ཀྲུང་གོ་བོད་ཀྱི་དྲ་བ།

ཡུན་ནན་བདེ་ཆེན་རྫོང་གི་མང་ཚོགས་ཀྱིས་རྒུན་འབྲུམ་འདེབས་འཛུགས་ལ་བརྟེན་ནས་ཕྱུག་འགྱུར་བྱས།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ལྷ་སྒྲོན་མཚོ་ཡིས་བསྒྱུར།   སྤེལ་དུས། : 2021-09-16
ཡིག་གཟུགས། :ཆུང་། འབྲིང་། ཆེ།

3.jpg

པར་འདི་ནི་བདེ་ཆེན་རྫོང་ཡུན་ལིན་ཤང་དངུལ་ཕུ་གྲོང་ཚོའི་ཞིང་བས་རྒུན་འབྲུམ་བཏོག་བཞིན་པའི་ཚུལ་རེད།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་བའི་ལོ་ཤས་རིང་ཡུན་ནན་ཞིང་ཆེན་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་བདེ་ཆེན་རྫོང་ཡུན་ལིན་ཤང་གིས་ཧུར་ཐག་གིས་འདེབས་འཛུགས་རྣམ་པ་ལེགས་སྒྲིག་དང་། ཏང་ཀྲི་པུའུ་དང་ཏང་ཡོན་གྱི་སྣེ་ཁྲིད་ནུས་བ་འདོན་སྤེལ་གང་ལེགས་བྱས་ནས། “ཀྲི་པུའུ+ཀུང་སི+རྟེན་གཞི+ཞིང་དུད”ཀྱི་དཔེ་དབྱིབས་ཀྱིས་ཤུགས་ཆེན་པོས་རྒུན་འབྲུམ་ཐོན་ལས་འཕེལ་རྒྱས་སུ་བཏང་ལ། རྫ་ཆུའི་རོང་ཁུལ་དེ་གྲོང་གསེབ་དར་སྤེལ་དང་ཞིང་བའི་ཡོང་འབབ་འཕར་སྣོན་དང་ཕྱུག་འགྱུར་བྱུང་བའི“རྒུན་འབྲུམ་ལུང་བ”རུ་འགྱུར་བར་སྐུལ་འདེད་བཏང་། ། 

4.jpg

པར་འདི་ནི་བདེ་ཆེན་རྫོང་ཡུན་ལིན་ཤང་དངུལ་ཕུ་གྲོང་ཚོའི་ཞིང་བས་རང་གིས་བཏབ་པའི་རྒུན་འབྲུམ་སྟོན་བཞིན་པའི་ཚུལ་རེད། 

5.jpg

པར་འདི་ནི་བདེ་ཆེན་རྫོང་ཡུན་ལིན་ཤང་དངུལ་ཕུ་གྲོང་ཚོའི་ཞིང་བས་རྒུན་འབྲུམ་ཁྱེར་ནས་འགྲོ་བཞིན་པའི་ཚུལ་རེད། 

6.jpg

པར་འདི་ནི་བདེ་ཆེན་རྫོང་ཡུན་ལིན་ཤང་དངུལ་ཕུ་གྲོང་ཚོའི་ཞིང་བ་གཉིས་ཀྱིས་རྒུན་འབྲུམ་བཏོག་བཞིན་པའི་ཚུལ་རེད།

རྩོམ་སྒྲིག་པ། : ལྷ་སྒྲོན་མཚོ།