ཀྲུང་གོ་བོད་ཀྱི་དྲ་བ།

གསེར་ཟམ་ཚོང་རའི་ཡུལ་ཐོན་དངོས་རྫས་ཀྱིས་གྲོང་མིར་སྟབས་བདེ་བསྐྲུན།

ཡོང་ཁུངས། : སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།     སྤེལ་དུས། : 2021-09-15
ཡིག་གཟུགས། :ཆུང་། འབྲིང་། ཆེ།

3.jpg

4.jpg

6.jpg

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། དབུལ་སྐྱོར་འཛད་སྤྱོད་ཀྱི་སྲིད་ཇུས་བཏོན་པ་ནས་བཟུང་།  སེམས་ཀྱི་ཉི་ཟླ་གྲོང་ཁྱེར་གསེར་ཟམ་ཉེ་འཁོར་གྱི་ཉི་གཏད་ལམ་ནི་ས་གནས་ཀྱི་ཡུལ་ཐོན་ཁྱད་རྫས་འཚོང་སའི་ཁྲོམ་ར་གཙོ་བོར་གྱུར་ཡོད་ལ། ཁྲོམ་ར་འདིར་བདེ་ཆེན་ས་གནས་ཀྱི་ཚོང་བ་ལས་གཞན་ས་དམ་དང་ཏ་ལི་སོགས་ཀྱི་ཚོང་བ་རྒྱ་བོད་འཇང་གསུམ་སོགས་འདུས་ནས་རྒྱ་ཆེའི་འཛད་སྤྱོད་པར་ས་གནས་ཀྱི་ཀེའུ་དང་ཙོང་།  སྒོག་པ།  ཞོག་ཁོག་སོགས་ཀྱི་སྔོ་ཚལ་མཁོ་འདོན་བྱས་པ་མ་ཟད། ཀུ་ཤུ་དང་ཆུ་ཀུབ།  སེ་འབྲུ།  རྒུན་འབྲུམ་སོགས་ས་གནས་སོ་སོའི་སིལ་ཏོག་སྣ་ཚོགས་ཀྱང་མཁོན་འདོན་བྱེད་བཞིན་ཡོད། ཡང་དུས་ཚིགས་ཀྱི་འགྱུར་ལྡོག་དང་བསྟུན་ནས་བེ་ཤྭ་རིགས་སྣ་ཚོགས་ཀྱང་ཁྲོམ་རར་ཐོན་ཡོད་པས་བྲིན་ཆེ་བའི་ཚོང་རྫས་ཞིག་ཏུ་གྱུར་ཡོད། ཡུལ་དེའི་ནོར་གནག་གི་ཤ་སྐམ་དང་། བོད་ཕག་གི་ཤ་རྒྱུ། ཕྱེ་རྩམ། ཞོ་དང་ཕྱུ་ར།  མར། ས་གནས་ཀྱི་མེ་ཏོག སྨན་རྩྭ་སོགས་ལ་ཡང་འཛད་སྤྱོད་པས་དགའ་བསུ་ཆེན་པོ་ཐོབ་ཀྱིན་ཡོད་པ་རེད།

ཞོགས་པའི་ཆུ་ཚོད་བདུན་ནས་དགོང་མོའི་ཆུ་ཚོད་བདུན་བར་སྲང་ལམ་འདིར་མི་ཤིན་ཏུ་མང་ཞིང་།  གུང་གསེང་གི་དུས་སུ་མི་ཚོགས་རྒྱུན་ལྡན་དང་བསྡུར་ན་ཤིན་ཏུ་མང་། ཕྱོགས་སོ་སོ་ནས་ཐོན་པའི་ཚོང་བ་རྣམས་གོ་རིམ་བཞིན་གྲལ་བསྒྲིགས་ནས་རང་ཡུལ་གྱི་ཐོན་རྫས་སྣ་ཚོགས་ཁྲོམ་རར་བཙོང་བཞིན་ཡོད་པས་བར་མཚམས་འདི་ནི་ཚོང་སྣ་བརྒྱ་འདུས་ཀྱི་སྲང་ལམ་ཞིག་ཏུ་གྱུར་ཡོད་པ་དང་། ཚོང་བ་རྣམས་ལ་ཡོང་སྒོ་ལྷག་མ་ཞིག་འཕར་ཡོད་པ་མ་ཟད་ས་གནས་དེའི་མི་རྣམས་ཀྱིས་ཀྱང་སྲང་ལམ་སྣ་གཅིག་ནས་རང་ལ་མཁོ་བའི་དངོས་པོ་གང་རུང་ཉོ་ཆོག་ལ། ལྷག་པར་སྔོ་ཚལ་དང་སིལ་ཏོག་སོས་པ་ཟ་ཐུབ་པ་བྱུང་ནས་ཕྱོགས་མང་པོ་ཞིག་ལ་སྟབས་བདེ་བསྐྲུན་ཡོད། །

རྩོམ་སྒྲིག་པ། : ལྷ་སྒྲོན་མཚོ།