ཀྲུང་གོ་བོད་ཀྱི་དྲ་བ།

ཡུན་ནན་སྤྲེའུ་སེར་གྱི་གྲངས་འབོར་ཇེ་མང་དུ་ཕྱིན་པ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ལྷ་སྒྲོན་མཚོ་ཡིས་བསྒྱུར།   སྤེལ་དུས། : 2021-10-11
ཡིག་གཟུགས། :ཆུང་། འབྲིང་། ཆེ།

3.jpg

4.jpg

5.jpg

6.jpg

7.jpg

པར་འདི་དག་ནི་ཡུན་ནན་སྤྲེའུ་སེར་ཡིན།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཡུན་ནན་སྤྲེའུ་སེར་ནི་རྒྱལ་ཁབ་ཀྱི་རིམ་པ་དང་པོའི་སྲུང་སྐྱོབ་སྲོག་ཆགས་ཡིན་ལ། གཙོ་བོ་ཡུན་ནན་གྱི་ནུབ་བྱང་རྒྱུད་དང་བོད་ལྗོངས་ཤར་ལྷོ་ས་ཁུལ་གྱི་མཐོ་གྲང་གདོད་མའི་ནགས་ཚལ་དུ་འཚོ་སྡོད་བྱེད་བཞིན་ཡོད་པས“གངས་རིའི་རྣམ་ཤེས”ཞེས་པའི་མཚན་སྙན་ཡོད་ཅིང་། དེ་ནི་འཛམ་གླིང་རང་བྱུང་སྲུང་སྐྱོང་མནའ་འབྲེལ་གྱི་མིང་གཞུང་དམང་པོའི་ནང་ཚར་ཉེན་དུ་སླེབས་པའི་སྲོག་ཆགས་རིགས་ཀྱང་ཡིན།

དུས་རབས20ལོ་རབས80པའི་སྔ་གཞུག་ཏུ་རི་དྭགས་རྔོན་པ་དང་ཤིང་གཅོད་པའི་བྱ་སྤྱོད་ཀྱིས་ཡུན་ནན་སྤྲེའུ་སེར་གྱི་འཚོ་སྡོད་གནས་ལ་གཏོར་བརླག་ཐེབས་པས། སྤྲེའུ་སེར་གྱི་གྲངས་འབོར་ཇེ་ཉུང་དུ་ཕྱིན་པ་མ་ཟད། སྲུང་སྐྱོང་གནས་བབ་ཛ་དྲག་ཏུ་གྱུར་པ་རེད། ཚར་ཉེན་དུ་སླེབས་པའི་ཡུན་ནན་སྤྲེའུ་སེར་ལ་སྲུང་སྐྱོང་གང་ལེགས་བྱ་ཆེད། ཀྲུང་གོས་པད་མ་གངས་རིའི་རང་བྱུང་སྲོང་སྐྱོང་ཁུལ་བཙུགས་ནས“སྡེ་ཁུལ་གྱིས་མཉམ་དུ་དོ་དམ་བྱེད་པའི”སྲུང་སྐྱོང་རྣམ་པ་འཚོལ་ཞིབ་བྱས་པ་བརྒྱུད། སྲུང་སྐྱོང་དང་མཐའ་འཁོར་སྡོད་དམངས་ཀྱི་འཚོ་གནས་འཕེལ་རྒྱས་ཟུང་འབྲེལ་བྱས་ཏེ་སྤྲེའུ་སེར་གྱི་གྲངས་འབོར་སླར་གསོའི་རང་བཞིན་གྱིས་འཕར་སྣོན་བྱུང་བར་སྐུལ་འདེད་བཏང་།

ཡུན་ནན་ཞིང་ཆེན་ནགས་ལས་དང་རྩྭ་ཐང་ཅུའུ་ཡིས་ལྟ་ཞིབ་ཚད་ལེན་བྱས་པའི་མཇུག་འབྲས་ལྟར་ན། ལོ་མང་པོར་འབད་བརྩོན་བྱས་པ་བརྒྱུད་སྤྲེའུ་སེར་སྲུང་སྐྱོང་ཕན་འབྲས་མངོན་གསལ་ཐོན་ནས་གྲངས་འབོར1996ལོའི1000དང1500ཙམ་ནས2016ལོར་བརྟག་དཔྱད་བྱས་པའི3000ཡན་ལ་སླེབས་ཡོད། །

རྩོམ་སྒྲིག་པ། : ལྷ་སྒྲོན་མཚོ།