ཀྲུང་གོ་བོད་ཀྱི་དྲ་བ།

བོད་ཀྱི་གསར་སྐྱེས་གཞོན་ནུ་ལས་གཏོད་པ་བཀྲ་ཤིས་ཕུན་ཚོགས།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ལྷ་སྒྲོན་མཚོ་ཡིས་བསྒྱུར།   སྤེལ་དུས། : 2021-11-08
ཡིག་གཟུགས། :ཆུང་། འབྲིང་། ཆེ།

1.jpg

པར་འདི་ནི་བཀྲ་ཤིས་ཕུན་ཚོགས་ཀྱིས་ཡུལ་དངོས་སུ་རྩད་ཞིབ་བྱེད་བཞིན་པའི་ཚུལ་ཡིན།

2.jpg

པར་འདི་ནི་བཀྲ་ཤིས་ཕུན་ཚོགས་ན་གཞོན་ཚོ་དང་མཉམ་དུ་ཡོད་པའི་ཚུལ་ཡིན།

3.jpg

པར་འདི་ནི་འཛུགས་སྐྲུན་བཟོ་བཀོད་ནང་ཞུགས་བཞིན་པའི་བཀྲ་ཤིས་ཕུན་ཚོགས་ཡིན།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། “གཞོན་ནུ་ལས་གཏོད་མཁན་གསར་བ་ཞིག་ཡིན་པའི་ངོས་ནས་བདེ་སྐྱིད་ལྡན་པའི་དུས་རབས་འདིར་ཐུགས་རྗེ་ཆེ་ཞུ་བའི་ཞོར་དུ། བྱ་གཞག་ཡག་པོ་སྒྲུབ་པ་དང་ཆབས་ཅིག་ཏུ་ནུས་ཤུགས་ཡོད་རྒུས་ཕ་ཡུལ་གྱི་རིག་གནས་རྒྱུད་སྤེལ་ཡག་པོ་བྱ་རྒྱུ་ནི་ངས་རང་ཉིད་ལ་བཞག་པའི་ལས་འགན་ཞིག་ཡིན”ཞེས1995ལོར་སེམས་ཀྱི་ཉི་ཟླ་ནས་སྐྱེས་པའི་བོད་རིགས་ཕོ་གསར་བཀྲ་ཤིས་ཕུན་ཚོགས་ཀྱིས་དེ་ལྟར་བཤད། བཀྲ་ཤིས་ཕུན་ཚོགས་ནི་གངས་ལྗོངས་ས་མཐོའི་ལས་གཏོད་པའི་དཔུང་ཁག་གི་ན་གཞོན་སྟོབས་ཤུགས་ཤིག་ཡིན་ཡང་། ཁོའི་མི་ཚེའི་འཆར་འགོད་གསལ་བོ་ལས་ལོ་དེ་དང་མི་འདྲ་བའི་བསམ་ཤེས་ཤིག་མངོན་ཡོད།

སེམས་ཀྱི་ཉི་ཟླ་འཚོལ་ཞིབ་བྱེད་པའི་ཐབས་ཡང་དག་བཙལ་བ།

མཐོ་འབྲིང་སློབ་མཐར་ཕྱིན་རྗེས་དབྱིན་ཇིའི་ལི་ཝུའུ་ཕུའུ་སློབ་ཆེན་དུ་གྲོང་ཁྱེར་འཆར་འགོད་དང་ཇུས་འགོད་སློབ་སྦྱོང་བྱེད་དུ་ཕྱིན་པའི་བཀྲ་ཤིས་ཕུན་ཚོགས་ནི་སེམས་ཀྱི་ཉི་ཟླ་ནས་ཡོང་བའི་སློབ་མ་ཞིག་ཡིན་པས། མཐའ་འཁོར་གྱི་སློབ་གྲོགས་ཚོས་ཁོང་གི་ཟས་གོས་འགྲོ་སྡོད་དང་ཕ་ཡུལ་གྱི་རིག་གནས་ལ་སྤྲོ་བ་ཆེན་པོ་སྐྱེས། ཡང་མི་གཞན་ལ་བོད་ཀྱི་རིག་གནས་ངོ་སྤྲོད་བྱེད་འདོད་པའི་ཐོག་མའི་བསམ་འདུན་བཅངས་ནས། བཀྲ་ཤིས་ཕུན་ཚོགས་དང་བོད་རིགས་གྲོགས་པོ་བཞི་ཡིས2018ལོར་མཉམ་དུ་ཐུན་མོང་གི་སྤྱི་སྟེགས་ཏེ“བོད་སྤོསgalsang”བཙུགས་ནས་ཁོང་ཚོར་རང་འགུལ་ངང་ཕ་ཡུལ་གྱི་རིག་གནས་ཤེས་རྟོགས་དང་ནུས་ཤུགས་ཡོད་རྒུས་རིག་གནས་ཕྱི་རོལ་དུ་ངོ་སྤྲོད་བྱ་རྒྱུར་སྐུལ་འདེད་བཏང་ཡོད།

“‘གཞོན་ནུ་ཚོར་རང་ཉིད་ཀྱི་གསར་རྩོམ་ངར་ཤུགས་དེ་གསར་རྩོམ་གྱི་འཇོན་ཐང་ཡིན་པའི་གོ་ནོར་ཐེབས་སླ་སྟེ’སྤྱི་སྟེགས་གཉེར་བའི་བརྒྱུད་རིམ་ཁྲོད་ང་ཚོ་ཡང་གནད་དོན་དེ་འདྲ་དང་འཕྲད་མྱོང”ཞེས་སྤྱི་སྟེགས་གཉེར་མཚམས་བཞག་པའི་རྒྱུ་མཚན་སྐོར་གླེང་སྐབས་བཀྲ་ཤིས་ཕུན་ཚོགས་གད་མོ་དགོད་བཞིན་དེ་ལྟར་བཤད། སྤྱི་སྟེགས་ཐོག་གི་ནང་དོན་ཕྱི་རོལ་དུ་ངོ་སྤྲོད་བྱས་པ་དང་བསྟུན་ཁོ་དང་གྲོགས་པོ་ཚོས་རང་ཉིད་ཀྱིས་ཕ་ཡུལ་གྱི་རིག་གནས་ཤེས་རྟོགས་བྱེད་ཚད་མི་འདང་བའི་མྱོང་ཚོར་བྱུང་བ་མ་ཟད། ནང་དོན་གསར་རྩོམ་གྱི་གཏིང་ཟབ་ཚད་ཀྱང་མི་འདང་བ་རྟོགས། དེ་ནས་ཁོ་ཚོས་བསམ་བློ་གཏོང་སྟངས་བསྒྱུར་ནས་བོད་ཀྱི་རིག་གནས་མུ་མཐུད་དུ་ཕྱི་རོལ་ལ་ངོ་སྤྲོད་བྱེད་འདོད་བྱུང་བས་རིག་གནས་འདུ་ཚོགས་གཉེར་བ་དང་། དེ་ནི་བཀྲ་ཤིས་ཕུན་ཚོགས་ཀྱིས་བྱེད་ཐབས་གཉིས་པ་འཚོལ་ཞིབ་བྱས་པ་ཡིན། 

ལག་བསྟར་ལ་གཞོལ་བ། རིག་གནས་འདུ་ཚོགས་ལ་གཞི་ཚུགས་པའི་དམིགས་ཡུལ་ནི“སེམས་ཀྱི་ཉི་ཟླའི་ཕྱོགས་སོ་སོར་དམིགས་ནས་རིག་གནས་མཉམ་སྤྱོད”བྱས་ཏེ། མི་སྔར་ལས་མང་པོར་ཕྱོགས་མི་འདྲ་བའི་ངང་གོམས་སྲོལ་དུ་གྱུར་བའི་སྣང་ཚུལ་དང་གནད་དོན་འཚོལ་ཞིབ་བྱེད་དུ་འཇུག་པ་དང་། “ཁྱེད་ཀྱིས་མི་ཤེས་པའི་སེམས་ཀྱི་ཉི་ཟླ”ཞེས་པའི་གནས་ཚུལ་ལ་རྒྱུས་ལོན་བྱེད་དུ་འཇུག་པའི་ཆེད་ཡིན། “བོད་སྤོསgalsang”ཚོགས་པས་གཉེར་བའི་རིག་གནས་འདུ་ཚོགས་ཀྱི་དུས་རིམ་དང་པོ་སྟེ་“སེམས་ཀྱི་ཉི་ཟླ་ཞེས་མིང་ཐོགས་པའི་རིག་གནས་རྒྱབ་ལྗོངས”ཞེས་པའི་བརྗོད་བྱ་གཙོ་བོ་ལ་བསམ་ཡུལ་ལས་འདས་པའི་གྲུབ་འབྲས་ཐོབ་པ་དང་། དེ་རྗེས་སུ་གཉེར་བའི་ཐེངས་ལྔའི་རིག་གནས་འདུ་ཚོགས་དེ་ལ་ས་གནས་ཀྱི་ལས་གཏོད་མཁན་དང་གཞུང་ལས་པ་སོགས་ས་གནས་རིག་གནས་ལ་སྤྲོ་བ་ཆེན་པོ་ལྡན་པའི་མང་ཚོགས་ལ་ཤུགས་རྐྱེན་ཐེབས་ཡོད་པ་ལས་གཞན། ད་དུང་གུང་གཞོན་སྡེ་ཚོགས་བདེ་ཆེན་ཁུལ་ཏང་ཨུ་དང་བདེ་ཆེན་ཁུལ་རིག་གནས་དང་ཡུལ་སྐོར་ཅུའུ་དང་མཉམ་དུ་གཉེར་བའི་དུས་ཐེངས་གཉིས་ཀྱི་རིག་གནས་འདུ་ཚོགས་བྱ་འགུལ་སྤེལ་བ་ལ་ཞུགས་མཁན་གྱི་ཚད་མཐོའི་གདེང་འཇོག་ཐོབ་པ་རེད།

ཁང་བ་ནང་གི་རིག་གནས་འདུ་ཚོགས་ཐེངས་དྲུག་གཉེར་རྗེས་བཀྲ་ཤིས་ཕུན་ཚོགས་དང་ལས་རོགས་ཚོས་རིག་གནས་འདུ་ཚོགས་ནང་ཞུགས་མཁན་མི་སྣའི་ཁྱད་ཆོས་དང་འབྲེལ་བ་བྱེད་པའི་ཁྱབ་ཁོངས་ཅུང་ཆུང་བའི་བཀག་རྒྱ་རང་བཞིན་རྟོགས་ནས“ཕྱི་རོལ་དུས་ཆེན”ལ་ཁ་ཕྱོགས་བསྒྱུར་བ་རེད། 

སྐབས་དང་པོའི“སེམས་ཀྱི་ཉི་ཟླའི་གཞོན་ནུའི་ཕྱི་རོལ་དུས་ཆེན”སྤེལ་བའི་དམིགས་ཡུལ་ནི་གཞོན་ནུ་རྣམས་ཀྱིས་རོལ་རྩེད་ཁྲོད་ས་གནས་ཀྱི་རིག་གནས་རོལ་མྱོང་བྱེད་པ་དང་ཆབས་ཅིག་ཏུ་ས་གནས་ཀྱི་རིག་གནས་ཤེས་རྟོགས་གཏིང་ཟབ་ཐུབ་རྒྱུ་དེ་རེད། བྱ་འགུལ་ནང་བོད་རིགས་ཀྱི་སྲོལ་རྒྱུན་རྣམ་པའི་ཐོག་ནས་ཚང་མར་བོད་ལུགས་ཀྱི་ཕྱི་དྲོའི་ཇ་དང་། བོད་ཀྱི་སྡོད་ཁང་ནང་དུ་གླུ་ལེན་གར་རྩེ་བྱེད་པ་བཅས་ཀྱི་བོད་རིགས་བྱ་འགུལ་དངོས་བརྒྱུད་སེམས་ཀྱི་ཉི་ཟླའི་ན་གཞོན་ཚོར་ཕ་ཡུལ་ལ་བཅངས་པའི་བརྩེ་སེམས་དང་། ཕ་ཡུལ་གྱི་ཐུན་མོང་མ་ཡིན་པའི་རིག་གནས་ཀྱི་ཡིད་དབང་འཕྲོག་ཤུགས་ཉམས་སུ་མྱོང་དུ་བཅུག་ཡོད།

ང་ནི་བོད་ཀྱི་རིག་གནས་མཉམ་སྤྱོད་ཀྱི་ཇུས་འགོད་པ་ཞིག་བྱེད་འདོད།

“ཕ་ཡུལ་གྱི་རིག་གནས་བརྒྱུད་སྤེལ་གཏོང་རྒྱུ”ནི་བཀྲ་ཤིས་ཕུན་ཚོགས་ཀྱིས་རང་ཉིད་ལ་བཞག་པའི་ལས་འགན་ཞིག་ཡིན། ཁོ་ནི“བོད་ཀྱི་རིག་གནས་མཉམ་སྤྱོད་ཀྱི་ཇུས་འགོད་པ”མངོན་འགྱུར་བྱེད་པའི་འགྲོ་ལམ་ཐོག་མདུན་དུ་སྐྱོད་བཞིན་ཡོད།

ཕྱི་རྒྱལ་དུ་སློབ་མཐར་ཕྱིན་ནས་ཕ་ཡུལ་དུ་ལོག་རྗེས་བཀྲ་ཤིས་ཕུན་ཚོགས་ཀྱིས་ལོ་གཅིག་གི་དུས་ཚོད་བེད་སྤྱད་དེ་ཕ་མ་དང་མཉམ་དུ་བདེ་ཆེན་དང་། དཀར་མཛེས། བོད་ལྗོངས་སོགས་བོད་དང་འབྲེལ་བ་ཡོད་པའི་ས་ཁུལ་དུ་བསྐྱོད་དེ་ལམ་བར་གྱི་མཛེས་ལྗོངས་ལ་རོལ་མྱོང་བྱས་པ་མ་ཟད། བོད་ཀྱི་བཟོ་སྐྲུན་རྣམ་པ་དང་དེའི་ཁྲོད་ཀྱི་རིག་གནས་ནང་དོན་ལ་བསམ་གཞིགས་མང་པོ་བཏང་།

བཀྲ་ཤིས་ཕུན་ཚོགས་ཀྱིས་བཤད་རྒྱུར། ཐེངས་འདིའི་ཉམས་མྱོང་ལས་བོད་རིགས་ས་ཁུལ་གྱི་རིག་གནས་སྣ་མང་རང་བཞིན་དང་། ས་ཁུལ་སོ་སོར་འཚོ་སྡོད་བྱེད་པའི་བོད་རིགས་མི་དམངས་དང་མི་རིགས་མི་འདྲ་བའི་བར་གྱི་རིག་གནས་མཉམ་འདྲེས་ཡག་པོ་བྱུང་བ་ངས་རྟོགས་བྱུང་། མཉམ་འདྲེས་དེ་བཟོ་སྐྲུན་གྱི་རྣམ་པའི་ཐོག་ལྷག་ཏུ་མངོན་ཡོད་པ་དང་། དེས་ས་གནས་ཀྱི་རང་བྱུང་ཁོར་ཡུག་དང་སྤྱི་ཚོགས་རིག་གནས་སྣང་ཚུལ་སྣ་ཚོགས་ཀྱི་ཁོར་ཡུག་དང་ཡོངས་སུ་འདྲེས་པ་མ་ཟད། ང་ཚོ་ཇུས་འགོད་པས་བཟོ་སྐྲུན་ཇུས་འགོད་བྱེད་སྐབས་བསམ་གཞིག་ནན་མོ་གཏོང་དགོས་ས་ཞིག་ཀྱང་རེད་ཅེས་བསྟན།

རང་ཁྱིམ་གྱི་བོད་ཟས་ཁང་ལ་སྒྱུར་བཀོད་བྱེད་པ་ནི་བཀྲ་ཤིས་ཕུན་ཚོགས་ལས་ཞུགས་བྱས་རྗེས་ཀྱི་གཙོ་གཞིའི་རྣམ་གྲངས་དང་པོ་ཡིན་ལ། ཇུས་གཞི་འཆར་འགོད་བྱེད་སྐབས་ཁོས“དུས་མཚམས་ཚང་མར་དེའི་དམིགས་བསལ་གྱི་ལོ་རབས་ཁྱད་ཆོས་ལྡན་པའི”འདུ་ཤེས་མཐའ་འཁྱོངས་བྱས་ནས། བོད་ཟས་ཁང་གི་སྒྱུར་བཀོད་དེ་བོད་ཀྱི་རིག་གནས་ཀྱི་གནའ་སྲོལ་ལས་མངོན་འདོད་མེད་པར་བོད་ཀྱི་རིག་གནས་ཀྱི་ངོ་བོ་སོར་འཇོག་བྱེད་པ་དང་ཆབས་ཅིག་ཏུ་དེང་རབས་ཀྱི་གཞི་རྒྱུ་དང་མཉམ་འདྲེས་ཐུབ་རྒྱུའི་རེ་བ་བཅངས་ཡོད། ཇུས་འགོད་སྒྱུར་བཀོད་ཀྱི་གོ་རིམ་ཁྲོད་ཁོས་ཡང་ཡང་བཟོ་བཅོས་བྱས་པ་དང་། ཇུས་འགོད་ཀྱི་འདུ་ཤེས་དང་དོན་དངོས་བར་གྱི་འགལ་བ་ཡང་ཡང་སེལ་ནས་སྒྱུ་རྩལ་པ་ཡིན་པའི་རང་གི་ཨ་ཕ་དང་ཇུས་འགོད་ཀྱི་བསམ་བློ་བརྗེ་རེས་བྱས་མཐར། དེང་རབས་དང་སྲོལ་རྒྱུན་ལྡན་པའི་བོད་ཟས་ཁང་ཞིག་བསྐྲུན་པས་ས་གནས་ཀྱི་བོད་རིགས་དང་བོད་ཟས་ཉམས་ལེན་བྱེད་མཁན་ཡུལ་སྐོར་བའི་གདེང་འཇོག་ཡག་པོ་ཐོབ་པ་རེད། 

རྩོམ་སྒྲིག་པ། : ལྷ་སྒྲོན་མཚོ།