ཀྲུང་གོ་བོད་ཀྱི་དྲ་བ།

​བདེ་ཆེན་ཁུལ་གྱི་པེ་ཅིང་ནས་ཁྲུང་ཆིན་དང་དེ་ནས་བདེ་ཆེན་བར་གྱི་མཁའ་ལམ་དངོས་སུ་ཤར་གཏོང་བྱས་པ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།     སྤེལ་དུས། : 2021-11-16
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ལམ། བདེ་ཆེན་སེམས་ཀྱི་ཉི་ཟླའི་གནམ་གྲུ་ཐང་གིས་པེ་ཅིང(ཏ་ཞིན)ནས་ཁྲུང་ཆིན་དང་དེ་ནས་བདེ་ཆེན་བར་གྱི་མཁའ་ལམ་དངོས་སུ་ཤར་གཏོང་བྱས་ཏེ། པེ་ཅིང་དང་ཧྲང་ཧེ། ཀོང་ཀྲོའུ། ཧྲིན་ཀྲིན་གྲོང་ཁྱེར་གྱི་མཁའ་ལམ་དྲ་རྒྱ་ཡོངས་སུ་ཁྱབ་པ་མངོན་འགྱུར་བྱས།

མཁའ་ལམ་ཤར་གཏོང་བྱས་རྗེས། ཉིན་རེར་གནམ་གྲུ་འཕུར་ཐེངས་གཅིག་གི་འཆར་འགོད་ལག་བསྟར་བྱ་རྒྱུ་རེད། 2021ལོའི་རིང་ལ་བདེ་ཆེན་གནམ་གྲུ་ཐང་གིས་དམངས་སྤྱོད་མཁའ་འགྲུལ“གཅིག་གཉིས་གསུམ་བཞི་ལྔ”ཡི་དམངས་སྤྱོད་མཁའ་འགྲུལ་སྤྱི་ཁོག་འཆར་འགོད་དང་ཡུན་ནན་མཁའ་འགྲུལ་ཐོན་ལས་དངུལ་གཏོང་སྡེ་ཚོགས་ཀྱིས་རྒྱལ་ནང་གི་འཁོར་རྒྱུག་ཆེན་མོའི་ཚོང་རའི་ཡང་བསྐྱར་སྔོག་འདོན་འབུར་དུ་ཐོན་པ་དང་། “1+N”མཁའ་ལམ་གྱི་དྲ་རྒྱའི་བཀོད་སྒྲིག་གི་བྱ་བའི་བསམ་ཕྱོགས་བཙུགས་ཏེ། བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་གྱིས་པེ་ཅིང་དང་ཧྲང་ཧེ། ཀོང་ཀྲོའུ་ལ་དམིགས་ཏེ། རྒྱལ་ཡོངས་ཀྱི་འགྲུལ་ཁུངས་གྲོང་ཁྱེར་གཙོ་བོ་དང་མཉམ་ལས་བྱེད་པའི་བྱེ་བྲག་གི་བྱ་བའི་བླང་བྱ་དོན་འཁྱོལ་བྱས་ནས། ནུས་ཤུགས་ཡོད་རྒུས་མཁའ་འགྲུལ་ཚོང་ར་རྒྱ་སྐྱེད་དེ། མཐོ་སྒང་གི་ཡན་ལག་གནམ་གྲུ་ཐང་གི་མཁའ་ལམ་དྲ་རྒྱའི་གོང་འཕེལ་ལ་སྐུལ་འདེད་བཏང་ནས་གྲུབ་འབྲས་མངོན་གསལ་བླངས་ཡོད།

བདེ་ཆེན་གནམ་གྲུ་ཐང་གི་འབྲེལ་ཡོད་འགན་འཁུར་མི་སྣས་བཤད་རྒྱུར། རྗེས་ཕྱོགས་བདེ་ཆེན་གནམ་གྲུ་ཐང་གིས་རྒྱལ་ནང་གི་ཚོང་རའི་འཁོར་རྒྱུག་ཆེན་མོ་དང་ས་གནས་ཀྱི་དཔལ་འབྱོར་འཕེལ་རྒྱས་ལ་ཞབས་འདེགས་ཞུ་བར་དམིགས་ཏེ། བདེ་ཆེན་ཁུལ་གྱི་མྱུར་བགྲོད་གཞུང་ལམ་འཛུགས་སྐྲུན་ལེགས་འགྲུབ་བྱུང་བ་དང་མྱུར་བགྲོད་ལྕགས་ལམ་མི་འགྱངས་བར་ལེགས་འགྲུབ་འབྱུང་བ། ཕྱོགས་བསྡུས་འགྲིམ་འགྲུལ་སྐྱེལ་འདྲེན་མ་ལག་ལེགས་བཅོས་ཆེན་པོ་བྱུང་བ། གནས་སྐོར་ཚོང་རར་འཕེལ་རྒྱས་ཀྱི་དུས་བབ་ཡག་པོ་བསུ་བ་སོགས་ལོ་རྒྱུས་ཀྱི་གོ་སྐབས་དག་དང་ཟུང་འབྲེལ་བྱས་ནས། བདེ་ཆེན་མཁའ་འགྲུལ་ཚོང་རའི་འཕེལ་རྒྱས་ཀྱི་རྣམ་པ་གསར་བ་མགྱོགས་མྱུར་ངང་འཛུགས་སྐྲུན་བྱ་རྒྱུ་དང་། བདེ་ཆེན་མཁའ་འགྲུལ་དང་ཡུལ་སྐོར་མཉམ་འདྲེས་འཕེལ་རྒྱས་ལ་སྐུལ་འདེད་གཏིང་ཟབ་བྱས་ནས། ཕན་ཚུན་སྐུལ་འདེད་དང་ཕན་ཚུན་ཁེ་ཕན་བསྐྲུན་པའི་ཚོང་རའི་མཐུན་སྦྱོར་ལམ་ལུགས་བཙུགས་ནས། བདེ་ཆེན་ཁུལ་གྱིས་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་སྟོན་ཁུལ་སྐྲུན་པའི་ཚད་གཞི་དང་། འཛམ་གླིང་གི་སེམས་ཀྱི་ཉི་ཟླ་ཟོང་རྟགས་བསྐྲུན་པར་རང་འགུལ་གྱིས་འདྲེས་པ་དང་ཞབས་འདེགས་ཞུས་ཏེ། བདེ་ཆེན་གྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ལ་འགན་སྲུང་གང་ལེགས་བྱ་རྒྱུ་རེད།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།