ཀྲུང་གོ་བོད་ཀྱི་དྲ་བ།

འཇོལ་གྱིས་རྒྱལ་སྟོན་གུང་གསེང་རིང་རིག་གནས་ཡུལ་སྐོར་གྱི་བྱ་འགུལ་རབ་དང་རིམ་པ་སྤེལ།

ཡོང་ཁུངས། : སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།     སྤེལ་དུས། : 2021-10-08
ཡིག་གཟུགས། :ཆུང་། འབྲིང་། ཆེ།

3.jpg

4.jpg

5.jpg

6.jpg

7.jpg

པར་འདི་དག་ནི་བྱ་འགུལ་ཡུལ་དངོས་རེད།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ10པའི་ཚེས2ཉིན་གྱི་སྔ་དྲོར་འཇོལ་རྫོང་གི2021ལོའི་ཡུལ་སྐོར་རྫོགས་ལྡན་གཟའ་འཁོར་གྱི་རིག་གནས་ཡུལ་སྐོར་བྱ་འགུལ་དང་སྟོན་ཟླ་བཅུ་བར་ཁ་བ་དཀར་པོ་དང་དུས་ཆད་བྱས་ནས། གངས་འདབས་ནས་ཁྱེད་དང་འཕྲད་པ་ཞེས་པའི་བརྗོད་དོན་གཙོ་བོའི་བྱ་འགུལ་དེ་དགོན་པ་སྟེང་མཛེས་ལྗོངས་སྟེགས་བུའི་ཐོག་དངོས་སུ་སྤེལ་འགོ་ཚུགས་པ་རེད།

ཤེས་གསལ་ལྟར་ན། ཐེངས་འདིའི་བྱ་འགུལ་གྱི་དུས་ཡུན་ཉིན5ཡིན་པ་དང་། མི་རིགས་ཀྱི་གྱོན་ཆས་འགྲེམས་སྟོན་དང་། མི་རིགས་ཀྱི་གླུ་གཞས་དགོང་ཚོགས། ཞིང་ལས་ཁྱད་ལྡན་ཐོན་རྫས་དང་དེ་བཞིན་གཟུགས་འདས་ཤུལ་བཞག་རིག་གནས་འགྲེམས་ཚོང་སོགས་ཀྱི་རིག་གནས་ཡུལ་སྐོར་བྱ་འགུལ་སྣ་ཚོགས་བཀོད་སྒྲིག་བྱས་ཡོད་པ་རེད། སྐོར་བྲོ་དང་། རས་པ། གཞས། ལ་གཞས་སོགས་འཇོལ་རྫོང་གི་ཁྱད་ལྡན་སྲོལ་རྒྱུན་གླུ་གར་གཅིག་སྡུད་ཐོག་འགྲེམས་སྟོན་བྱས་པ་བརྒྱུད། འོད་སྟོང་རབ་ཏུ་འབར་བའི་འཇོལ་རྫོང་གི་ལོ་རྒྱུས་རིག་གནས་དང་དུས་ཡུན་རིང་པོའི་གངས་རིའི་རིག་གནས། ནང་དོན་ཕུན་སུམ་ཚོགས་པའི་མི་རིགས་ཀྱི་རིག་གནས་བཅས་གང་ལེགས་མངོན་ཡོད་པ་རེད།

གར་སྟེགས་སྟེང་འཁྲབ་སྟོན་པས་སེམས་ནུས་ཡོད་རྒུས་འཁྲབ་སྟོན་བྱས་ནས་ཡུལ་དངོས་ཀྱི་ལྟད་མོ་བར་སྒྱུ་རྩལ་གྱི་གསོལ་སྟོན་ཞིག་བཤམས་པ་དང་། འཇོལ་རྫོང་གི་བུ་ཕྲུག་ཚོས་ལྷད་མེད་ཀྱི་བརྩེ་སེམས་གར་གྱི་སྟངས་སྟབས་ཀྱིས་ཏང་དང་མེས་རྒྱལ་མི་དམངས་བཅས་ལ་བཅངས་བའི་སྨོན་འདུན་བཟང་པོ་མཚོན་པ་མ་ཟད།འཇོལ་རྫོང་གི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་གྲུབ་འབྲས་ལ་སྤྲོ་སེམས་འཁོལ་བའི་ངང་བསྔགས་བརྗོད་བྱས་ནས་ཏང་ལ་དགའ་ཞེན་དང་རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོའི་བརྗོད་དོན་གཙོ་བོ་དར་སྤེལ་བཏང་ཡོད། །

རྩོམ་སྒྲིག་པ། : ལྷ་སྒྲོན་མཚོ།