ཀྲུང་གོ་བོད་ཀྱི་དྲ་བ།

​ཞིང་ལས་དངུལ་ཁང་ཡུན་ནན་ཞིང་ཆེན་ཡན་ལག་དངུལ་ཁང་གིས་དངུལ་བུན50%མང་དུ་བཏང་ནས་ཡུན་ནན་གྱི་དབུལ་ཐར་རྫོང་གཙོ་གནད་ཏུ་བཟུང་ནས་རྒྱབ་སྐྱོར་བྱས།

ཡོང་ཁུངས། : རྔ་བའི་གསར་འགྱུར་དྲ་བ།     སྤེལ་དུས། : 2021-11-29
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། འདི་ག་ཚགས་པར་ཁང་དུ་ཁུན་མིང་ནས་ཟླ11པའི་ཚེས22ཉིན་གློག་འཕྲིན་འབྱོར་གསལ། “ད་ལོ་ཞིང་ལས་དངུལ་ཁང་གིས་ང་ཚོར་སླར་ཡང་དབུལ་བུན་སྒོར་ཁྲི120གཡར་བྱུང་བས་ང་ཚོའི་ཇ་ལོ་ཐོན་སྐྱེད་ཀྱི་དཀའ་གནད་ཆེན་པོ་ཐག་གཅོད་ཐུབ་སོང”ཞེས་ཡུན་ནན་ཞིང་ཆེན་ཤིས་མོང་དབའ་རིགས་རང་སྐྱོང་རྫོང་པན་མུའུ་ཇ་ལོ་ཞིང་པའི་ཆེད་ལས་མཉམ་ལས་ཁང་གི་འགན་འཁུར་བ་ཀྲུའུ་ཡན་གྱིས་དེ་ལྟར་བརྗོད། ཤེས་རྟོགས་བྱུང་བར་གཞིགས་ན། ཟླ10པའི་ཟླ་མཇུག་བར་ཀྲུང་གོ་ཞིང་ལས་དངུལ་ཁང་ཡུན་ནན་ཡན་ལག་དངུལ་ཁང་གིས་དབུལ་སྒྲོལ་རྫོང་88ལ་གཙོ་གནད་ཐོག་རྒྱབ་སྐྱོར་བྱ་ཆེད་དངུལ་བུན་སྒོར་དུང་ཕྱུར214.1མང་དུ་བཏང་བ་དེས་དངུལ་ཁང་དེའི་མང་དུ་བཏང་བའི་དངུལ་བུན་གྱི50%ཟིན་ཡོད། གཙོ་གནད་རོགས་སྐྱོར་རྫོང27ལ་དངུལ་བུན་སྒོར་དུང་ཕྱུར81.2མང་དུ་བཏང་བ་དེས་དངུལ་ཁང་དེའི་མང་དུ་བཏང་བའི་དངུལ་བུན་གྱི18.8%ཟིན་ཡོད།

ད་ལོ་ཚུན་དུ་ཞིང་ལས་དངུལ་ཁང་ཡུན་ནན་ཞིང་ཆེན་ཡན་ལག་དངུལ་ཁང་གིས་ཡུན་ནན་ཞིང་ཆེན་གྱི“ལྗང་མདོག་བཟའ་བཅའི་སྤུས་རྟགས”ཀྱི་འབྲུ་རིགས་དང་། ཇ་ལོ། མེ་ཏོག ཤིང་འབྲས། སྔོ་ཚལ། ཤུན་མཁྲེགས་ཤིང་ཏོག ཚིགས་ཇ། ཀྲུང་ལུགས་སྨན་རྒྱུ། ཕག་པ། གླང་ཤ་བཅས་ཐོན་ལས་ཆེ་གྲས་བཅུ་འཕེལ་རྒྱས་གཏོང་རྒྱུར་དམ་པོར་དམིགས་ཏེ་རིམ་ཁག་ཏང་ཨུད་སྲིད་གཞུང་དང་རང་འགུལ་ངང་སྦྲེལ་མཐུད་བྱེད་པ་དང་། “རྫོང་རེ་ལ་ཐོན་ལས་རེའི”འཛུགས་གཏོད་ཇུས་གཞི་དང་ཟུང་འབྲེལ་བྱེད་པ། ཚོང་ལས་ཅན་གྱི་གཉེར་སྐྱོང་ལྷུ་ཚིགས་ཀྱི་དངུལ་རྩའི་དགོས་མཁོ་སྔོག་འདོན་བྱེད་པ། ཐོན་རྫས་དང་ཞབས་ཞུ་སྙོམ་སྦྱོར་བྱེད་པ། ཆེད་དོན་དངུལ་རྩའི་ཐོན་རྫས་ཞིབ་སྤེལ་དང་དོན་འཁྱོལ་ལས་དོན་ཡག་པོ་སྒྲུབ་པ་བཅས་བྱས་ནས་ལས་སྒོ་འཕེལ་རྒྱས་བརྒྱུད་ལས་ཆོད་དང་འབོར་ཚད་གཉིས་འཕར་ཡོང་རྒྱུར་སྐུལ་འདེད་བཏང་ཡོད། །

རྩོམ་སྒྲིག་པ། : ཀླུ་འབུམ་ཚེ་རིང་།