ཀྲུང་གོ་བོད་ཀྱི་དྲ་བ།

ཡུན་ནན་ཞིང་ཆེན་སྨན་བཅོས་འགན་སྲུང་ཅུའུ་ཡིས་ཕྲུ་གུ་གསུམ་སྐྱེས་ཆོག་པའི་བུ་བཙའི་འགན་བཅོལ་ཟླ5པའི་ཚེས31ཉིན་ནས་མགོ་བརྩམས་པའི་བརྡ་ཐོ་བཏང་།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཀླུ་འབུམ་ཚེ་རིང་གིས་བསྒྱུར།   སྤེལ་དུས། : 2021-09-06
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། གསར་འགོད་པས་ཡུན་ནན་ཞིང་ཆེན་སྨན་བཅོས་འགན་སྲུང་ཅུའུ་ནས་ཤེས་གསལ་ལྟར་ན། ཡུན་ནན་གྱི་འགན་བཅོལ་ནང་ཞུགས་པའི་ལས་བཟོ་བའི་སྲིད་ཇུས་དང་འཚམ་པའི་ཕྲུ་གུ་གསུམ་སྐྱེས་ཆོག་པའི་བུ་བཙའི་སྨན་བཅོས་འགྲོ་གྲོན་དང་བུ་བཙའི་ཁ་གསབ་སོགས་ཀྱི་འགྲོ་གྲོན་ཟླ5པའི་ཚེས31ཉིན་ནས་བཟུང་བུ་བཙའི་འགན་བཅོལ་གྱི་ཐོབ་ཐང་གཏོང་སྤྲོད་ཁྱབ་ཁོངས་ནང་བཅུག་པ་མ་ཟད། གཏན་འབེབས་ལྟར་དུས་ལྟར་དངུལ་གྲངས་ཆ་ཚང་སྤྲོད་དགོས།

ཡུན་ནན་ཞིང་ཆེན་སྨན་བཅོས་འགན་སྲུང་ཅུའུ་ཡིས་ཉིན་ཤས་སྔོན་ཁྱབ་བསྒྲགས་བྱས་པའི《ཕྲུ་གུ་གསུམ་གྱི་སྲིད་ཇུས་ལ་རྒྱབ་སྐྱོར་བྱེད་པའི་བུ་བཙའི་འགན་བཅོལ་ལས་དོན་ཡག་པོ་བསྒྲུབ་པའི་སྐོར་གྱི་བརྡ་ཐོའི》གཏན་འབེབས་ནང་། 2021ལོའི་ཟླ5པའི་ཚེས31ཉིན་ནས་བཟུང་འགན་བཅོལ་ནང་ཞུགས་པའི་ལས་བཟོ་བའི་སྲིད་ཇུས་དང་མཐུན་པའི་བུ་བཙའི་སྨན་བཅོས་འགྲོ་གྲོན་དང་བུ་བཙའི་ཁ་གསབ་སོགས་ཀྱི་འགྲོ་གྲོན་བུ་བཙའི་འགན་བཅོལ་གྱི་ཐོབ་ཐང་གཏོང་སྤྲོད་ཁྱབ་ཁོངས་ནང་བཅུག་ཡོད་པ་དང་། གཏན་འབེབས་གཞིར་བཟུང་དུས་ཐོག་ཏུ་དངུལ་གྲངས་ཆ་ཚང་སྤྲོད་པ། གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་འགན་བཅོལ་ནང་ཞུགས་མཁན་གྱིས་ཕྲུ་གུ་གསུམ་སྐྱེས་པའི་བུ་བཙའི་སྨན་བཅོས་འགྲོ་གྲོན་གྱི་སྨན་བཅོས་འགན་ལེན་གྱི་ཐོབ་ཐང་དུས་གཅིག་ཏུ་དོན་འཁྱོལ་བྱེད་པ། ཕྲུ་གུ་དམར་འབྱར་འགན་བཅོལ་ནང་ཞུགས་པའི་ལས་དོན་ལེགས་པོར་བསྒྲུབ་པ། སྤྱི་འདོམས་ཁུལ་གྱི་སྨན་བཅོས་འགན་བཅོལ་སྒྲུབ་གཉེར་སྒྲིག་གཞི་སོ་སོས་སྒྲུབ་གཉེར་གྱི་འགན་འཁྲི་ཏན་ཏིག་གིས་འཁུར་དགོས་པ། སྒྲུབ་གཉེར་གྱི་བརྒྱུད་རིམ་ཇེ་ལེགས་སུ་གཏོང་བ། ཐོབ་ཐང་དངོས་འབེེབད་དང་། གསབ་གཉེར། ཁ་གསབ་སོགས་སྒྲུབ་གཉེར་ལས་དོན་ཁག་དུས་ཐོག་ཏུ་ལེགས་པོར་བསྒྲུབས་དགོས། ལས་སྒྲུབ་མི་སྣར་གསོ་སྦྱོང་བྱེད་ཤུགས་ཆེ་རུ་གཏོང་བ་དང་། ལས་སྒོའི་ཆུ་ཚད་ཟམ་མི་ཆད་པར་མཐོ་རུ་གཏོང་བ། ཞབས་ཞུའི་སྤུས་ཚད་མཐོ་རུ་གཏོང་བ། ཕྲུ་གུ་གསུམ་སྐྱེས་པའི་བུ་བཙའི་འགན་བཅོལ་ཐོབ་ཐང་སྲིད་ཇུས་དོན་འཁྱོལ་ཐུབ་ཆེད་ནུས་པ་ལྡན་པའི་འགན་ལེན་བྱེད་པ། སྤྱི་འདོམས་ཁུལ་གྱི་སྨན་བཅོས་འགན་བཅོལ་སྡེ་ཁག་སོ་སོས་ཚད་མཐོའི་མཐོང་ཆེན་དང་དྲིལ་བསྒྲགས་བྱེད་ཤུགས་ཆེ་རུ་གཏོང་བ། གླེང་ཕྱོགས་ཀྱི་ཁྲིད་སྟོན་ཡང་དག་རྒྱུན་འཁྱོངས་བྱེད་པ། ཕྱོགས་གང་ཅིའི་སྟོབས་ཤུགས་ལ་ཧུར་ཐག་གིས་སྐུལ་སློང་བྱེད་པ། རླུང་འཕྲིན་དང་བརྙན་འཕྲིན། ཚགས་པར་དང་དུས་དེབ་སོགས་སྲོལ་རྒྱུན་སྨྱན་སྦྱོར་དང་སྐད་འཕྲིན་སྤྱི་རྟགས་སོགས་སྨྱན་སྦྱོར་གསར་བ་དང་། སྒྲུབ་གཉེར་སྒྲིག་གཞིའི་ཞབས་ཞུའི་ཚོམས་ཆེན་དང་གནས་གཏན་འཁེལ་གྱི་སྨན་བཅོས་སྒྲིག་གཞིའི་དྲིལ་བསྒྲགས་ལེ་ཚན་སོགས་ཚུད་ཡོད། ཕྲུ་གུ་གསུམ་སྐྱེས་པའི་བུ་བཙའི་སྨན་བཅོས་འགན་བཅོལ་སྲིད་ཇུས་ཡང་དག་བྱེད་པར་དྲིལ་བསྒྲགས་བྱེད་པ། མང་ཚོགས་ཀྱི་སྔོན་དཔག་ལ་ལུགས་མཐུན་གྱིས་ཁྲིད་སྟོན་བྱེད་པ། སྤྱི་ཚོགས་ཀྱི་དོ་ཁུར་ལ་དུས་ཐོག་ཏུ་ལན་སློག་པ་དང་། ཕྲུ་གུ་གསུམ་སྐྱེས་ཆོག་པའི་བུ་བཙའི་སྨན་བཅོས་འགན་ལེན་ལས་དོན་བརྟན་འཇགས་དང་གོ་རིམ་ལྡན་པའི་ངང་སྤེལ་བར་འགན་ལེན་བྱེད་དགོས་པའི་བླང་བྱ་བཏོན།

ཡུན་ནན་ཞིང་ཆེན་སྨན་བཅོས་འགན་སྲུང་ཅུའུ་ཡི་ཐོབ་ཐང་འགན་ལེན་ཁྲུའུ་ཡི་ཁྲུའུ་ཀྲང་ཅང་མིང་གིས་བཤད་རྒྱུར། སྤྱི་འདོམས་ཁུལ་སོ་སོས་ཕྲུ་གུ་གསུམ་གྱི་སྲིད་ཇུས་ལ་རྒྱབ་སྐྱོར་བྱེད་པའི་བུ་བཙའི་འགན་བཅོལ་ལས་དོན་ཡག་པོ་སྒྲུབ་སྐབས། གནད་དོན་གལ་ཆེན་ཐོན་ཚེ་ཞིང་ཆེན་སྨན་བཅོས་འགན་བཅོལ་ཅུའུ་ལ་དུས་ཐོག་ཏུ་སྙན་སེང་ཞུ་དགོས་ཞེས་བཤད་པ་རེད། །

རྩོམ་སྒྲིག་པ། : ཀླུ་འབུམ་ཚེ་རིང་།