོན་པ་དབྱང་ཞིའུ་ཡུན་གྱིས་ངོ་སྤྲོད་བྱས་པར་གཞིགས་ན། རྟེན་མཛོད་ཁང་འདི་ནི་སྔོན་མ་ཡིན་ན་1984ལོའི་ཟླ་7ཚེས་1ཉིན་སྒོ་ཕྱེས་པའི་རྒྱལ་ཐང་རྫོང་དམར་དམག་རྒྱང་སྐྱོད་དྲན་གསོ་ཁང་ཡིན།  2007ལོའི་ལོ་འགོར།  དམར་དམག་འབུམ་དཔུང་གཉིས་པ་དང་དྲུག་པའི་རྗེས་རབས་པའི་ཐུགས་ཁུར་དང་རྒྱབ་སྐྱོར་འོག་དང་། བདེ་ཆེན་ཁུལ་ཨུ་དང་བདེ་ཆེན་ཁུལ་སྲིད་གཞུང་གིས་དེ་སྔའི་ཁང་པར་རིམ་སྤོར་སྒྱུར་བཀོད་བྱས་ནས་དམར་དམག་བདེ་ཆེན་དུ་རྒྱང་བསྐྱོད་བྱེད་རིང་གི་གསར་བརྗེའི་ལོ་རྒྱུས་ཀྱི་རིག་དངོས་འབོར་ཆེན་བསྡུ་རུབ་དང་འདྲ་བཟོ་བྱ་རྒྱུའི་ཐག་བཅད་པ་རེད།  དེ་དང་ཆབས་ཅིག་བདེ་ཆེན་དམར་དམག་རྒྱང་སྐྱོད་དངོས་མང་བཤམས་སྟོན་ཁང་ཞེས་པར་མིང་བསྒྱུར་ཞིང་། དངོས་མང་བཤམས་སྟོན་ཁང་ལ་འགྲེམས་ཁང་དང་།  ཚོགས་ར་ཆེན་མོ།  རིག་དངོས་བང་མཛོད་ཁང་།  གཞུང་དོན་སྒྲུབ་ས་བཅས་ཁག་བཞི་ལས་གྲུབ་ཡོད་པ་དང་། འགྲེམས་སྟོན་ཧྲིལ་པོའང་ཐོག་མའི་ལོ་རྒྱུས་གནས་ཚུལ་མཚོན་ས་དང་།  གཙོ་ཤུགས་དམར་དམག་རྒྱང་སྐྱོད་ཆེ་གྲས་གསུམ།  གངས་རི་དང་རྩྭ་ཐང་ནས་བྱུང་བའི་བློ་སྒོ།    གངས་རི་འཛེགས་ནས་རྩྭ་ཐང་སྒྲོལ་བ།  དར་དམར་བསྒྲེངས་ནས་ཞིང་བྲན་གྱི་བསུ་མ་ཐོབ་པ།  བདེ་ཆེན་དམངས་གཙོ་རིང་ལུགས་གསར་པའི་གསར་བརྗེའི་ལོ་རྒྱུས་སོགས་ནང་དོན་འདུས་ཡོད།

2016ལོ་ནས་བཟུང་།  བདེ་ཆེན་དམར་དམག་རྒྱང་སྐྱོད་དངོས་མང་བཤམས་སྟོན་ཁང་གིས་བརྗོད་དོན་གཙོ་བོའི་འགྲེམས་སྟོན་རྒྱུན་འཁྱོངས་བྱས་པ་དང་ཆབས་ཅིག  སྔ་རྗེས་སུ་ཀྲུང་གོའི་རྒྱལ་ཁབ་རྟེན་རྫས་བཤམས་མཛོད་ཁང་གི་རོགས་སྐྲུན་རྣམ་གྲངས《བསྐྱར་དར་ལམ་བུ》ཞེས་པ་བདེ་ཆེན་འགྲེམས་སྟོན་ནང་ཞུགས་པའི་བརྩོན་ལེན་བྱས་ཡོད།  2017ལོར《དར་རྒྱས་ཀྱི་ལམ་བུ།  བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་བཙུགས་ནས་ལོ་60འཁོར་བའི་གྲུབ་འབྲས་འགྲེམས་སྟོན།》དང་།   2018ལོར《ཁམས་པའི་རིག་གནས་སྒྱུ་རྩལ་གྲུབ་འབྲས་འགྲེམས་སྟོན》སོགས་ལེགས་འགྲུབ་བྱུང་ཡོད།   སྔ་ཕྱིར་རྒྱལ་ཡོངས་ཀྱི་གཙོ་གནད་རིག་དངོས་སྲུང་སྐྱོབ་ཚན་པ་དང་།   ཡུན་ནན་ཞིང་ཆེན་གྱི་རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོའི་རྟེན་གཞི།  ཡུན་ནན་ཞིང་ཆེན་གྱི་རྒྱལ་སྲུང་སློབ་གསོའི་རྟེན་གཞི།  རྒྱལ་ཡོངས་ཀྱི་སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས་དང་སྤྱི་ཚོགས་ཚན་རིག་ཁྱབ་གདལ་དཔེ་སྟོན་རྟེན་གཞི། བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་གྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་སློབ་གསོའི་རྟེན་གཞི་སོགས་ཀྱི་མཚན་སྙན་ཐོབ་ཡོད།  །

རྩོམ་སྒྲིག་པ། : ཀླུ་འབུམ་ཚེ་རིང་།