ཀྲུང་གོ་བོད་ཀྱི་དྲ་བ།

“ལོ་ལྔའི་འཆར་གཞི་བཅུ་གསུམ་པའི”སྐབས་སུ་ཞིང་ཆེན་གྱིས་ཞིང་སྡེའི་གཞུང་ལམ་གསར་འཛུགས་དང་བསྐྱར་སྐྲུན་བྱས་པ་སྤྱི་ལེ་ཁྲི10.75ལ་སླེབས་པ།

ཡོང་ཁུངས། : མི་དམངས་དྲ་བ།   རྩོམ་པ་པོ། : རྡོ་རྗེ་བསམ་འགྲུབ་ཀྱིས་བསྒྱུར།   སྤེལ་དུས། : 2021-08-25
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། “ལོ་ལྔའི་འཆར་གཞི་བཅུ་གསུམ་པའི”སྐབས་སུ་ཡུན་ནན་ཞིང་ཆེན་གྱིས་མ་དངུལ་སྒོར་དུང་ཕྱུར1.15བཏང་ནས་ཕྱོགས་བསྡུས་འགྲིམ་འགྲུལ་རྨང་གཞི་སྒྲིག་ཆས་འཛུགས་སྐྲུན་ནུས་ཤུགས་ཇེ་ཆེར་བཏང་བ་དང་། གསར་དུ་བཙུགས་པའི་མྱུར་བགྲོད་གཞུང་ལམ་སྤྱི་ལེ5000དང་བསྐྱར་སྐྲུན་བྱས་པའི་སྤྱིར་བཏང་གི་རྒྱལ་ལམ་དང་ཞིང་ཆེན་རིམ་པའི་གཞུང་ལམ་སྤྱི་ལེ4992། ཞིང་སྡེའི་གཞུང་ལམ་གསར་འཛུགས་དང་བསྐྱར་སྐྲུན་བྱས་པ་སྤྱི་ལེ་ཁྲི10.75བཅས་ལ་སླེབས་ནས་ལམ་དྲ་མུ་མཐུད་དུ་འཐུས་ཚང་དུ་བཏང་ཞིང་གཞུང་ལམ་བདག་སྐྱོང་དོ་དམ་ཆུ་ཚད་ཕྱོགས་ཡོངས་ནས་མཐོར་འདེགས་སུ་བཏང་། ཉེ་ལམ། འགྲིམ་འགྲུལ་སྐྱེལ་འདྲེན་པུའུ་ཡིས་བསྒྲགས་པའི“ལོ་ལྔའི་འཆར་གཞི་བཅུ་གསུམ་པའི”སྐབས་སུ་རྒྱལ་ཡོངས་ཀྱི་གཞུང་ལམ་མ་ལམ་བདག་སྐྱོང་དོ་དམ་དཔྱད་འཇོག་གནས་ཚུལ་གྱི་བརྡ་ཁྱབ་ཁྲོད། ཡུན་ནན་གྱི་ཕྱོགས་བསྡུས་དཔྱད་འཇོག་དེ་ཞིང་ཆེན་དང་རང་སྐྱོང་ལྗོངས་ཀྱི་ཁྲོད་ཨང15བར་ཚུད་པ་དང་། རྒྱལ་ཡོངས་ཀྱི་སྔོན་ཐོན་ལས་ཁུངས་སུ་བདམས་ཡོད། །

རྩོམ་སྒྲིག་པ། : རྡོ་རྗེ་བསམ་འགྲུབ།