ཀྲུང་གོ་བོད་ཀྱི་དྲ་བ།

རྒྱལ་སྟོན་དུས་ཆེན་རིང་བདེ་ཆེན་གྱི་ཞིང་པ་ཚོས་སྟོན་བསྡུ་བའི་ལས་ལ་བྲེལ་བ།

ཡོང་ཁུངས། : སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།     སྤེལ་དུས། : 2021-10-08
ཡིག་གཟུགས། :ཆུང་། འབྲིང་། ཆེ།

3.jpg

4.jpg

5.jpg

6.jpg

7.jpg

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། སྟོན་ཟླ་བཅུ་པ་ནི་ལོ་ཏོག་སྨིན་བའི་དུས་ཡིན་ལ། ཞིང་པ་ཚོས་ལོ་ཏོག་བསྡུ་བའི་དུས་ཚིགས་ཡིན་པས་ལོ་གཅིག་ནང་ལས་བྲེལ་ཆེ་བའི་དུས་སྐབས་ཀྱང་ཡིན། གསེར་ཞུན་ལན་བརྒྱར་བྱུགས་འདྲའི་ཞིང་ཐང་དུ་ལོ་ལེགས་སྙེ་མའི་རྦ་རླབས་ལང་ལོང་དུ་འཕྱུར་བས་ཞིང་པ་ཚོའི་མདོང་ལ་དགའ་བའི་འཛུམ་གྱིས་ཁེངས་ཡོད།

སྟོན་ཟླ་བཅུ་པར་འབའ་ལུང་རྫོང་མཐའ་ཆུ་གྲོང་རྡལ་གྱི་འབྲས་བསྡུ་བའི་དུས་སྐབས་སླེབས་པ་དང་། འབྲས་ཞིང་དུ་བརྔ་བསྡུའི་འཕྲུལ་འཁོར་གྱིས་ཝང་ཝང་གི་སྒྲ་གྲགས་པ་དང་།  ཞིང་པ་ཚོས་འབྲས་སོག་བསྡུ་བ་དང་འབྲས་སོབ་དབོར་སྐྱེལ་བྱེད་པའི་ལས་ལ་བྲེལ་ཞིང་། བརྔ་བསྡུ་དང་འབྲུ་རྡོག་ཕུད་པ་སོགས་འཕྲུལ་འཁོར་ཅན་གྱི་ལས་སྒྲུབ་བྱེད་སྟངས་ཀྱིས་ཞིང་པ་ཚོའི་ངལ་རྩོལ་ལྕི་ཚད་ཇེ་ཡང་དུ་བཏང་ཡོད་པ་མ་ཟད་ཐོན་སྐྱེད་ཀྱི་ལས་ཆོད་མཐོར་འདེགས་ཡོད་པ་རེད།

སེམས་ཀྱི་ཉི་ཟླ་གྲོང་ཁྱེར་སན་པ་ཤང་གི་ཞིང་ཁ་དང་རི་ཀླུང་ཀུན་ཏུ་ཞིང་པ་ཚོས་ལོ་ཏོག་བསྡུ་བའི་དུས་མཚུངས་སུ་འབྲུ་རིགས་སྐམ་པའི་ལས་ལ་བྲེལ།

རྒྱལ་སྟོན་དུས་ཆེན་གྱི་གུང་གསེང་རིང་། འབའ་ལུང་རྫོང་ཡུང་ཁྲུན་ཤང་པའེ་ཕ་ཐང་གྲོང་མི་ཚོ་ཆུང་དུ་གྲོང་མི་རྣམས་ཀྱིས་འབྲས་ཞིང་དུ་འབྲས་སོབ་བརྔ་བའི་ལས་ལ་བྲེལ་ཞིང་། གྲོང་མི་ཡུས་ཅ་ལིན་གྱི་འབྲས་ཞིང་ལ་ལོ་ལེགས་བྱུང་བས་གདོང་ལ་འཛུམ་གྱིས་ཁེངས།

རྒྱལ་སྟོན་དུས་ཆེན་གྱི་གུང་གསེང་མཇུག་རྫོགས་རྗེས་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་གྱི་གྲོང་པ་འགར་སྟོན་བསྡུ་ལས་ལ་བྲེལ་བའི་མགོ་ཚུགས་པ་དང་། རྩྭ་བསྡུ་བ་དང་ནས་བརྔ་བ།  ཡུངས་དཀར་བརྡུངས་བ།  ཉུང་མ་བསྡུ་བ།  ཞོག་ཁོག་སློག་པ་སོགས་ཀྱི་ལས་རེ་རེར་བྲེལ་བཞིན་ཡོད། །

རྩོམ་སྒྲིག་པ། : ལྷ་སྒྲོན་མཚོ།