ཀྲུང་གོ་བོད་ཀྱི་དྲ་བ།

ཡུན་ནན་ནགས་ཕག་མཚོ་འགྲམ་རྒྱུད་ཀྱི་ཁྲུང་ཁྲུང་སྐེ་ནག

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ལྷ་སྒྲོན་མཚོ་ཡིས་བསྒྱུར།   སྤེལ་དུས། : 2021-11-04
ཡིག་གཟུགས། :ཆུང་། འབྲིང་། ཆེ།

1.jpg

2.jpg

3.jpg

4.jpg

པར་འདི་དག་ནི་ཁྲུང་ཁྲུང་སྐེ་ནག་ཡིན།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། སྟོན་ཁ་སླེབས་པའི་ཚུན། ཡུན་ནན་ཞིང་ཆེན་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་ནགས་ཕག་མཚོ་རྒྱལ་སྤྱིའི་བརླན་ས་གཙོ་བོས་དགུན་སྒྲོལ་དུས་བྱ་ཁྲུང་ཁྲུང་སྐེ་ནག་གི་ཁྱུ་ཚོགས་བསུས་པ་དང་། ཁྲུང་ཁྲུང་སྐེ་ནག་གི་ཁྱུ་ཚོགས་ཐོག་མ་སླེབས་པ་ནས་བཟུང་ཁྲུང་ཁྲུང་སྐེ་ནག200ལྷག་ལ་ལྟ་ཞིབ་ཚད་ལེན་བྱས། 

2016ནས་བཟུང་། ནགས་ཕག་མཚོ་ཡིས་བསྡོམས་པས་བརླན་སའི་རྒྱ་ཁྱོན་ས་མུའུ6300ཙམ་སླར་གསོ་བྱུང་བ་དང་། དོ་དམ་སྲུང་སྐྱོང་ཅུའུ་དང་མང་ཚོགས་ཀྱིས་ཟས་སྟེར་བའི་བྱེད་ཐབས་སྤྱད་དེ་འདབ་ཆགས་རིགས་ལ་ཁ་ཟས་འབྱུང་ཁུངས་ཡོད་པར་འགན་ལེན་བྱས་པ་མ་ཟད། བརླན་སའི་སྐྱེ་དངོས་སྣ་མང་རང་བཞིན་ལ་ཡང་སྲུང་སྐྱོང་བྱས་ཡོད། དོ་དམ་སྲུང་སྐྱོང་ལས་དོན་ཐད་ཤུགས་བསྣན་པ་བརྒྱུད་བརླན་སའི་སྐྱེ་ཁམས་ཁོར་ཡུག་རྒྱུན་མཐུད་ངང་ཇེ་ལེགས་སུ་ཕྱིན་པ་དང་། ཁྲུང་ཁྲུང་སྐེ་ནག་དང་ཆུ་བྱ་ནག་པོ་སོགས་ཀྱི་རྒྱལ་ཁབ་ཀྱི་རིམ་པ་དང་པོའི་སྲུང་སྐྱོང་སྲོག་ཆགས་རིགས་ཀྱི་གྲངས་འབོར་ཡང་ཇེ་མང་དུ་སོང་ཡོད།  །

རྩོམ་སྒྲིག་པ། : ལྷ་སྒྲོན་མཚོ།