ཀྲུང་གོ་བོད་ཀྱི་དྲ་བ།

བདེ་ཆེན་ནགས་ཚལ་མེ་འགོག་རུ་ཁག་གིས་མཐོ་སྒང་དུ་སྦྱོང་བརྡར་བྱས་པ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ལྷ་སྒྲོན་མཚོ་ཡིས་བསྒྱུར།   སྤེལ་དུས། : 2021-09-06
ཡིག་གཟུགས། :ཆུང་། འབྲིང་། ཆེ།

3.jpg

པར་འདི་ནི་སྦྱོང་བརྡར་ཡུལ་དངོས་རེད།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། བཀོད་འཐབ་པ་རྣམས་ཀྱི་འཕྲལ་བསྟུན་རོགས་སྐྱོབ་ནུས་པ་སྦྱོང་བརྡར་བྱས་ནས། དཔུང་ཁག་གི་ཕྱོགས་བསྡུས་རོགས་སྐྱོབ་ནུས་པ་ཆེ་རུ་གཏོང་ཆེད། ཉེ་ལམ་ཡུན་ནན་ཞིང་ཆེན་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་ནགས་ཚལ་མེ་འགོག་རུ་ཆེན་གྱིས་མཐོ་སྒང་དུ་སྦྱོང་བརྡར་བྱེད་པའི་གོ་སྐབས་བཟང་བོ་དམ་འཛིན་བྱས་པ་བརྒྱུད་སྦྱོང་བརྡར་གྱི་ཚ་རླབས་གསར་བ་ཞིག་འཕྱུར།

སྦྱོང་བརྡར་རུ་ཁག་ལ་རྒྱུན་ལྡན་གྱི་ཡན་ལག་རུ་ཁག་དང་མྱུར་རྒོལ་ཡན་ལག་རུ་ཁག་ཏུ་དགར་ཞིང་། རྒྱུན་ལྡན་ཡན་ལག་རུ་ཁག་གིས་གཙོ་བོ་མེ་གསོད་ལག་རྩལ་འཐབ་ཚུལ་གྱི་སྦྱོང་བརྡར་བྱས་པ་དང་། ནང་དོན་ལ་སྤྱི་ལེ་བཅུ་ཡི་ཕྱི་རོལ་རྒྱུག་འགྲན་དང་། དམིགས་བསལ་ས་དབྱིབས་ཀྱི་དུ་བའི་འབྱུང་གནས་ཐག་གཅོད། གནམ་གྲུ་འབབ་ས་གསར་འབྱེད། ཆུ་འཐེན་འཕྲུལ་འཁོར་འཛུགས་པ་དང་ཕྱིར་འཐེན། མཚན་མོར་ལམ་ཐིག་ལྟར་བསྐྱོད་རྒྱུ་བཅས་གཙོ་བོར་བཟུང་ཡོད། མྱུར་རྒོལ་ཡན་ལག་རུ་ཁག་གིས་གཙོ་བོ་རོགས་སྐྱོབ་ནུས་རྩལ་སྦྱོང་བརྡར་བྱེད་པ་དང་། ནང་དོན་ལ་བྱེ་གླིང་གི་རོགས་སྐྱོབ་དང་། བྲག་རི་གཡང་གཟར་གྱི་རོགས་སྐྱོབ། གྲུ་གཟིངས་མགོ་རྟིང་སློག་ན་རང་སྐྱོབ་བྱེད་ཚུལ། ཁོར་ཡུག་དོག་ཆུང་ནས་རོགས་སྐྱོབ་བྱེད་པ་བཅས་ཚུད་ཡོད། 

སྦྱོང་བརྡར་ཡུལ་དངོས་སུ་བཀོད་འཐབ་པ་ཚང་མས་སྦྱོང་བརྡར་གྱི་བརྩོན་སེམས་ཡག་པོ་བཅངས་ནས་རྣམ་པ་བཟང་པོ་བསྟན་པ་རེད། ། 

4.jpg

པར་འདི་ནི་སྦྱོང་བརྡར་ཡུལ་དངོས་རེད།

5.jpg

པར་འདི་ནི་སྦྱོང་བརྡར་ཁྲོད་ཆུ་འཐེན་འཕྲུལ་འཁོར་འཛུགས་བཞིན་པའི་ཚུལ་རེད།

6.jpg

པར་འདི་ནི་དོག་ཆུང་ཁོར་ཡུག་ཏུ་སྦྱོང་བརྡར་བྱེད་བཞིན་པའི་ཚུལ་རེད།

7.jpg

པར་འདི་ནི་སྦྱོང་བརྡར་ཡུལ་དངོས་རེད།

8.jpg

པར་འདི་ནི་མཚན་མོར་སྦྱོང་བརྡར་བྱེད་བཞིན་པའི་ཚུལ་རེད།

9.jpg

པར་འདི་ནི་སྦྱོང་བརྡར་ཡུལ་དངོས་རེད།

W020210903568923394691.jpg

པར་འདི་ནི་དམིགས་བསལ་ས་དབྱིབས་སུ་སྦྱོང་བརྡར་བྱེད་བཞིན་པའི་ཚུལ་རེད།

རྩོམ་སྒྲིག་པ། : ལྷ་སྒྲོན་མཚོ།