ཀྲུང་གོ་བོད་ཀྱི་དྲ་བ།

ཡུན་ནན་ནགས་ཕག་མཚོའི་སྐྱེ་ཁམས་ཕན་ནུས་ཀྱི་ཁ་གསབ་ལ་གྲུབ་འབྲས་མངོན་གསལ་ཐོབ་པ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ལྷ་སྒྲོན་མཚོ་ཡིས་བསྒྱུར།   སྤེལ་དུས། : 2021-09-13
ཡིག་གཟུགས། :ཆུང་། འབྲིང་། ཆེ།

1.jpg

3.jpg

4.jpg

5.jpg

6.jpg

པར་འདི་དག་ནི་ནགས་ཕག་མཚོའི་འདབ་ཆགས་རིགས་དང་སྐྱེ་ཁམས་ཁོར་ཡུག་རེད།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ9པའི་ཚེས11ཉིན། COP15ཡུན་ནན་སྐྱེ་དངོས་སྣ་མང་རང་བཞིན་བརྗོད་གཞིར་བཟུང་བའི་བཅར་འདྲི་བྱ་འགུལ་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་དུ་བསྐྱོད་དེ་ནགས་ཕག་མཚོ་ཞིང་ཆེན་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་གྱི་སྐྱེ་དངོས་སྣ་མང་རང་བཞིན་སྐོར་ལ་བཅར་འདྲི་བྱས་པ་དང་། ད་ལོའི་ཟླ7པར་ནགས་ཕག་མཚོ་རུ་འདབ་ཆགས་རིགས55ལྟ་ཞིབ་ཚད་ལེན་བྱས་པའི་ཁྲོད་གླང་རྒྱབ་ཆུ་སྐྱ་དང་སྐྱར་མོ་རྐང་རིང་སོགས་ཀྱི་གྲངས་འབོར་ཇེ་མང་དུ་སོང་ཡོད།

ནགས་ཕག་མཚོ་ཞིང་ཆེན་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་དོ་དམ་སྲུང་སྐྱོང་ཅུའུ་ཡི་ཅུའུ་ཀྲང་གཞོན་པ་ཡེས་ཅན་ཅོན་གྱིས་ངོ་སྤྲོད་ལྟར་ན། ཉེ་བའི་ལོ་ཤས་རིང་ནགས་ཕག་མཚོ་དོ་དམ་སྲུང་སྐྱོང་ཅུའུ་ཡིས་སྐོར་སྲུང་དང་ལྟ་ཞིབ་ཚད་ལེན། ཚན་རིག་ཁྱབ་གདལ་གྱི་དྲིལ་སྒྲོག་སོགས་ཀྱི་རྒྱུན་ལྡན་དོ་དམ་སྲུང་སྐྱོང་ལས་དོན་སྤེལ་བའི་རྨང་གཞིའི་སྟེང་། སྡེ་ཁུལ་གྱིས་དོ་དམ་བྱས་པ་བརྒྱུད་གྲོང་མི་ཐད་ཀར་དུ་བརླན་སའི་སྲུང་སྐྱོང་ཁྲོད་ཞུགས་པར་སྣེ་ཁྲིད་བྱས་པ་དང་། སྲུང་སྐྱོང་སླར་གསོའི་རང་བཞིན་གྱི་རྣམ་གྲངས་ལག་བསྟར་དང་ཟུང་འབྲེལ་བྱས་ཏེ། བརླན་སའི་སྐྱེ་ཁམས་ཕན་ནུས་ཀྱི་ཁ་གསབ་རྣམ་གྲངས་སྤེལ་བས་བརླན་སའི་སྲུང་སྐྱོང་ཐད་གྲུབ་འབྲས་གཡུར་དུ་ཟ་བ་བླངས་ཡོད་ཅེས་བསྟན། ཤེས་གསལ་ལྟར་ན། 2016ལོོར་ནགས་ཕག་མཚོ་ཡིས་རྒྱལ་སྤྱིའི་གཙོ་གནད་བརླན་སའི་སྐྱེ་ཁམས་ཕན་ནུས་ཁ་གསབ་རྣམ་གྲངས་མགོ་བརྩམས་པ་དེ་ད་ལྟའི་བར་དུ་མ་དངུལ་སྒོར་ཁྲི3600བཏང་ནས། མཐའ་འཁོར་གྲོང་མི་ཚོའི་སྐྱེ་ཁམས་ཕན་ནུས་ཁ་གསབ་ལག་བསྟར་དོན་འཁྱོལ་བྱས་ལ། བརླན་ས་མུའུ་རེར་ལོ་རེའི་ཁ་གསབ་དངུལ་སྒོར280རེ་དང་། ཞིང་ས་མུའུ་རེར་ལོ་རེའི་ཁ་གསབ་དངུལ་སྒོར1500སྤྲོད་པས་བརླན་སའི་རྒྱ་ཁྱོན་སྤྱི་ཆིང666ཙམ་སླར་གསོ་བྱུང་ཡོད།

ནགས་ཕག་མཚོའི་སྐྱེ་ཁམས་ཁོར་ཡུག་རྒྱུན་མཐུད་ངང་ཇེ་ལེགས་སུ་ཕྱིན་པ་དང་བསྟུན། ཉེ་བའི་ལོ་ཤས་རིང་ནགས་ཕག་མཚོའི་དགུན་སྒྲོལ་དུས་བྱ་རིགས་ཀྱི་གྲངས་འབོར་རིམ་བཞིན་ཇེ་མང་དུ་ཕྱིན་པ་དང་། གཙོ་གནད་སྲུང་སྐྱོང་འདབ་ཆགས་ཁྲུང་ཁྲུང་སྐེ་ནག་གི་གྲངས་འབོར་རིམ་བཞིན་ཇེ་མང་དུ་སོང་ནས1984ལོའི་གྲངས་ཀ61ནས320ཙམ་ལ་སླེབས་ཡོད། མིག་སྔར། ནགས་ཕག་མཚོ་དེ་རྒྱལ་ནང་གི་ཁྲུང་ཁྲུང་ནག་པོ་རིགས་ཆེས་མང་ཞིང་ཆེས་གཅིག་བསྡུས་དང་ཆེས་གལ་ཆེན་ཡིན་པའི་དགུན་སྒྲོལ་གནས་དང་འཚོ་སྡོད་གནས་སུ་གྱུར་ཡོད་མ་ཟད། 2020ལོར་ནགས་ཕག་མཚོ་རུ་དབྱར་སྒྲོལ་པའི་འདབ་ཆགས་རིགས2000ཙམ་ལ་སླེབས་ཡོད་པ་རེད། །

རྩོམ་སྒྲིག་པ། : ལྷ་སྒྲོན་མཚོ།