ཀྲུང་གོ་བོད་ཀྱི་དྲ་བ།

སེམས་ཀྱི་ཉི་ཟླའི་སྟག་མཆོང་འགག་མཛེས་ལྗོངས་ཁུལ་གྱིས་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་ལ་བརྟེན་ནས་ཡུལ་སྐོར་སྤུས་ཚད་ཇེ་མཐོ་རུ་བཏང་བ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ལྷ་སྒྲོན་མཚོ་ཡིས་བསྒྱུར།   སྤེལ་དུས། : 2021-11-03
ཡིག་གཟུགས། :ཆུང་། འབྲིང་། ཆེ།

1.jpg

2.jpg

3.jpg

4.jpg

5.jpg

པར་འདི་དག་ནི་སྟག་མཆོང་འགག་མཛེས་ལྗོངས་ཁུལ་ཡིན། 

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། སེམས་ཀྱི་ཉི་ཟླའི་སྟག་མཆོང་འགག་མཛེས་ལྗོངས་ཁུལ་ནི་ཡུན་ནན་ཞིང་ཆེན་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་སྟག་མཆོང་འགག་གྲོང་རྡལ་དུ་གནས་ཤིང་། དེ་ནི་རྒྱལ་ཁབ་ཀྱིAAAAརིམ་པའི་ཡུལ་སྐོར་མཛེས་ལྗོངས་ཁུལ་ཞིག་ཡིན་པ་དང་། མཛེས་ལྗོངས་ཁུལ་དེའི་ནང་དུ་སྟག་མཆོང་འགག་སྟོད་དབུས་སྨད་བཅས་གསུམ་དུ་དབྱེ་བ་དང་མཐོ་སའི་རྐང་ཐང་ལམ་ཐིག་བཅས་ཚུད་ཡོད། དེའི་ནང་སྟག་མཆོང་འགག་སྟོད་ནི་མཛེས་ལྗོངས་ཁུལ་ཧྲིལ་པོའི་ལྟེ་གནས་ཡིན་ཞིང་། “འཛམ་གླིང་གི་རྩེར་སོན་རྐང་ཐང་ལམ་ཐིག་ཆེ་གྲས་བཅུ”ཞེས་བརྗོད་པའི་སྟག་མཆོང་འགག་རྐང་ཐང་ལམ་ཐིག་ནི་གཙོ་བོ་མཐོ་སའི་རྐང་ཐང་ལམ་ཐིག་དང་སྟག་མཆོང་འགག་དབུས་སུ་རྐང་ཐང་དུ་བསྐྱོད་པའི་ལམ་ཐིག་གཉིས་ལས་གྲུབ་ཡོད།

སྟག་མཆོང་འགག་གི་གྲོག་རོང་ངོགས་གཉིས་སུ་བརྗིད་ཉམས་ལྡན་པའི་རི་མཐོན་པོ་ཡོད་པ་དང་། གཙང་པོ་ནི་གཡུ་ལུང་དང་ཧ་པ་གངས་རི་གཉིས་ཀྱི་བར་ནས་རྒྱུག་བཞིན་ཡོད། སྟག་མཆོང་འགག་སྟོད་ནི་སྟག་མཆོང་འགག་གི་དྲག་ཏུ་རྒྱུག་པའི་ཆུ་བོའི་མཚམས་ཞིག་ཡིན་པ་རེད།

སྟག་མཆོང་འགག་གི་རྐང་ཐང་ལམ་ཐིག་དེ་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་སྟག་མཆོང་འགག་གྲོང་རྡལ་ནས་མགོ་བརྩམས་ཏེ་སྟག་མཆོང་འགག་དབུས་སུ་མཇུག་སྒྲིལ་པ་ཡིན་ཏེ། སྤྱིའི་རིང་ཚད་ལ་སྤྱི་ལེ23ཙམ་ཡོད་པ་དེ་ནི་ཧ་པ་གངས་རིའི་རི་སྐེད་དུ་གཡུ་འབྲུག་འཁྱུག་པ་ལྟར་བརྒྱུད་པའི་ལམ་ཆུང་ཞིག་ཡིན། མཐོ་སར་རྐང་ཐང་དུ་བསྐྱོད་པའི་ལམ་ཐིག་བར་དུ་ཧ་པ་གངས་རི་དང་། གཡུ་ལུང་བརྒྱུད་པ། འབྲི་ཆུ་ལ་གཟིགས་ཏེ་རི་མཐོ་དང་། གཙང་བོ། གྲོག་རོང་། གངས་རི་བཅས་ཀྱི་མཛེས་ལྗོངས་མིག་ལམ་དུ་མངོན་ཐུབ་པ་མ་ཟད། ལམ་རྒྱུད་ཀྱི་གྲོང་རྡལ་མགྲོན་ཁང་དུ་བདེ་སྐྱིད་བག་ཕེབས་དང་ལྷིང་འཇགས་ཀྱི་འཚོ་བར་རོལ་ནས་གྲངས་ཉུང་མི་རིགས་ཀྱི་ཐུན་མོང་མ་ཡིན་པའི་སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས་ཀྱང་ཉམས་སུ་མྱོང་ཐུབ་པ་རེད།

མཛེས་ལྗོངས་ཁུལ་གྱི་གཉེར་སྐྱོང་སྡེ་ཚན་ཡིན་པའི་ངོས་ནས་ལོ་མང་པོ་ཞིག་ལ་ཡུན་ནན་ཁང་ལུའུ་ཚོགས་པས་མཛེས་ལྗོངས་ཁུལ་གྱི་རྨང་གཞིའི་སྒྲིག་ཆས་མཐོར་འདེགས་དང་སྐྱེ་ཁམས་སྲུང་སྐྱོང་དང་ཟུང་འབྲེལ་ནུས་ལྡན་གྱིས་གཉེར་སྐྱོང་དོ་དམ་གྱི་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་བཏང་བས། མཛེས་ལྗོངས་ཁུལ་གྱི་ཡུལ་སྐོར་སྤུས་ཚད་རིམ་བཞིན་མཐོ་རུ་ཕྱིན་པ་རེད། བཀག་སྡོམ་དང་རིམ་སྤོར་བསྒྱུར་བཀོད་བྱས་པ་བརྒྱུད། སྟག་མཆོང་འགག་མཛེས་ལྗོངས་ཁུལ་གྱི་འགྲིམ་འགྲུལ་རྨང་གཞི་དེ་སྔར་ལས་ཇེ་ལེགས་སུ་ཕྱིན་པ་དང་། རང་འགུལ་སྐས་འཛེག་གི་རྣམ་གྲངས་འཛུགས་སྐྲུན་མཇུག་རྗོགས་པ་དེས་མཛེས་ལྗོངས་ཁུལ་གྱི་རྨང་གཞིའི་སྒྲིག་ཆས་འཐུས་ཚང་དུ་གྱུར་པ་རེད། 

བདེ་ཆེན་ཁུལ་སེམས་ཀྱི་ཉི་ཟླའི་སྟག་མཆོང་འགག་ཡུལ་སྐོར་གཉེར་སྐྱོང་ཚད་ཡོད་ཀུང་སིའི་སྤྱི་ཁྱབ་ཅིང་ལི་གཞོན་པ་ཡིའུ་ཧུང་ལིང་གིས་ངོ་སྤྲོད་ལྟར་ན། སེམས་ཀྱི་ཉི་ཟླའི་སྟག་མཆོང་འགག་ཏུ་གངས་རི་དང་གྲོག་རོང་། གཙང་པོ་སོགས་བརྗིད་ཆགས་ལྡན་པའི་རང་བྱུང་མཛེས་ལྗོངས་འདུས་ཡོད་པ་མ་ཟད། ལྷག་པར་དུ་ཡུན་ནན་ཞིང་ཆེན་གྱི་ཡུལ་སྐོར་ཁུལ་ཆེན་པོ་དྲུག་གི་གྲས་ཤིག་ཡིན་པའི“ཡུན་ནན་ནུབ་རྒྱུད་ཀྱི་སེམས་ཀྱི་ཉི་ཟླའི་སྐྱེ་ཁམས་ཡུལ་སྐོར་ཁུལ”གྱི་གྲུབ་ཆ་གལ་ཆེན་དང་། གཙང་གསུམ་མཉམ་རྒྱུག་རང་བྱུང་ཤུལ་བཞག་གི་ལྟེ་གནས་ཡིན་པས་ཐུན་མོང་མ་ཡིན་པའི་ཐོན་ཁུངས་ཀྱི་ལེགས་ཆ་བཟུང་ཡོད་ཅེས་བསྟན།

ངོ་སྤྲོད་ལྟར་ན། མ་འོངས་པར་ཡུན་ནན་ཁང་ལུའུ་ཡུལ་སྐོར་སྡེ་ཚོགས་ཀྱིས་སྟག་མཆོང་འགག་ཡུལ་སྐོར་ས་ཁུལ་དེ་ཉིད་སྤྲོ་གསེང་དང་ཡུལ་སྐོར་ལྟ་སྐོར། རང་གཤིས་ཉམས་ལེན་བཅས་གཞི་གཅིག་ཅན་གྱི་གནས་དང་། ཕྱི་རྒྱལ་གྱི་ཉམས་མྱོང་དང་ཀྲུང་གོའི་དོན་དངོས་ཟུང་འབྲེལ་བྱེད་པའི་སྐྱེ་ཁམས་ལྟ་སྐོར་གྱི་དཔེ་མཚོན་ཞིག་ཏུ་བསྒྱུར་རྒྱུ་ཡིན་ཞིང་། འཛམ་གླིང་གི་རང་བྱུང་ཤུལ་བཞག་ཚན་རིག་དང་མཐུན་པའི་སྒོ་ནས་སྲུང་སྐྱོང་དང་ལུགས་མཐུན་གྱིས་བེད་སྤྱོད་ཐུབ་པ་བཅས་མངོན་འགྱུར་བྱུང་ནས། འཛམ་གླིང་གི་རང་བྱུང་ཤུལ་བཞག་ཐོན་ཁུངས་དང་མི་རིགས་རིག་གནས་ཐོན་ཁུངས་སྲུང་སྐྱོང་བྱེད་པའི་དཔེ་མཚོན་དང་འཛམ་གླིང་གི་ཡུལ་སྐོར་གནས་མཆོག་ཏུ་བསྒྱུར་རྒྱུ་རེད། །

རྩོམ་སྒྲིག་པ། : ལྷ་སྒྲོན་མཚོ།