ད་ལོར་རྒྱལ་ཁབ་ཀྱིས་སྒོར་དུང་ཕྱུར35.8བཏང་ནས་ཡུན་ནན་གྱི་ཆུ་བེད་འཛུགས་སྐྲུན་ཐད་ལ་རོགས་སྐྱོར་བྱས་པ

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ལམ། ཡུན་ནན་ཞིང་ཆེན་འཕེལ་རྒྱས་དང་བཅོས་བསྒྱུར་ཨུ་ལྷན་ནས་འབྱོར་བའི་གནས་ཚུལ་ལྟར་ན། རྒྱལ་ཁབ་འཕེལ་རྒྱས་དང་བཅོས་བསྒྱུར་ཨུ་ལྷན་གྱིས་ཉེ་སྔོན་ཡུན་ནན་ཞིང་ཆེན་ལ་ཀྲུང་དབྱང་གི་སྔོན་རྩིས་ཁྲོད་ཀྱི་ཆུ་བེད་ལས་གཞིའི་མ་དངུལ་སྒོར་དུང་ཕྱུར3.7བཏང་། དེར་བརྟེན་ད་ལོར་རྒྱལ་ཁབ་ཀྱིས་སྒོར་དུང་ཕྱུར35.8བཏང་ནས་ཡུན་ནན་གྱི་ཞོད་སྐྱོན་སྔོན་འགོག་སོགས་ཀྱི་ཉམས་ཞན་ཚན་ཚིགས་ཀྱི་ཆུ་བེད་ལས་གཞི་འཛུགས་སྐྲུན་ལ་རོགས་སྐྱོར་བྱས་པ་རེད།

རྒྱལ་ཁབ་འཕེལ་བསྒྱུར་ཨུ་ལྷན་དང་ཆུ་བེད་པུའུ་ཡིས་མཉམ་འབྲེལ་སྒོས་ཁྱབ་བསྒྲགས་བྱས་པའི་མ་དངུལ་གཏོང་སྤྲོད་ཆ་འཕྲིན་ལས་མངོན་པ་ལྟར་ན། མ་དངུལ་འདིས་ཡུན་ནན་ཞིང་ཆེན་གྱི་པིན་ཁྲོན་དང་ཆུ་ཆེན། ཆིན་ལིན་གཙང་བོ་བཅས་ཆུ་འདྲེན་ཁུལ་ཆེན་མོ་གསུམ་གྱི་མཐུད་སྐྲུན་ཆ་སྡེབ་དང་དེང་རབས་ཅན་གྱི་བསྒྱུར་བཅོས་དང་། ཞོན་ཝེ་གྲོང་ཁྱེར་གྱི་པེན་ཆའོ་དང་པིན་ཁྲོན་རྫོང་གི་ཏ་དབྱིན་ཏེན། ཀའོ་མིན་རྫོང་གི་པ་ཅ་སྡེ་བ་བཅས་ཀྱི་ཆུ་མཛོད་འབྲིང་བའི་ཉེན་སེལ་སྲ་བཟོ། བཞུར་ཁོངས་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ3000ཡན་ཡོད་པའི་རྒྱལ་མོ་རྔུལ་ཆུ་དང་ཧུང་ཧི་གཙང་བོའི་ཆུ་ལག་གཙོ་བོ་བཅོས་སྐྱོང་ལས་གཞིའི་ཀྲུང་དབྱང་གི་སྔོན་རྩིས་ཁྲོད་ཀྱི་མ་དངུལ་སྒོར་ཁྲི36669བཏང་བ་བཅས་ལ་རོགས་སྐྱོར་བྱས་ཡོད།

ད་ལོའི་ཟླ5པར། རྒྱལ་ཁབ་ཀྱིས་ཡུན་ནན་ཞིང་ཆེན་ལ2021ལོའི་རྒྱལ་ཁབ་ཆུ་དྲའི་གཙོ་རྐང་བཟོ་འགོད་དང་ཆུའི་བདེ་འཇགས་འགན་སྲུང་བཟོ་འགོད་ཀྱི་ཀྲུང་དབྱང་སྔོན་རྩིས་ཁྲོད་ཀྱི་དངུལ་གཏོང་འཆར་འགོད་ཀྱི་མ་དངུལ་སྒོར་དུང་ཕྱུར32.1བཏང་སྟེ་ཉེན་སྐྱོན་ཆུ་མཛོད6གི་ཉེན་སེལ་སྲ་བཟོའི་བཟོ་འགོད་དང་འབྲེལ་ཡོད། རྒྱལ་ཁབ་ཀྱིས་ད་ལོར་ཡུན་ནན་ཞིང་ཆེན་ལ་ཆུ་བེད་ཁྱབ་ཁོངས་ཀྱི་ཀྲུང་དབྱང་སྔོན་རྩིས་ཁྲོད་ཀྱི་མ་དངུལ་སྒོར་དུང་ཕྱུར35.8བཏང་བ་དེ་དག་གིས་ཡུན་ནན་ཞིང་ཆེན་གྱི་ཆུ་བེད་འཛུགས་སྐྲུན་གྱི་མ་དངུལ་བསྡུ་རུབ་གནོན་ཤུགས་ཇེ་ཡང་དུ་བཏང་སྟེ། ཕན་ནུས་ལྡན་པའི་སྒོ་ནས་ཆུ་བེད་ཀྱི་གཏན་འཇགས་རྒྱུ་ནོར་དམིགས་འབེན་ལས་འགན་དངོས་འབེབས་བྱེད་པར་རོགས་འདེགས་བྱས་ཡོད། །

རྩོམ་སྒྲིག་པ། རྡོ་རྗེ་བསམ་འགྲུབ།

དཔྱད་མཆན 0 ཡོད།