ཀྲུང་གོ་བོད་ཀྱི་དྲ་བ།

སེམས་ཀྱི་ཉི་ཟླ་ནས་འབའ་ལུང་བར་ཕུག་ལམ་གསར་བ་བསྐྲུན་པ་ལེགས་གྲུབ་བྱུང་།

ཡོང་ཁུངས། : སེམས་ཀྱི་ཉི་ཟླ་དྲ་བ།     སྤེལ་དུས། : 2021-12-15
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ12པའི་ཚེས7ཉིན་གྱི་སྔ་དྲོར།  དུས་ཡུན་ལོ་གཅིག་དང་ཟླ་བ་བཞི་ཙམ་གྱི་ཧུར་བརྩོན་འོག    སེམས་ཀྱི་ཉི་ཟླ་ནས་འབའ་ལུང་བར་རིམ་པ་གཉིས་པའི་གཞུང་ལམ་གསར་བ་སྟེ།  ཡུལ་གསུམ་གྲོང་ཚོ་ནས་མཚམས་རྒྱབ་གྲོང་ཚོའི་བར་གྱི་ལམ་དུམ་གྱི་ལུང་རྩ་འགག་ཕུག་ལམ་བདེ་བླག་ངང་ཤར་གཏོང་བྱས།

ལུང་རྩ་འགག་ཕུག་ལམ་ཁག་ནི་སེམས་ཀྱི་ཉི་ཟླ་ནས་འབའ་ལུང་བར་གྱི་རིམ་པ་གཉིས་པའི་གཞུང་ལམ་གྱི་ཚོད་འཛིན་རང་བཞིན་གྱི་ལས་གཞིའི་གྲས་ཤིག་ཡིན་པ་དང་།   2020ལོའི་ཟླ8པའི་ཚེས་21ཉིན་ལས་མགོ་བརྩམས་པ་དང་ཕྱིར་གཏོང་གི་སྣེ་ནས་ནང་གཏོང་གི་སྣེ་མོ་ཁོ་ནར་སྔོག་པ་རེད།   ཕུག་ལམ་དེ་ནི་རླུང་ཤུགས་དྲག་པོ་རྣམ་པའི་ཞུན་རྡོའི་ས་རིམ་བརྒྱུད་དགོས་པ་དང་།   བྲག་རྡོའི་བང་རིམ་གྱི་ཚིགས་གས་ཅུང་སྐྱེ་འཚར་བྱུང་བ།   བྲག་རྡོའི་རིམ་པ་དམའ་བ།  བྲག་རྡོ་སྤྱི་ཡོངས་རང་བཞིན་ཞན་པས་འཛུགས་སྐྲུན་ཆ་རྐྱེན་ཅུང་ཞན་པ་རེད།    དོང་སྒོའི་དུམ་བུ་དང་ས་དབྱིབས་ཀྱི་མཐོ་མཉམ་ཐིག་ནི་ཟུར་ཚད་ཆུང་བས་གསེག་ནས་སྣོལ་ཡོད་ཅིང་།  དེར་ཡོ་གནོན་ངེས་ཅན་ཞིག་ཡོད་པ་དང་།  བརྟན་ཆགས་ཀྱི་ནུས་པ་ཞན་པ།  འཁྲུད་འགོག་གི་ནུས་པ་ཞན་པས་ཨར་ལས་ཀྱི་བདེ་འཇགས་ཉེན་ཁ་ཅུང་ཆེ་བ་རེད།    ཕུག་ལམ་དེའི་རིང་ཚད་ཧྲིལ་པོར་སྨི་533ཡོད་པ་དང་།  ཕུག་ལམ་རྐྱང་པའི་ཕྱོགས་གཉིས་ཀྱི་ཕུག་ལམ་གྱི་ཞེང་ཚད་ལ་སྨི་9.0དང་།  མཐོ་ཚད་ལ་སྨི་5.0ཡོད།    ཕྱོགས་གཉིས་པོའི་འཁོར་ལམ་གྱི་ཆུ་ཚོད་རེའི་མྱུར་ཚད་40km/hཇུས་འགོད་བྱས་ཡོད་པ་རེད།   

རྒྱུས་ལོན་བྱུང་བ་ལྟར་ན། སེམས་ཀྱི་ཉི་ཟླ་ནས་འབའ་ལུང་བར་གྱི་རིམ་པ་གཉིས་པའི་གཞུང་ལམ་ལས་གྲྭ་འགོ་འཛུགས་ས་ནི(ཡུལ་གསུམ་གྲོང་ཚོ)སེམས་ཀྱི་ཉི་ཟླའི་གྲོང་ཁྱེར་རྒྱལ་ཐང་གྲོང་རྡལ་གྱི་ལྷོ་ངོས་སུ་གནས་པ་དང་།    སེམས་ཀྱི་ཉི་ཟླ་གྲོང་ཁྱེར་གྱི་ནུབ་་སྐོར་ལམ་ཐིག་K1+100(ཆིང་ཁའུ་བཟོ་ལས་གླིང་གི་འགྲོ་ལམ་དང་ནུབ་སྐོར་ལམ་གྱི་སྣོལ་ས)དང་སྦྲེལ་ནས་ཡུལ་གསུམ་གྲོང་ཚོ་བརྒྱུད་པ་དང་།   ཝུའུ་ཀུའུ་དང་།   པི་ཀུའུ་འབྲོག་ར།   མཚམས་རྒྱབ་གྲོང་ཚོ་བཅས་བརྒྱུད་རྗེས་S226ལམ་ཐིག་གི་ཉི་ཤར་ནས་ཆུ་འཛོམས་བར་གྱི་གཞུང་ལམ་ལ་མཐུད་པ་དང་། སེམས་ཀྱི་ཉི་ཟླ་གྲོང་ཁྱེར་ལྔ་ཤོག་ཤང་གི་མཚམས་རྒྱབ་གྲོང་ཚོ་ནས་མཇུག་བསྡུས་ཡོད།   རྣམ་གྲངས་དེའི་ལམ་ཐིག་ཧྲིལ་པོར་ཕུག་ལམ་5ཡོད་པའི་ནང་ཤིན་ཏུ་རིང་བའི་ཕུག་ལམ་གཅིག་དང་།  ཕུག་ལམ་རིང་པོ་གཅིག   ཕུག་ལམ་འབྲིང་བ་གཉིས།   ཕུག་ལམ་ཐུང་བ་གཅིག་བཅས་ཚུད་ཡོད། 

རྩོམ་སྒྲིག་པ། : ཀླུ་འབུམ་ཚེ་རིང་།