ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་དགོངས་དོན་སློབ་སྦྱོང་ལག་ལེན་མཐར་ཕྱིན་བྱེད་པའི་སྒྲོག་འགྲེལ་ཚོགས་པས་འབྲེལ་ཡོད་ལས་ཁུངས་སུ་སྒྲོག་འགྲེལ་བྱས།

ཞིན་ཧྭ་གསར་འགྱུར་ཁང་གི་ཁང་གི་གློག་འཕྲིན་ལྟར། ཀྲུང་དབྱང་སྒྲོག་འགྲེལ་ཚོགས་པའི་ཁོངས་མིའམ་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིའུ་ཧོ་ཡིས་ཟླ11པའི་ཚེས26ཉིན་དང་ཚེས30ཉིན་སོ་སོར་གྲོས་ཚོགས་བསྡུས་ཏེ། ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་འབྲེལ་ཡོད་ལས་ཁུངས་སུ་ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་དགོངས་དོན་སྒྲོག་འགྲེལ་སྙན་ཞུ་ཕུལ།

ལིའུ་ཧོ་ཡིས་ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པས་ཏང་གི་ལོ་བརྒྱའི་འབད་འཐབ་ཀྱི་གྲུབ་འབྲས་གལ་ཆེན་དང་ལོ་རྒྱུས་དོན་སྙིང་ཡོངས་སུ་ཕྱོགས་སྡོམ་བྱས་ཤིང་། ལོ་རྒྱུས་ཀྱི་ཉམས་མྱོང་བཅུ་སྤྱི་སྡོམ་བྱས་ལ། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དུས་རབས་གསར་བའི་གཙོ་གནད་དེ་འབུར་དུ་བཏོད་པ་དང་། ལྷག་པར་དུ་ཏང་གིས་བློ་མཐུན་ཞི་ཅིན་ཕིང་ཏང་ཀྲུང་དབྱང་གི་སྲོག་ཤིང་དང་ཏང་ཡོངས་ཀྱི་ལྟེ་བའི་གོ་གནས་གཏན་ཁེལ་དང་། ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་མཛུབ་སྟོན་གོ་གནས་གཏན་ཁེལ་བྱས་ནས། ཏང་ཡོངས་དང་དམག་ཡོངས། རྒྱལ་ཡོངས་ཀྱི་རིགས་སོ་སོའི་མི་དམངས་ཀྱི་ཐུན་མོང་གི་སེམས་འདུན་མངོན་པར་མཚོན་ཡོད་པས། དེར་སློབ་སྦྱོང་ནན་ཏན་དང་གོ་བ་གཏིང་ཟབ་ལེན་དགོས་པར་ནན་གྱིས་བསྟན།

ལིའུ་ཧོ་ཡིས་ཏང་གི་ལོ་བརྒྱ་ཕྲག་གཉིས་པའི་འབད་འཐབ་དམིགས་འབེན་མངོན་འགྱུར་དང་ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེའི་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱེད་པར་དམིགས་ནས། བསམ་བློ་དང་བྱ་སྤྱོད་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་དང་ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་དགོངས་དོན་སྟེང་གཅིག་གྱུར་ཏན་ཏིག་བྱས་ཏེ། “འདུ་ཤེས་བཞི”ཇེ་དྲག་ཏུ་གཏོང་བ་དང་། “ཡིད་ཆེས་བཞི”སྲ་བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”སྒྲུབ་ཐུབ་པར་བྱེད་པ། ཏང་ཀྲུང་དབྱང་གི་བཀོད་སྒྲིག་བླང་བྱར་དཔེ་བསྡུར་བྱེད་པ། བྱ་བའི་དོན་འཁྱོལ་ནན་གྱིས་བཟུང་སྟེ། ད་ལོའི་དུས་ཚིགས་བཞི་པའི་བྱ་བ་ལེགས་པོར་སྒྲུབ་པ་དང་། སང་ལོའི་བྱ་བའི་འཆར་འགོད་ཡག་པོར་བཟོས་ཏེ། ཕུལ་བྱུང་གི་གྲུབ་འབྲས་ལ་བརྟེན་ནས་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པ་རྒྱལ་ཁའི་ངང་འཚོག་པར་བསུ་བ་བྱེད་དགོས་པའི་བླང་བྱ་བཏོན།

ཀྲུང་དབྱང་ནོར་སྲིད་གཞུང་ལས་ཁང་དང་ཚན་རྩལ། བཟོ་འཕྲིན། འགྲིམ་འགྲུལ། དངུལ་རྩ། རྒྱལ་དབང་ཁེ་ལས་བསྒྱུར་བཅོས། བདེ་འཇགས་ཐོན་སྐྱེད་ལས་ཁུངས་བཅས་ཀྱི་འབྲེལ་ཡོད་འགན་འཁུར་བློ་མཐུན་གྲོས་ཚོགས་སུ་ཞུགས་ཡོད།  །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།