ཀྲུང་གོ་བོད་ཀྱི་དྲ་བ།

བདེ་ཆེན་གྱིས་ནགས(རྩྭ)དཔོན་ལམ་ལུགས་ཀྱི་བཅོས་བསྒྱུར་ཐད་སྐུལ་འདེད་བཏང་བ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ལྷ་སྒྲོན་མཚོ་ཡིས་བསྒྱུར།   སྤེལ་དུས། : 2021-11-04
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། 2021ལོ་སླེབས་པའི་ཚུན། ཡུན་ནན་ཞིང་ཆེན་བདེ་ཆེན་ཁུལ་ཏང་ཨུ་དང་ཁུལ་སྲིད་གཞུང་གིས་ཕྱོགས་ཡོངས་ནས་ནགས(རྩྭ)དཔོན་ལམ་ལུགས་ཁྱབ་གདལ་གཏོང་རྒྱུ་དེ་གཙོ་གནད་བཅོས་བསྒྱུར་ལས་འགན་ནང་བཅུག་པ་དང་ཆབས་ཅིག་ཏུ་བདེ་ཆེན་ཁུལ་གྱི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི“ལོ་ལྔའི་འཆར་གཞི་བཅུ་བཞི”པའི་འཆར་འགོད་དང་། བདེ་ཆེན་ཁུལ་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་དགུ་པའི་ཐོག་ལས་དོན་འདི་ལ་གཙོ་གནད་བཀོད་སྒྲིག་བྱས་ཏེ་བརྟན་བརླིང་ངང་ནགས(རྩྭ)དཔོན་བཅོས་བསྒྱུར་ལ་སྐུལ་འདེད་བཏང་བ་རེད།

བདེ་ཆེན་ཁུལ་ནགས་ལས་དང་རྩྭ་ཐང་ཅུའུ་ཏང་ཨུ་ཡིས་རྩ་འཛུགས་འགོ་ཁྲིད་ལ་ཤུགས་སྣོན་བརྒྱབ་ནས་དུས་ཐོག་ཏུ་ལས་དོན་ཆེད་དོན་འཛིན་གྲྭ་བཙུགས་ཏེ《བདེ་ཆེན་ཁུལ་གྱི་ཕྱོགས་ཡོངས་ནས་ནགས་(རྩྭ)དཔོན་ཁྱབ་གདལ་གཏོང་བའི་ལག་བསྟར་ཇུས་གཞི》འཆར་ཟིན་བཀོད་པ་མ་ཟད། འབྲེལ་ཡོད་ཚོགས་འདུའི་ལམ་ལུགས་དང་། ནགས་ཚལ་སྐོར་སྲུང་ལམ་ལུགས། ལས་དོན་ལྟ་ཞིབ་ལམ་ལུགས། ཆ་འཕྲིན་ཡོངས་བསྒྲགས་ལམ་ལུགས་སོགས་ཆ་སྡེབ་ལམ་ལུགས་བཙུགས་ནས། རྫོང(གྲོང་ཁྱེར)གསུམ་གྱིས་ཕྱོགས་ཡོངས་ནས་ནགས(རྩྭ)དཔོན་ལམ་ལུགས་ཁྱབ་གདལ་བཏང་ནས་ལས་དོན་ཆེད་དོན་འཛིན་གྲྭ་འཛུགས་པ་དང་རྫོང་རིམ་པའི་ལག་བསྟར་ཇུས་གཞི་བཟོ་བ་སོགས་ལ་སྐུལ་འདེད་བཏང་། གཞན་ཡང་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་བདེ་ཆེན་ས་གནས་ཀྱི་གཞུང་ལས་ཚོགས་འདུའི་དགོངས་དོན་སྣེ་ཁྲིད་དུ་བྱས་ཏེ་གྲོང་གསེབ་དར་རྒྱས་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བ་དང་། འཛམ་གླིང་གི“སེམས་ཀྱི་ཉི་ཟླ”གཏོད་པ། གངས་ལྗོངས་ས་མཐོའི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་བྱེད་པ་སོགས་ཀྱི་འབྲེལ་ཡོད་ལས་དོན་ཐད་སྐུལ་འདེད་བཏང་བ་མ་ཟད། ཞིང་ཆེན་རིམ་པའི་གཙོ་གཉེར་སྡེ་ཚན་ལ་སྙན་སེང་ཞུས་ནས། སྐྱེ་ཁམས་འཛུགས་སྐྱོང་ཐད་མ་དངུལ་སྒོར་དུང་ཕྱུར8.3བརྩོན་ལེན་དང་། སྡོང་རྐང་ཁྲི219ཡི་འོས་འགན་སྡོང་འཛུགས་ལེགས་སྒྲུབ་བྱུང་ཞིང་། རིན་མི་དགོས་པར“སྔོ་ལྗང་རི་ཀླུང་འགུལ་སྤྱོད”ཀྱི་ལྗང་སྒྱུར་སྡོང་རྐང་ཁྲི10མཁོ་འདོན་བྱས་པས། བདེ་ཆེན་ཁུལ་གྱིས་གོ་རིམ་ལྡན་པའི་ངང་ཕྱོགས་ཡོངས་ནས་ནགས(རྩྭ)དཔོན་བཅོས་བསྒྱུར་ཁྱབ་གདལ་དུ་གཏོང་རྒྱུར་མ་དངུལ་དང་རྣམ་གྲངས་འགན་ལེན་མཁོ་འདོན་གང་ལེགས་བྱས།

མ་འོངས་པར། བདེ་ཆེན་ནགས་ལས་དང་རྩྭ་ཐང་ཅུའུ་ཡིས་འགན་འཁྲི་གཟབ་ནན་དུ་གཏོང་བ་དང་ལས་དོན་དམ་འཛིན་ཏན་ཏིག་བྱེད་པ་བརྒྱུད་ཤེས་ལྡན་མི་སྣའི་དཔུང་ཁག་བཀོད་སྒྲིག་དང་། ལེགས་ལྡན་ཐོན་ཁུངས་བསྡུ་སྒྲིལ། མ་དངུལ་གཏོང་ཤུགས་ཆེ་རུ་བཏང་སྟེ་བདེ་ཆེན་ཁུལ་གྱི་ནགས(རྩྭ)དཔོན་ལམ་ལུགས་བཅོས་བསྒྱུར་བྱ་རྒྱུར་དཔུང་སྡེ་གཙོ་བོ་ཞིག་དང་རྨང་གཞི་བརྟན་པོ་བཏིང་ནས་འགན་ལེན་ནུས་ལྡན་བྱ་རྒྱུ་རེད།

ཕྱོགས་ཡོངས་ནས་ནགས(རྩྭ)དཔོན་ལམ་ལུགས་ཁྱབ་གདལ་བཏང་ཚེ། ནགས་ལས་དང་རྩྭ་ཐང་སྡེ་ཚན་གྱི་གཞི་རིམ་རྨང་གཞིའི་འཛུགས་སྐྲུན་ལ་ཤུགས་སྣོན་བྱེད་པ་དང་། རི་ལ་རི་དཔོན་ཡོད་པ་དང་། སྡོང་འཛུགས་ནགས་སྐྲུན་བྱེད་མཁན་ཡོད་པ། ལྗོན་ཤིང་ལ་སྲུང་སྐྱོང་བྱེད་མཁན་ཡོད་པ། འགན་འཁྲི་འཁུར་མཁན་ཡོད་པ་བཅས་མངོན་འགྱུར་བྱུང་ནས། ནགས་ཚལ་དང་རྩྭ་ཐང་གི་བྱ་གཞག་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་ཐུབ། “ལོ་ལྔའི་འཆར་གཞི་བཅུ་གསུམ་པའི”རིང་བདེ་ཆེན་ཁུལ་གྱིས་མི་ཁྲི2ལྷག་ཡོད་པའི་ནགས་སྲུང་རུ་ཁག་ཅིག་བཙུགས་ནས་ཐུན་མོང་ནགས་དབང་བཅོས་བསྒྱུར་བྱས་པ་བརྒྱུད། དུད་ཚང་ཁྲི7ལྷག་གི་མི་ཁྲི30ལྷག་ཙམ་ལ་སྒོར་དུང་ཕྱུར5ལྷག་གི་ཕན་ཁེ་བསྐྲུན་པ་རེད། །

རྩོམ་སྒྲིག་པ། : ལྷ་སྒྲོན་མཚོ།