བདེ་ཆེན་ནས་སྐྱེ་ཁམས་ནགས་ཚལ་གྱི་ཕ་ཡུལ་དང་རྫ་ནག་གི་ཕ་ཡུལ་བཏོད་པ།

3.jpg

4.jpg

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། སྐད་ཚག་ཤང་ནི་ཡུན་ནན་ཞིང་ཆེན་ཡོངས་ཀྱི་རྒྱ་ཁྱོན་ཆེ་ཤོས་ཀྱི་ཤང་དང་གྲོང་རྡལ་ཞིག་ཡིན་པ་དང་ཐུན་མོང་མ་ཡིན་པའི་རང་བྱུང་མཛེས་ལྗོངས་དང་ལྗང་མདོག་ཐོན་ཁུངས་ཡོད། 

ཉེ་བའི་ལོ་འགའི་རིང་ལ་ཤང་དེ་ཡིས་ཁྱད་ཆོས་དང་དགེ་མཚན་ཤུགས་ཆེན་པོས་འཕེལ་རྒྱས་སུ་གཏོང་བ་དང་། གཞི་རིམ་གྱི་ཚན་པའི་གོང་བུར་འགྲིལ་ཤུགས་ཇེ་དྲག་ཏུ་བཏང་བས། གཞི་རིམ་གྱི་ལས་དོན་ཐད་གྲུབ་འབྲས་ལེགས་པོ་ཐོབ་ཡོད། སེམས་ཀྱི་ཉི་ཟླ་གྲོང་ཁྱེར་གྱིས་སེམས་ཀྱི་ཉི་ཟླའི་སྐད་ཆའི་མ་ལག་བསྐྱར་དུ་འཛུགས་རྒྱུའི་བརྒྱུད་རིམ་ནང་སྐད་ཚག་ཤང་གིས་བརྩོན་ལེན་བྱེད་པའི་རི་སྔོ་ཆུ་དྭངས་ནི་གསེར་རི་དངུལ་རི་ཡིན་པའི་འདུ་ཤེས་བརྟན་པོ་བཙུགས་པ་དང་། ས་གནས་དེ་གའི་ནགས་སའི་ཐོན་ཁུངས་དང་གཏེར་ཁའི་ཐོན་ཁུངས་ལ་བརྟེན་ནས་སྐད་ཚག་གི་བེ་ཤ་དང་སྐམ་ཤ། མར་སོགས་གསེར་བྱང་ཐོན་ལས་ལ་གཞི་ཚུགས་པ་བཅས་བྱས་ནས། སྐྱེ་ཁམས་སྲུང་སྐྱོང་དང་ལྗང་མདོག་གཏེར་ལས། ཁྱད་ལྡན་ཐོན་ལས། གྲོང་གསེབ་ཡུལ་སྐོར་བཅས་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་བཏང་བ་རེད། ལྷག་ཏུ་གཙོ་གནད་དམ་འཛིན་དང་དཀའ་གནད་སྒྲོལ་བ། ཞན་ཆ་གསབ་པ། བཀྲག་མདངས་འཚེར་ས་གཏོད་པ་བཅས་ཀྱི་སྤྱིའི་བླང་བྱར་དམིགས་ནས་བརྟན་ལྷིང་དང་འཕེལ་རྒྱས། སྐྱེ་ཁམས་བཅས་ཀྱི་དོན་ཆེན་བཞི་དམ་འཛིན་ཡག་པོ་བྱས་ཏེ་འཛམ་གླིང་གི་སེམས་ཀྱི་ཉི་ཟླའི་སྐྱེ་ཁམས་ནགས་ཚལ་གྱི་ཕ་ཡུལ་ཧུར་ཐག་གཏོད་དགོས་ཞེས་གསལ་སྟོན་བྱས་པ་རེད།

ཉི་ཤར་ཤང་ནི་སེམས་ཀྱི་ཉི་ཟླ་གྲོང་ཁུལ་དང་ཐག་ཉེ་ཤོས་ཀྱི་ཤང་དང་གྲོང་རྡལ་ཞིག་ཡིན་པ་དང་ས་ཁོངས་ཀྱི་ལེགས་ཆ་མངོན་གསལ་དོད་པོ་ཡོད་ཅིང་། ས་ཁོངས་ནང་གི་གཟུགས་འདས་ཤུལ་བཞག་རིག་གནས་ཀྱི་ཉི་ཤིས་རྫ་ནག་དང་ཉི་ཤར་བྱམས་གླུ་སོགས་རྒྱལ་ཁབ་ཕྱི་ནང་དུ་སྐད་གྲགས་ཆོད་ཡོད།

སེམས་ཀྱི་ཉི་ཟླ་གྲོང་ཁྱེར་གྱིས་དུས་རབས་གསར་པར་སླེབས་སྐབས་ཉི་ཤར་ཤང་གི་ཐུན་མོང་མ་ཡིན་པའི་ས་བབ་དང་རང་བྱུང་ཐོན་ཁུངས། རིག་གནས་བཅས་ཀྱི་རྨང་གཞི་སྟངས་འཛིན་དང་བེད་སྤྱོད་གང་ལེགས་བྱས་ནས་ཁྱད་ལྡན་ཐོན་ལས་དང་གཟུགས་འདས་ཤུལ་བཞག་རི་གནས། གྲོང་གསེབ་ཡུལ་སྐོར་བཅས་མཉམ་འདྲེས་གཏིང་ཟབ་ངང་འཕེལ་རྒྱས་བཏང་སྟེ་ཐོན་ལས་འཕེལ་རྒྱས་ཀྱི་གྲུབ་ཆ་ལེགས་སྒྲིག་ཡག་པོ་བྱེད་པ་དང་རྫ་ནག་ཐོན་ལས་གང་ལེགས་གཉེར་ནས་ལོ་ངོ་སྟོང་གི་ཡོ་བྱད་ལས་འོད་སྟོང་འབར་བའི་རིག་གནས་འོད་ཟེར་འཕྲོ་ཐུབ་པ་བྱེད་དགོས་པ་དང་། ཉི་ཤར་བྱམས་གླུའི་རིག་གནས་རྒྱུན་འཛིན་བྱས་ནས་གནའ་བོའི་རིག་གནས་ལ་དུས་རབས་ཀྱི་ནང་དོན་གསར་རྐྱང་ཞིག་བསྣན་ཏེ་འཛམ་གླིང་གི་སེམས་ཀྱི་ཉི་ཟླའི་རྫ་ནག་གི་ཕ་ས་དང་བྱམས་གླུའི་ཕ་ས་ཞིག་ཧུར་ཐག་གཏོད་དགོས་ཞེས་བསྟན་པ་རེད། །

རྩོམ་སྒྲིག་པ། ལྷ་སྒྲོན་མཚོ།

དཔྱད་མཆན 0 ཡོད།