ཀྲུང་གོ་བོད་ཀྱི་དྲ་བ།

ཉི་མ་ལྷ་མོའི་དངོས་བཤུས་གློག་བརྙན་གྱི་ཐོག་མའི་གཟིགས་འབུལ།

ཡོང་ཁུངས། : སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ།     སྤེལ་དུས། : 2021-10-26
ཡིག་གཟུགས། :ཆུང་། འབྲིང་། ཆེ།

3.jpg

4.jpg

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ10ཚེས21ཉིན།  ཡུན་ནན་ཞིང་ཆེན་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་འཇོལ་རྫོང་ཡུན་ལིན་ཤང་གི་སྦྲག་སྲིད་ཡིག་སྐྱེལ་པ་ཉི་མ་ལྷ་མོའི་གཏམ་རྒྱུད་ངོ་མ་བཅོས་སྒྲིག་བྱས་པའི་གློག་བརྙན་དད་མཁན་ཞེས་པ་པེ་ཅིང་དུ་ཐོག་མར་གཟིགས་འབུལ་བྱས་པ་རེད།  འགྲིམ་འགྲུལ་སྐྱེལ་འདྲེན་པུའུ་དང་།  རྒྱལ་ཁབ་སྦྲག་སྲིད་ཅུའུ།   ཀྲུང་གོའི་སྦྲག་སྲིད་ཚོགས་པ་ཚད་ཡོད་ཀུང་སི་སོགས་ཀྱི་འགོ་ཁྲིད་དང་།   གློག་བརྙན་འདིའི་འཁྲབ་ཁྲིད་པ་ལན་ཁྲིང་ཞུས།   འཁྲབ་སྟོན་མི་སྣ་གཙོ་བོ་ཉི་མ་དང་སྒྲོལ་རྒྱལ་ཚེ་རིང་།   དབྱངས་ཅན་སྒྲོལ་དཀར།   རྟ་མགྲིན་རྡོ་རྗེ།  གློག་བརྙན་ནང་གི་མ་དཔེའི་མི་སྣ་ཉི་མ་ལྷ་མོ་ལགས་ཀྱང་གཟིགས་འབུལ་མཛད་སྒོར་ཞུགས་ཡོད།   པེ་ཅིང་སྦྲག་སྲིད་ཡིག་སྐྱེལ་ཀུང་སིའི་ལས་བྱེད་མི་སྣ་དང་རྒྱ་ཆེའི་མང་ཚོགས་ཀྱིས་གློག་བརྙན་གྱི་ཐོག་མའི་གཟིགས་འབུལ་ལ་བལྟས་ཡོད།   

གློག་བརྙན་དེ་ནི་ཀྲུང་གོའི་གྲོང་གསེབ་ཀྱི་སྦྲག་སྲིད་ཡིག་སྐྱེལ་པ་ཉི་མ་ལྷ་མོས་དཀའ་བ་ཁྱད་དུ་སེལ་ནས་རྒྱ་ཆེའི་མང་ཚོགས་ལ་ཞབས་ཞུ་སྒྲུབས་པའི་གནས་ཚུལ་དངོས་གཞིར་བཞག་བྱས་ཏེ་སྒྱུ་རྩལ་གསར་རྩོམ་བྱས་པ་ཞིག་ཡིན་ཞིང་།  བདེ་ཆེན་གྱི་ཀྱག་ཀྱོག་ཆེ་བའི་ལམ་ཁར་བྱུང་བའི་མི་སེམས་འགུལ་བའི་གཏམ་རྒྱུད་གསོན་པོ་ཞིག་ཀྱང་ཡིན། །  

རྩོམ་སྒྲིག་པ། : ལྷ་སྒྲོན་མཚོ།