ཀྲུང་གོ་བོད་ཀྱི་དྲ་བ།

ཡུན་ནན་གྱི་གྲོང་ཚོ་བརྒྱད2021ལོའི་ཀྲུང་གོའི་མཛེས་སྡུག་ལྡན་པའི་སྤྲོ་གསེང་གྲོང་ཚོར་བདམས་པ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།     སྤེལ་དུས། : 2021-12-09
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ཆར་ཞིང་ལས་དང་གྲོང་གསེབ་པུའུ་ཡིས་ཀྲུང་གོའི་མཛེས་སྡུག་ལྡན་པའི་སྤྲོ་གསེང་གྲོང་ཚོ་འོས་སྦྱོར་དང་ལྟ་ཞིབ་ཚད་ལེན་བྱས་པའི་མཇུག་འབྲས་ཁྱབ་བསྒྲགས་བྱས། དེའི་ཁྲོད་ཡུན་ནན་གྱི་གྲོང་ཚོ་བརྒྱད2021ལོའི་ཀྲུང་གོའི་མཛེས་སྡུག་ལྡན་པའི་སྤྲོ་གསེང་གྲོང་ཚོར་བདམས་པ་དང་གྲོང་ཚོབཅོ་བརྒྱད2010ལོ་ནས2017ལོའི་བར་གྱི་ཀྲུང་གོའི་མཛེས་སྡུག་ལྡན་པའི་སྤྲོ་གསེང་གྲོང་ཚོར་ལྟ་ཞིབ་ཚད་ལེན་གྱི་ཚད་གཞི་ལོན་པའི་མིང་ཐོའི་ནང་བཅུག་ཡོད། 

ཞིང་ཆེན་སོ་སོས་གདམ་གསེས་འོས་སྦྱོར་དང་ཆེད་མཁས་པས་དཔྱད་ཞིབ། དྲ་ཐོག་ཡོངས་བསྒྲགས་བཅས་བྱས་པ་བརྒྱུད་གྲོང་ཚོ254དེ་དག2021ལོའི་ཀྲུང་གོའི་མཛེས་སྡུག་ལྡན་པའི་སྤྲོ་གསེང་གྲོང་ཚོ་རུ་གཏན་ཁེལ་བྱས་པ་རེད། ཡུན་ནན་ཞིང་ཆེན་གྱིས་ཐོ་འགོད་བྱས་པའི་མཛེས་སྡུག་ལྡན་པའི་སྤྲོ་གསེང་གྲོང་ཚོ་བརྒྱད་ནི་ཁུན་མིང་གྲོང་ཁྱེར་ཨན་ཉིང་ཧྲི་རྫོང་ཁྲོམ་སྲང་ཡན་ཐ་གྲོང་ཚོ་དང་། ཆུས་ཅིན་གྲོང་ཁྱེར་ཧུའེ་ཙེ་རྫོང་ན་ཀུའུ་གྲོང་རྡལ་པེ་སྨུག་གྲོང་ཚོ། ཡུས་ཞི་གྲོང་ཁྱེར་ཅང་ཁྲོན་ཆུས་ཅིའུ་ཞི་གྲོང་རྡལ་ཝན་ཝུན་གྲོང་ཚོ། ལིན་ཚང་གྲོང་ཁྱེར་ཧྥུང་ཆིང་རྫོང་ཧྥུང་ཧྲན་གྲོང་རྡལ་ཨན་ཧྲི་གྲོང་ཚོ། ཁྲུའུ་ཞུང་དབྱིས་རིགས་རང་སྐྱོང་ཁུལ་ལུའུ་ཧྥེང་གྲོང་ཁྱེར་ཚའོ་ཡུན་གྲོང་རྡལ་ཀྲུའུ་ཞི་གྲོང་ཚོ། ཧུང་ཧོ་ཧ་ཉི་དབྱིས་རིགས་རང་སྐྱོང་ཁུལ་ཅན་ཧྲུའེ་རྫོང་ཞི་ཀྲོང་གྲོང་རྡལ་མ་ཅ་ཡིང་གྲོང་ཚོ། ཏ་ལི་པའེ་རིགས་རང་སྐྱོང་ཁུལ་ཏ་ལི་གྲོང་ཁྱེར་ཧྲོང་ལང་གྲོང་ཚོ། བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་ཧྲང་ཅང་ཀང་ཧྲེ་ཝང་གྲོང་ཚོ་བཅས་རེད། 

གཞན་ཡང་རྒྱལ་ཡོངས་ཀྱི་ཤང་དང་གྲོང་ཚོ532ལྷག2010ལོ་ནས2017ལོ་བར་གྱི་ཀྲུང་གོའི་མཛེས་སྡུག་ལྡན་པའི་སྤྲོ་གསེང་གྲོང་ཚོའི་ལྟ་ཞིབ་ཚད་ལེན་ཚད་ལོན་མིང་ཐོའི་ནང་བཅུག་ཡོད་པ་རེད། ཡུན་ནན་ཞིང་ཆེན་གྱི་པའོ་ཧྲན་གྲོང་ཁྱེར་ལུང་དབྱང་ཆུས་ཝ་ཡའོ་གྲོང་རྡལ་ཞ་མའེ་ཀྲོང་གྲོང་ཚོ་དང་། ཕོ་ཨེར་གྲོང་ཁྱེར་ཉིང་ཨེར་ཧ་ཉི་རིགས་དབྱིས་རིགས་རང་སྐྱོང་རྫོང་ཐུང་ཞིན་གྲོང་རྡལ་ན་ཁོ་ལི་གྲོང་ཚོ། ཞི་ཧྲོང་པན་ནའི་ཏའེ་རིགས་རང་སྐྱོང་ཁུལ་མོང་ཧའེ་རྫོང་ཏ་ལུའོ་གྲོང་རྡལ་ཏ་ལུའོ་གྲོང་ཚོ་སོགས་གྲོང་ཚོ18བདམས་ཐོན་བྱུང་བ་རེད།   །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།