ཀྲུང་གོ་བོད་ཀྱི་དྲ་བ།

བདེ་ཆེན་གྱིས་ཆེད་དོན་མེ་ཟོན་བྱ་སྤྱོད་སྤེལ་ནས་ཡུན་ནན་གྱི་སྤྲེའུ་སེར་ཁྱུ་ཚོགས་ཀྱི་འཚོ་སྡོད་བྱེད་གནས་སྲུང་སྐྱོང་བྱས་པ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ལྷ་སྒྲོན་མཚོ་ཡིས་བསྒྱུར།   སྤེལ་དུས། : 2021-11-18
ཡིག་གཟུགས། :ཆུང་། འབྲིང་། ཆེ།

3.jpg

4.jpg

7.jpg

པར་འདི་དག་ནི་མེ་ཟོན་བྱ་སྤྱོད་སྤེལ་བཞིན་པའི་ཡུལ་དངོས་ཡིན།

6.jpg

པར་འདི་ནི་གྲོང་མི་རྣམས་ལ་མེ་ཟོན་ཤེས་བྱ་དྲིལ་སྒྲོག་བྱེད་བཞིན་པའི་ཚུལ་རེད།

8.jpg

པར་འདི་ནི་ཐད་གཏོང་ཡུལ་དངོས་རེད།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། རང་འགུལ་གྱིས་ཡུན་ནན་གྱི་སྤྲེའུ་སེར་འཚོ་སྡོད་བྱེད་གནས་ཀྱི་ནགས་ཚལ་མེ་སྐྱོན་ཉེན་ཁ་མེད་པར་བཟོ་ཆེད། ཉེ་ཆར་ཡུན་ནན་ཞིང་ཆེན་ནགས་ཚལ་མེ་ཟོན་སྤྱི་ཁྱབ་རུ་ཁག་བདེ་ཆེན་རུ་ཆེན་གྱིས་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་སེམས་ཀྱི་ཉི་ཟླ་སྤྲེའུ་སེར་རྒྱལ་ཁབ་སྤྱི་གླིང་དུ་ཆེད་དོན་མེ་ཟོན་འགུལ་སྐྱོད་སྤེལ་བ་རེད།

བདེ་ཆེན་རུ་ཆེན་གྱི་བཀོད་འཐབ་པ་ཚོས་མེ་ཟོན་འགོག་པའི་ནུས་རྩལ་གསོ་སྦྱོང་དང་། མེ་ཟོན་དྲིལ་སྒྲོག སྒྲིག་ཆས་ཁྱེར་ནས་སྐོར་སྲུང་བྱེད་པ་སོགས་ཀྱི་ལས་དོན་རབ་དང་རིམ་པ་སྤེལ་ནས་སེམས་ཀྱི་ཉི་ཟླའི་ཡུན་ནན་སྤྲེའུ་སེར་རྒྱལ་ཁབ་སྤྱི་གླིང་དུ་ཆེད་ལས་ཕྱེད་ཙམ་གྱི་མེ་ཟོན་རུ་ཁག་འཛུགས་པར་མཛུབ་ཁྲིད་གང་ལེགས་བྱས། གཞན་ཡང་ཞིབ་ཕྲའི་ངང་ས་གནས་ཀྱི་སྔོ་ཁེབས་དང་ས་དབྱིབས། ཆུའི་འབྱུང་ཁུངས་སོགས་ཀྱི་གནས་ཚུལ་བསྡུ་རུབ་དང་ལེགས་སྒྲིག་བྱས་པ་མ་ཟད། བཅའ་སྡོད་མེ་ཟོན་སྡེ་ཚན་ལ་རོགས་རམ་བྱས་ནས་གཙོ་གནད་ནགས་ཁུལ་གྱི་ནགས་ཚལ་མེ་ཟོན་མི་སྐྱོབ་ཀྱི་སྔོན་ཇུས་འཐུས་ཚང་དུ་བཏང་བ་བརྒྱུད། ཡུན་ནན་སྤྲེའུ་སེར་འཚོ་སྡོད་བྱེད་གནས་ཀྱི་བདེ་འཇགས་འགན་ལེན་བྱས།

ལས་རེས་བྱེད་པའི་རིང་། རུ་ཆེན་དེའི་བཀོད་འཐབ་པ་ཚོས“ཡུན་ནན་ཞིང་ཆེན་གྱི་ནགས་ཚལ་མེ་ཟོན་གྱིས་ཡུན་ནན་སྤྲེའུ་སེར་རྒྱལ་ཁབ་སྤྱི་གླིང་དུ་སྐོར་སྲུང་བྱེད་པ”བརྗོད་དོན་གཙོ་བོར་བཟུང་སྟེ། ཐད་གཏོང་བརྒྱུད་དེ་དྲ་གྲོགས་ཚོར་རྒྱལ་ཁབ་སྤྱི་གླིང་གི་སྐྱེ་ཁམས་ཁོར་ཡུག་རོལ་མྱོང་དང་། བཀོད་འཐབ་པའི་ནགས་ཚལ་མེ་ཟོན་སྐོར་སྲུང་གི་རྒྱུན་ལྡན་གནས་ཚུལ་ཤེས་རྟོགས་བྱེད་དུ་བཅུག་སྟེ། སྐར་མ60ལྷག་གི་ཐད་གཏོང་ལ་ལྟ་མཁན་མི་ཁྲི1000ལྷག་ལ་སླེབས་ཡོད།

2021ལོའི་ཟླ10པའི་ཚེས1ཉིན། བདེ་ཆེན་ཁུལ་དེ་ནགས་ཚལ་མེ་ཟོན་དུས་སུ་སླེབས་པ་ནས་བཟུང་། རུ་ཆེན་དེས་མེ་ཟོན་ལ་ལྟ་སྐུལ་ཞིབ་བཤེར་ཧུར་ཐག་བྱས་ནས་ནགས་ཚལ་མེ་སྐྱོན་གྱི་མངོན་མེད་རྐྱེན་ངན་གྲལ་བཤེར་བཅོས་སྒྲིག་ཐད་ཤུགས་སྣོན་བརྒྱབ་པ་དང་། རང་འགུལ་གྱིས་མེ་སྐྱོན་གྱི་ཉེན་ཁར་དོགས་ཟོན་དང་སེལ་བ།དེ་དང་ཆབས་ཅིག་ཏུ་དཔུང་ཁག་གི་སྦྱོང་བརྡར་ནང་སྦྱོང་ལ་ཤུགས་སྣོན་བརྒྱབ་ནས་ས་གནས་ཀྱི་མེ་ཟོན་སྟོབས་ཤུགས་སྒྲིག་འཛུགས་ཀྱིས་གསོ་སྦྱོང་བྱས་པ་དང་། གློ་བུར་དུ་བྱུང་བའི་མེ་སྐྱོན་ལ་ཁ་གཏད་པའི་ནུས་བ་ཆེ་རུ་བཏང་།  །

རྩོམ་སྒྲིག་པ། : ལྷ་སྒྲོན་མཚོ།