ཀྲུང་གོ་བོད་ཀྱི་དྲ་བ།

Cop15ཚོགས་ཆེན་སྟེང་གི་བདེ་ཆེན་གྱི་སྐྱེ་དངོས་སྣ་མང་རང་བཞིན།

ཡོང་ཁུངས། : སེམས་ཀྱི་ཉི་ཟླ་དྲ་བ།     སྤེལ་དུས། : 2021-10-15
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ10པའི་ཚེས11ནས་ཚེས15ཉིན་བར། COP15དུས་མཚམས་དང་པོའི་ཚོགས་འདུ་ཡུན་ནན་ཁུན་མིང་དུ་འཚོགས་པ་རེད། ཐེངས་འདིའིCOP15ཡི་བརྗོད་བྱ་གཙོ་བོ་ནི་སྐྱེ་ཁམས་དཔལ་ཡོན། སའི་གོ་ལའི་ཚེ་སྲོག་ཐུན་མོང་ཚོགས་པ་མཉམ་སྐྲུན་བྱ་རྒྱུ་དེ་ཡིན་ཞིང་། འདི་ནི་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་སྐྱེ་ཁམས་དཔལ་ཡོན་བརྗོད་བྱ་གཙོ་བོར་བཟུང་ནས་འཚོགས་པའི་འཛམ་གླིང་ཧྲིལ་པོའི་རང་བཞིན་ལྡན་པའི་གྲོས་ཚོགས་ཐོག་མ་རེད།

图片

图片

        ཚོགས་ར་དང་འགྲེམས་ཁང་ནང་བདེ་ཆེན་གྱི་སྲོག་ཆགས་དང་རྩི་ཤིང་གི་རིགས་མང་པོ་ཞིག་གིས་COP15ཚོགས་ཆེན་ལ་མཛེས་རྒྱན་སྤྲས་ཡོད་པ་མཐོང་བྱུང་།

COP15འགྲེམས་སྟོན་ལྟེ་གནས་སུ་གངས་རིའི་གནས་བདག་ཞེས་པའི་མཚན་སྙན་ཐོབ་པའི་ཏན་སྤྲེའུ་སྤུ་སེར་ཡང་མི་རྣམས་ཀྱིས་དོ་སྣང་ཧ་ཅང་ཆེན་པོ་བྱེད་ཀྱི་ཡོད། བདེ་ཆེན་ཁུལ་འཇོལ་རྫོང་དང་འབའ་ལུང་རྫོང་མངའ་ཁོངས་ཀྱི་པདྨ་རི་བོའི་སྲུང་སྐྱོང་ཁུལ་ནི་རྒྱལ་ཡོངས་ཀྱི་རྒྱ་ཁྱོན་ཆེ་ཤོས་ཀྱི་ཏན་སྤྲེའུ་སྤུ་སེར་སྲུང་སྐྱོང་བྱེད་པའི་རང་བྱུང་སྲུང་སྐྱོང་ཁུལ་ཞིག་ཡིན་པ་མ་ཟད།ཉེ་བའི་ལོ་ཤས་རིང་པདྨ་རི་བོའི་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་དུ་ཁྱབ་པའི་ཏན་སྤྲེའུ་སྤུ་སེར་བརྟན་པོའི་ངང་འཕར་བའི་རྣམ་པ་བཟང་པོ་ཐོན་པ་དང་སྲུང་སྐྱོང་ཁུལ་འཛུགས་སྐྲུན་བྱེད་འགོ་ཚུགས་མ་ཐག་ཏན་སྤྲེའུ་སྤུ་སེར་གྱི་གྲངས་འབོར་ཚོད་དཔག་བྱས་ན་500ཡང་ཟིན་གྱི་མེད་པ་དང་1995ལོར་བརྟག་དཔྱད་བྱས་པའི་གྲངས་འབོར་800ནས་1000བར་ཟིན་པ་དང་2004ལོར་བརྟག་དཔྱད་བྱས་པའི་གྲངས་འབོར་1200ཡས་མས་ཟིན་ཞིང་།2010ལོར་ལྟ་ཞིབ་ཚད་ལེན་ཐུབ་པའི་གྲངས་འབོར་1500ཡས་མས་ཡིན་པ་དང་མིག་སྔར་ཏན་སྤྲེའུ་སྤུ་སེར་གྱི་གྲངས་འབོར་2300ལྷག་ཙམ་ཟིན་པ་དེས་རྒྱལ་ཡོངས་ཀྱི་ཏན་སྤྲེའུ་སྤུ་སེར་གྱི་རིགས་ཁྱུའི་གྲངས་འབོར་གྱི་70%ཡན་བཟུང་ཡོད།

图片图片图片图片图片图片图片

ཏན་སྤྲེའུ་སྤུ་སེར་ཕུད་ད་དུང་ནགས་ཚལ་སྤང་ལྗོངས། ཚྭ་མེད་ཆུའི་མཚེའུ། དཀོན་ཞིང་རྩ་ཆེ་བའི་སྲོག་ཆགས།་རྩ་ཆེའི་རྩི་ཤིང་སོགས་གཞི་རྒྱུ་མང་པོ་ཚོགས་ཆེན་ཐོག་མངོན་པ་དེས་ཚོགས་ཆེན་ལ་ཉམས་འགྱུར་གཞན་ཞིག་བསྣན་ཡོད། བདེ་ཆེན་གྱི་གཞི་རྒྱུ་དེས་ཀྱང་འཛམ་གླིང་སྐྱེ་བོ་ཀུན་ལ་བདེ་ཆེན་སྐྱེ་དངོས་ཀྱི་སྣ་མང་རང་བཞིན་གྱི་མཛེས་སྡུག་དང་འཛམ་གླིང་གི་སེམས་ཀྱི་ཉི་ཟླའི་མཛེས་ཉམས་ངོམས་པ་རེད། །



རྩོམ་སྒྲིག་པ། : ཀླུ་འབུམ་ཚེ་རིང་།