པད་མ་གངས་རིའི་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་གྱི་སྲོག་ཆགས་དང་རྩི་ཤིང་རྩ་ཆེན་རིགས་ལོ་རེ་བཞིན་འཕེལ།

3.jpg

པར་འདི་ནི་དགུན་དུས་ཀྱི་ཡུན་ནན་པད་མ་གངས་རིའི་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་རེད། 

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། དུས་ཡུན་ལོ38རིང་གི་སྲུང་སྐྱོང་དང་འཕེལ་རྒྱས་བརྒྱུད། ཡུན་ནན་པད་མ་གངས་རིའི་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་གྱི་སྲོག་ཆགས་དང་རྩི་ཤིང་རྩ་ཆེན་རིགས་ཀྱི་གྲངས་འབོར་ལོ་རེ་བཞིན་འཕར་སྣོན་བྱུང་ནས་སྐྱེ་དངོས་སྣ་མང་རང་བཞིན་གྱི་སྲུང་སྐྱོང་ཐད་ཕན་འབྲས་མངོན་གསལ་ཐོབ།

ཟླ9པའི་ཚེས11ཉིན། COP15ཡུན་ནན་སྐྱེ་དངོས་སྣ་མང་རང་བཞིན་བརྗོད་གཞིའི་བཅར་འདྲི་བྱ་འགུལ་དེ་ཡུན་ནན་པད་མ་གངས་རིའི་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་དུ་བསྐྱོད་པ་དང་། པད་མ་གངས་རིའི་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་དོ་དམ་སྲུང་སྐྱོང་ཅུའུ་ཡི་ཅུའུ་ཀྲང་མའོ་བིའུ་ཡིས་ངོ་སྤྲོད་ལྟར་ན། མིག་སྔར་སྲུང་སྐྱོང་ཁུལ་དུ་ས་བོན་རྩི་ཤིང་རིགས1703དང་དེའི་ཁྲོད་སྲུང་སྐྱོང་ཁུལ་ཁོ་ན་རུ་ཡོད་པའི་རྩི་ཤིང་རིགས883ཡོད། འོ་གསོས་སྲོག་ཆགས་རིགས100ཡོད་པ་དང་འདབ་ཆགས་རྩ་ཆེན་རིགས371བཅས་ཡོད། གཙོ་གནད་སྲོག་ཆགས་རིགས་སྤྲེའུ་སེར་དེ་སྔོན་ཆད་ཀྱི1200ནས་ད་ལྟའི2700ལ་སླེབས་པ་དང་། གཟིག་དང་ཆུ་ཤྭ་སོགས་ཀྱི་རི་སྐྱེས་སྲོག་ཆགས་དང་འདབ་ཆགས་རྩ་ཆེན་རིགས་ཀྱི་གྲངས་འབོར་ཡང་རྒྱུན་མཐུད་ངང་འཕར་སྣོན་བྱུང་ཡོད་པས། པད་མ་གངས་རིའི་སྲུང་སྐྱོང་ཁུལ་གྱི་སྐྱེ་དངོས་སྣ་མང་རང་བཞིན་སྲུང་སྐྱོང་ལ་ཕན་འབྲས་ཡག་པོ་ཐོབ་ཡོད་ཟེར།

ཡུན་ནན་པད་མ་གངས་རིའི་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་ནི1983ལོར་བཙུགས་པ་དང་ད་ལྟའི་བར་དུ་ལོ་ངོ38ཀྱི་ལོ་རྒྱུས་ལྡན་ལ། དེ་ནི་འཛམ་གླིང་གི་སྐྱེ་དངོས་སྣ་མང་རང་བཞིན་གྱི་ཀུན་གྱིས་དོ་སྣང་བྱེད་པའི་ས་ཁུལ35ཡི་གྲས་ཤིག་ཀྱང་ཡིན། དེའི་རྒྱ་ཁྱོན་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་གྱི་རྒྱ་ཁྱོན་གྱི11.2%ཟིན་ཡོད་པས་ཆེས་ཆེ་བའི་རང་བྱུང་སྲུང་སྐྱོང་ཁུལ་དུ་གྱུར་ཡོད། སྲུང་སྐྱོང་ཁུལ་བཙུགས་པ་ནས་ལོ་ངོ38ཀྱི་རིང་ལ་སྲུང་སྐྱོང་ཁུལ་གྱིས་མུ་མཐུད་དུ་སྐྱེ་དངོས་སྲུང་སྐྱོང་དང་འཕེལ་རྒྱས་ལམ་བུ་འཚོལ་ཞིབ་བྱེད་བཞིན་ཡོད།

མ་འོངས་པར་སྲུང་སྐྱོང་ཁུལ་གྱིས་ཐོན་ཁུངས་སྲུང་སྐྱོང་ཡག་པོ་བྱ་རྒྱུ་དང་ཚན་རིག་ཞིབ་འཇུག་གི་ལྟ་ཞིབ་ཚད་ལེན། སྡེ་ཁུལ་དང་མཉམ་དུ་དོ་དམ་བྱེད་པ། སྐྱེ་ཁམས་སྲུང་སྐྱོང་སོགས་ཀྱི་དོན་ཆེན་བཞི་རྒྱུན་འཁྱོངས་བྱས་ཏེ། སྲུང་སྐྱོང་ཁུལ་དུ་མི་དང་རང་བྱུང་འཆམ་མཐུན་མཉམ་གནས་ཀྱི་རྣམ་པ་གསར་བ་ཞིག་བསྐྲུན་རྒྱུ་རེད། །

རྩོམ་སྒྲིག་པ། ལྷ་སྒྲོན་མཚོ།

དཔྱད་མཆན 0 ཡོད།