ཀྲུང་གོ་བོད་ཀྱི་དྲ་བ།

པདྨ་གངས་རི་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་དུ་སྟོན་ཁའི་རྣམ་པས་ཁེངས།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ལྷ་སྒྲོན་མཚོ་ཡིས་བསྒྱུར།   སྤེལ་དུས། : 2021-11-02
ཡིག་གཟུགས། :ཆུང་། འབྲིང་། ཆེ།

1.jpg

2.jpg

3.jpg

4.jpg

5.jpg

W020211008707557980500.jpg

པར་འདི་དག་ནི་པདྨ་གངས་རིའི་སྟོན་ཁའི་རྣམ་པ་ཡིན།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། སྟོན་མཇུག་གི་དུས་སུ་ཡུན་ནན་པདྨ་གངས་རི་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་དུ་བསྐྱོད་ཚེ། མཐོ་སྒང་གི་ནགས་ཚལ་ཡོངས་སུ་གསེར་མདོག་གིས་ཁྱབ་ཤིང་། རྒྱང་རིང་གི་རི་རྩེ་དེ་ཁ་བས་གཡོགས་པས་ཉི་འོད་འོག་ཏུ་ཡུལ་ལྗོངས་ལྟ་ན་སྡུག་པ་ཞིག་རེད།

པདྨ་གངས་རི་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་ནི་ཡུན་ནན་ཞིང་ཆེན་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་བདེ་ཆེན་དང་འབའ་ཐང་རྫོང་ཁོངས་སུ་གནས་ཤིང་། དེ་ནི་ཀུན་གྱིས་དོ་སྣང་བྱེད་པའི་འཛམ་གླིང་ཡོངས་ཀྱི་སྐྱེ་ཁམས་སྣ་མང་ཅན་གྱི་ས་ཁུལ35ཡི་གྲས་ཤིག་ཡིན། སྲུང་སྐྱོང་ཁུལ་དུ་མཐོ་རིམ་སྐྱེ་དངོས་རིགས1700 ལྷག་ཡོད་པ་དང་། འོ་གསོས་སྲོག་ཆགས་རིགས100ལྷག་དང་འདབ་ཆགས་རིགས370བཅས་ཡོད་ལ། རང་བྱུང་སྐྱེ་ཁམས་ཁོར་ཡུག་རྙོག་འཛིང་ཆེ་ཞིང་སྐྱེ་དངོས་ཐོན་ཁུངས་ཕུན་སུམ་ཚོགས་པ་དང་། སྔོ་ཁེབས་རིགས་ཀྱི་དྲང་ཐིག་མངོན་གསལ་ཡིན་ལ། རྩ་ཆེ་བའི་སྐྱེ་དངོས་རིགས་མང་པས། “ས་གཞི་ཆགས་རིམ་གསུམ་པའི་གནའ་རབས་ཀྱི་ཚ་ཁུལ་སྐྱེ་དངོས་ཁུལ་གྱི་གནོད་བྱོལ་ཁང”ཡིན་པ་མ་ཟད། “བྱང་དྲོད་ཁུལ་རྩི་ཤིང་མ་ལག་གི་འབྱུང་གནས”ཡིན་པས“འཛམ་གླིང་གི་མེ་ཏོག་ལྡུམ་རའི་མ་ཡུམ”ཞེས་པའི་མཚན་སྙན་ཡོད་པ་དང་། སྤྲེའུ་སེར་གྱི་ཁྱུ་ཚོགས་ཁྱབ་རྒྱ་ཆེས་ཆེ་བའི་ས་ཁུལ་དང་རྒྱལ་ཡོངས་ཀྱི་རྒྱ་ཁྱོན་ཆེས་ཆེ་བའི་སྤྲེའུ་སེར་སྲུང་སྐྱོང་ཁུལ་ཡང་ཡིན། དེའི་སྐྱེ་ཁམས་སྣ་མང་ཅན་གྱི་སྲུང་སྐྱོང་ལ་རྒྱལ་སྤྱིའི་སྲུང་སྐྱོང་དོན་སྙིང་ལྡན་པ་རེད། །

རྩོམ་སྒྲིག་པ། : ལྷ་སྒྲོན་མཚོ།