ཀྲུང་གོ་བོད་ཀྱི་དྲ་བ།

རྒྱལ་སྟོན་དུས་ཆེན་རིང་བདེ་ཆེན་དུ་ཡུལ་སྐོར་གྱི་ཚ་རླབས་འཕྱུར།

ཡོང་ཁུངས། : སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།     སྤེལ་དུས། : 2021-10-08
ཡིག་གཟུགས། :ཆུང་། འབྲིང་། ཆེ།

3.jpg

4.jpg

5.jpg

6.jpg

7.jpg

8.jpg

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ད་ལོའི་རྒྱལ་སྟོན་གུང་གསེང་རིང་བདེ་ཆེན་དུ་ཡུལ་སྐོར་གྱི་ཚ་རླབས་འཕྱུར་ཞིང་། བདེ་ཆེན་ཁུལ་གྱི་མཛེས་ལྗོངས་ཁུལ་ཆེ་གྲས་ཁག་ཏུ་མི་ཚོགས་ཀྱིས་ཁེངས་ཡོད། ཟླ10པའི་ཚེས5ཉིན་བདེ་ཆེན་ཁུལ་རིག་གནས་ཡུལ་སྐོར་ཅུའུ་ཡི་གཞུང་སྒྲུབ་ཁང་ནས་ཤེས་གསལ་ལྟར་ན། ཟླ10པའི་ཚེས4ཉིན་བར་བདེ་ཆེན་ཁུལ་ཡོངས་ཀྱིས་ཡུལ་སྐོར་བ་མི་ཐེངས་ཁྲི28.21ལ་སྣེ་ལེན་ཞུས་པ་རེད།

ངོ་སྤྲོད་ལྟར་ན། པོ་ཏ་མཚོ་མཛེས་ལྗོངས་ཁུལ་དུ་རྒྱུན་ལྡན་གྱི་ཡུལ་སྐོར་བ་སྣེ་ལེན་ཞུ་ཚད་ནི་ཆ་སྙོམས་ཀྱིས་མི1000ཙམ་ཡིན་པ་དང་། རྒྱལ་སྟོན་གུང་གསེང་རིང་ཡུལ་སྐོར་བ་མངོན་གསལ་དོད་པོས་མང་དུ་ཕྱིན་ནས་ཚེས3དང4ཉིན་མི་ཁྲི་ལས་བརྒལ་བ་རེད། ཡུལ་སྐོར་བ་གཙོ་བོ་ཞིང་ཆེན་ནང་ཁུལ་ནས་ཡོང་བ་དང་སྒེར་འཁོར་བཏང་ནས་ཡུལ་སྐོར་བྱེད་མཁན་ཡང་མང་བ་རེད། ཡུལ་སྐོར་བས་འགྲོ་ལམ་དང་མཛེས་ལྗོངས་ཁུལ་ལ་གདེང་འཇོག་མཐོན་པོ་བྱེད་ཀྱིན་ཡོད།

རྒྱལ་སྟོན་གུང་གསེང་རིང་སེམས་ཀྱི་ཉི་ཟླའི་ཏན་སྤྲེའུ་སྤུ་སེར་རྒྱལ་ཁབ་སྤྱི་གླིང་གིས་ཞིང་ཆེན་ཕྱི་ནང་གི་ཡུལ་སྐོར་བ་མང་པོ་ཞིག་གི་ཡིད་དབང་བཀུགས་ཤིང་།རྒྱལ་སྟོན་གུང་གསེང་གི་ཉིན་གསུམ་པར་མཛེས་ལྗོངས་ཁུལ་དུ་ཡུལ་སྐོར་གྱི་ཚ་རླབས་ཤིག་འཕྱུར་བ་རེད།

རྒྱལ་སྟོན་གུང་གསེང་རིང་སྟག་མཆོང་གྲོག་རོང་མཛེས་ལྗོངས་ཁུལ་དུ་ཡུལ་སྐོར་བ་མང་དུ་ཕྱིན་ནས་ཚེས1ནས་ཚེས4ཉིན་བར་ཉིན་རེར་ཆ་སྙོམས་ཡུལ་སྐོར་བ་7000ལྷག་ཙམ་ཟིན་པ་དང་། ཟླ10པའི་ཚེས4ཉིན་ཡུལ་སྐོར་བ9706སྣེ་ལེན་བྱས་པ་རེད།

གཞན་ཡང་མཚན་མོའི་ཟླ་འོད་འོག་གི་རྡོ་མཁར་རྫོང་དང་ཟླ་འོད་ཐང་ཆེན་སོགས་སུ་སྙན་འཇེབས་ལྡན་པའི་རོལ་དབྱངས་དང་བསྟུན་ནས་རྒྱ་ཆེའི་ཡུལ་སྐོར་བ་དང་གྲོང་མི་ཚོས་མི་རིགས་ཀྱི་ཞབས་བྲོ་འཁྲབ་པ་དང་། མཛེས་པའི་རྩྭ་ཐང་སྟེང་གི་རེ་ལྕག་མེ་ཏོག་གིས་ཡུལ་སྐོར་བ་མང་པོའི་ཡིད་དབང་འཕྲོག་ཡོད། ནགས་ཕག་མཚོའི“ཆུ་ཐོག་གཞུང་ལམ”དེ་དྲ་ཐོག་ནས་སྐད་གྲགས་ཆོད་པའི་ས་ཆ་ཞིག་ཡིན་པའི་ངོས་ནས་གནས་འདིར་སྒེར་འཁོར་བཏང་ནས་ཡུལ་སྐོར་དུ་འོང་མཁན་ཡང་ཤིན་ཏུ་མང་། ནགས་ཕག་མཚོའི་མཐའ་འཁོར་གྱི་རྟ་ར་རུ་མདའ་འཕེན་པ་དང་རྟ་ཞོན་པའི་ཡུལ་སྐོར་བས་ཁེངས་འདུག

རྩོམ་སྒྲིག་པ། : ལྷ་སྒྲོན་མཚོ།